དབུ་ཤོག>སྲིད་དོན།
  • ཝང་ཝུའེ་ཏུང་བོད་སྐྱོར་ལས་བྱེད་པ་ཁག་དགུ་པ་དང་བཅུ་པའི་ལས་དོན་རྩིས་སྤྲོད་རྩིས་ལེན་གྱི་བཞུགས་མོལ་ཚོགས་འདུར་ཕེབས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-08-08

    ཉེ་ཆར། རང་སྐྱོང་ལྗོངས་སྒྲིག་ཨུད་དང་ལྟ་ཞིབ་ཨུ་ལྷན་ལས་ཁུངས་ཀྱིས་བོད་སྐྱོར་ལས་བྱེད་པ་ཁག་དགུ་པ་དང་བཅུ་པའི་ལས་དོན་རྩིས་སྤྲོད་རྩིས་ལེན་གྱི་བཞུགས་མོལ་ཚོགས་འདུ་འཚོགས་ནས་ལས་འགན་འཁུར་བའི་གཏན་འབེབས་ཁྱབ་བསྒྲགས་བྱས་པ་དང་། བོད་སྐྱོར་ལས་བྱེད་པས་གཏམ་བཤད་སྤེལ་བ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། སྒྲིག་ཨུད་ཀྱི་ཧྲུའུ་ཅི། ལྟ་ཞིབ་ཨུ་ལྷན་གྱི་ཀྲུའུ་རེན་བཅས་ཡིན་པའི་ཝང་ཝུའེ་ཏུང་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

    ཝང་ཝུའེ་ཏུང་གིས། ལོ་གསུམ་རིང་བོད་སྐྱོར་ལས་བྱེད་པ་ཁག་དགུ་པས་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུའི་སྐོར་གྱི་རྣམ་བཤད་གལ་ཆེན་བཅས་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་པ་དང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་དང་བདུན་པ་དང་། སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཚང་འཛོམས་གྲོས་ཚོགས་ཐེངས་རིམ་བྱུང་། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་བཅས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་པ། ཆབ་སྲིད་ལ་སྣང་ཆེན་གྱིས་ལག་ལེན་ལ་ལྷག་བསམ་རྣམ་དག་བྱེད་པ་དང་། འགན་འཁྲི་འཁུར་ཤུགས་ཆེ་རུ་བཏང་ནས་བྱས་རྗེས་འཇོག་ཕོད་པར་བྱེད་པ། སྤྱོད་ཚུལ་ནན་ཏུ་བཏང་ནས་གཟུགས་བརྙན་གཏོད་པ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་།“གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་ཀྱི་ཆབ་སྲིད་ཀྱི་རང་རྟོགས་ལ་བརྟེན་ནས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལས་དོན་ལ་སྐུལ་འདེད་གཏིང་ཟབ་གཏོང་བའི་ཁྲོད་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་སྟེ་བོད་ཀྱི་ལས་བྱེད་པ་དང་མཉམ་དུ་བོད་ཀྱི་སྒྲིག་བཤེར་ལྟ་ཞིབ་ལས་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་བརྩམས་ནས་ས་མཐོར་གཞི་ཚུགས་པ་དང་བོད་ལ་བྱས་རྗེས་འཇོག་པའི་སྙིང་སྟོབས་མངོན་པར་བྱས་ཡོད་ཅེས་གསུངས་པ་རེད།

    ཝང་ཝུའེ་ཏུང་གིས་རྒྱང་ལམ་གསར་པར་བོད་ཀྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལས་དོན་གྱི་དུས་བབ་སྔར་བཞིན་ཛ་དྲག་ལ་རྙོག་འཛིང་ཆེ་བ་དང་ལས་འགན་སྔར་བཞིན་དཀའ་ཚེགས་ཆེ་ལ་ལྗིད་རྫོབ་ཆེ་བ་ཞིག་ཡོད། རང་སྐྱོང་ལྗོངས་སྒྲིག་ཨུད་རྒྱུན་ལས་ཨུ་ལྷན་གྱིས་བོད་སྐྱོར་ལས་བྱེད་པ་ཁག་བཅུ་པར་ལས་འགན་གལ་ཆེན་འཁུར་དུ་འཇུག་པ་དང་རེ་བ་ཟབ་མོ་བཅོལ་ཡོད། རེ་བར་ཚང་མས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་བཀོད་སྒྲིག་གལ་ཆེན་ལག་བསྟར་ནན་ཏན་བྱེད་པ་དང་། ཀྲུང་དབྱང་སྒྲིག་ཨུད་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུའི་སྐོར་གྱི་ལས་དོན་བཀོད་སྒྲིག་དོན་འཁྱོལ་གཏིང་ཟབ་བྱས་ནས་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་ངེས་པ་དང་བོད་སྐྱོར་སྙིང་སྟོབས་དར་སྤེལ་བཏང་སྟེ་བསམ་བློའི་གོ་རྟོགས་དེ་བས་མཐོ་བ་དང་། འགན་འཁྲི་འཁུར་སེམས་དེ་བས་ཆེ་བ། བྱས་རྗེས་དེ་བས་ཆེ་བ་འཇོག་པ་བཅས་ཀྱི་ཐོག་ནས་བོད་ཀྱི་སྒྲིག་བཤེར་ལྟ་ཞིབ་ལས་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས་ཞེས་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།