དབུ་ཤོག>སྲིད་དོན།
  • ཁྲེན་ཡུང་ཆིས་ཀྲུང་གོ་ལྕགས་ལམ་ལས་དོན་ཚོགས་ཆུང་བཅས་པ་དང་བཞུགས་མོལ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-08-05

     ཉེ་ཆར། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཁྲེན་ཡུང་ཆིས་ལྷ་སར་ཀྲུང་གོ་ལྕགས་ལམ་མ་རྐང་ཚད་ཡོད་ཀུང་སིའི་ཏང་ཨུད་ཀྱི་རྒྱུན་ཨུ་ཙུང་ཚའེ་གཞོན་པ་ལིའུ་པའོ་ལུང་གིས་སྣེ་ཁྲིད་པའི་བོད་སྐྱོད་ལས་དོན་ཚོགས་ཆུང་དང་བཞུགས་མོལ་གནང་བ་རེད།

    ཁྲེན་ཡུང་ཆིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་། ཧྲུའུ་ཅི་ཝང་ཅུན་ཀྲེང་དང་ཀྲུའུ་ཞི་ཡན་ཅིན་ཧའེ་ཡི་ཚབ་ཞུས་ཏེ། ལས་དོན་ཚོགས་ཆུང་དང་བཅས་པ་བོད་དུ་མཉམ་ལས་གཏིང་ཟབ་སྤེལ་བར་ཡོང་བར་དགའ་བསུ་ཞུས་པ་དང་སྦྲགས། ཀྲུང་གོ་ལྕགས་ལམ་མ་རྐང་ཚད་ཡོད་ཀུང་སིས་དུས་ཡུན་རིང་པོའི་ནང་བོད་ཀྱི་འཛུགས་སྐྲུན་ལ་རྒྱབ་སྐྱོར་དང་ལེགས་སྐྱེས་ཕུལ་བར་ཐུགས་རྗེ་ཆེ་ཡང་ཞུས་པ་རེད།

    ཁྲེན་ཡུང་ཆིས། ཀྲུང་གོ་ལྕགས་ལམ་ཀུང་སིའི་ལག་རྩལ་གྱི་སྟོབས་ཤུགས་ཆེ་བ་དང་སྤྱི་ཚོགས་ཀྱི་འགན་འཁྲི་འཁུར་སེམས་ཆེ་བས། སྔ་རྗེས་སུ་རང་ལྗོངས་ཀྱི་རྨང་གཞིའི་སྒྲིག་བཀོད་རྣམ་གྲངས་གལ་ཆེན་འཛུགས་སྐྲུན་མང་པོར་ཞུགས་ནས་ཕྱོགས་གཉིས་པོས་མཉམ་ལས་ཀྱི་འབྲེལ་བ་བཟང་པོ་བཙུགས་ཡོད། ཀྲུང་གོ་ལྕགས་ལམ་ཀུང་སིས་རང་ངོས་ཀྱི་སྤུས་རྟགས་དང་། ཤེས་ལྡན་མི་སྣ། ལག་རྩལ། མ་དངུལ་བཅས་ཀྱི་ལེགས་ཆ་དང་དེ་བཞིན་རྣམ་གྲངས་ཀྱི་མ་འཇོག་དང་མ་དངུལ་བསྡུ་སྒྲིལ་དང་གཉེར་སྐྱོང་དོ་དམ་གྱི་ཕུན་སུམ་ཚོགས་པའི་ཉམས་མྱོང་འདོན་སྤེལ་གང་ལེགས་བྱས་ཏེ། བོད་ལ་མ་དངུལ་གཏོང་ཤུགས་སྔར་བས་ཆེ་རུ་བཏང་ནས་ཕྱོགས་གཉིས་པོའི་ཡུན་རིང་གི་འཐབ་ཇུས་མཉམ་ལས་གཏིང་ཟབ་ཏུ་གཏོང་རྒྱུའི་རེ་བ་ཡོད། བོད་རང་སྐྱོང་ལྗོངས་ཀྱིས་ཕྱོགས་གཉིས་པོའི་མཉམ་ལས་ཀྱི་རྨང་གཞི་བཟང་པོར་གཞི་ཚུགས་པ་དང་། འབྲེལ་གཏུག་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ། སྤུས་ལེགས་ནུས་ཆེའི་ཞབས་འདེགས་ཞུ་བ་བཅས་བྱས་ནས་ཀྲུང་གོ་ལྕགས་ལམ་གྱིས་མུ་མཐུད་བོད་ལ་མ་དངུལ་བཏང་ནས་བྱ་གཞག་གཏོད་པར་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།

    ལིའུ་པའོ་ལུང་གིས་བོད་རང་སྐྱོང་ལྗོངས་ཀྱིས་ཀྲུང་གོ་ལྕགས་ལམ་ཀུང་སིས་བོད་དུ་མཉམ་ལས་སྤེལ་རེས་བྱས་པར་རྒྱབ་སྐྱོར་ཤུགས་ཆེན་གནང་བར་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་གིས། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་བཟང་བ་དང་། གཙོ་གནད་ལས་གྲྭའི་རྣམ་གྲངས་ལ་སྐུལ་འདེད་བདེ་བླག་བྱུང་བ། ཚོང་གཉེར་ཁོར་ཡུག་ཟམ་མི་ཆད་པར་ལེགས་སུ་ཕྱིན་པ་བཅས་ཡོད་པས། འབྱུང་འགྱུར་ལ་དེ་བས་ཆེ་བའི་སྒུལ་ཤུགས་དང་གསོན་ཤུགས་འཕེལ་ནས་ཀྲུང་གོ་ལྕགས་ལམ་ཀུང་སིས་བོད་དུ་ལས་སྒོ་གཉེར་རྒྱུར་དེ་བས་ཆེ་བའི་མཉམ་ལས་ཀྱི་བར་མཐོངས་དང་དེ་བས་མང་བའི་འཕེལ་རྒྱས་ཀྱི་གོ་སྐབས་ཐོབ་ངེས་རེད། ཀྲུང་གོ་ལྕགས་ལམ་ཀུང་སིས་སྔར་རྒྱུན་བཞིན་བོད་ཀྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་ནས་འགྲིམ་འགྲུལ་དང་། ཆུ་བེད། ཁོར་ཡུག་སྲུང་སྐྱོང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སོགས་ཀྱི་ལེགས་ཆའི་ཁྱབ་ཁོངས་ལ་དམིགས་ཏེ། དེ་བས་མང་བ་དང་དེ་བས་ཁ་ཡོད་ལག་ཡོད་ཀྱི་མཉམ་ལས་ཀྱི་གྲུབ་འབྲས་ཐོབ་པའི་བརྩོན་ལེན་བྱས་ནས། བོད་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱེད་པའི་ཁྲོད་ཀྲུང་དབྱང་ཁེ་ལས་ཀྱི་འགན་འཁྲི་འཁུར་སེམས་མངོན་པར་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།