རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས་ཞེ་གཅིག་པ་འཚོག་རིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་གྱིས་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུར་ཟུར་ཞུགས་གནང་བའི་ས་ཁུལ(གྲོང་ཁྱེར)དང་རྫོང(ཆུས)མི་དམངས་འཐུས་ཚོགས་ཀྱི་འགན་འཁུར་བློ་མཐུན་དང་བཞུགས་མོལ་གནང་བ་རེད།
རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་འོད་ཟེར་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཝང་ཅུན་གྱིས་ལྷན་དུ་བཞུགས་མོལ་གནང་བ་རེད།
ཚོགས་འདུའི་ཐོག་ལྷ་ས་དང་། ལྷོ་ཁ། ནག་ཆུ་བཅས་གྲོང་ཁྱེར་དང་དེ་བཞིན་བསམ་གྲུབ་རྩེ་དང་། རྒྱལ་རྩེ། ཀོང་པོ་རྒྱ་མདའ། བྲག་གཡབ། སྤུ་ཧྲེང་སོགས་རྫོང(ཆུས)ནས་ཡོང་བའི་མི་དམངས་འཐུས་ཚོགས་ཀྱི་འགན་འཁུར་བློ་མཐུན་8ཀྱིས་ལས་ཀའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། དུས་རབས་གསར་པའི་མི་དམངས་འཐུས་ཚོགས་ལས་དོན་གྱི་ཉམས་མྱོང་དང་བྱེད་སྟངས་ལྷུག་པོར་གླེང་བ་རེད། ཚང་མའི་གཏམ་བཤད་གསན་རྗེས་བློ་བཟང་རྒྱལ་མཚན་གྱིས། ཚང་མའི་གཏམ་བཤད་ནང་ཏང་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་བླང་བྱ་ལག་བསྟར་གཏིང་ཟབ་བྱས་པ་དང་། ངོས་འཛིན་ཡོད་པ་དང་། མྱོང་ཚོར་ཡོད་པ། གནས་ཚུལ་ཡོད་པ། དོན་དག་ཡོད་པ་བཅས་འདུག་པས་འབྲེལ་ཡོད་སྡེ་ཚན་གྱིས་ལེགས་སྒྲིག་དང་ཕྱོགས་སྡོམ་ནན་ཏན་བྱས་ཏེ་སྔར་བས་ཞིབ་འཇུག་དང་དོན་འཁྱོལ་བྱེད་དགོས་ཞེས་གསུངས་པ་རེད།
བློ་བཟང་རྒྱལ་མཚན་གྱིས། ལྗོངས་ཡོངས་ཀྱི་རིམ་ཁག་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ལྷན་གྱིས་ལས་དོན་གྱི་འཇུག་སྒོ་དང་། ཤུགས་རྒྱག་ས། ཟུང་འབྲེལ་བྱེད་ས་བཅས་གནད་ལ་འཁེལ་པོས་བཙལ་ནས་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྒྱུད་རིམ་དེ་དྲང་སྲུང་གསར་གཏོད་དང་། ཚད་གཞི་དང་ཡང་ཡང་བསྡུར་བ། སྤུས་ཚད་མཐོར་གཏོང་དང་ཕན་འབྲས་ཆེར་གཏོང་། ཁྲིམས་ལྟར་འགན་འཁྲི་སྒྲུབ་པ་བཅས་ཀྱི་བརྒྱུད་རིམ་དུ་བསྒྱུར་ཏེ། དེ་བས་ལེགས་པའི་སྒོ་ནས་ཏང་དང་མི་དམངས་ཀྱི་ཆེད་དུ་རང་འགན་གཙང་སྒྲུབ་བྱེད་དགོས། ཏང་གིས་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། “འཛུགས་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞིར”དམ་པོར་དམིགས་ཏེ་མི་དམངས་འཐུས་ཚོགས་ཀྱི་འགན་ནུས་སྒྲུབ་དགོས། དུས་དང་རྣམ་པ་ཀུན་ཏུ་ཏང་གིས་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱེད་པའི་ཐད་ཁ་གསལ་ཡིན་པ་དང་། ལྷོད་གཡེང་མེད་པ། གཡོ་འགུལ་མེད་པ་བཅས་བྱེད་པ་དང་། དུས་དང་རྣམ་པ་ཀུན་ཏུ་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པའི་ཐད་ཁ་གསལ་ཡིན་པ་དང་། ལྷོད་གཡེང་མེད་པ། གཡོ་འགུལ་མེད་པ་བཅས་བྱེད་པ། དུས་དང་རྣམ་པ་ཀུན་ཏུ་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ་དང་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་སྐྲུན་པའི་ཐད་ཁ་གསལ་ཡིན་པ་དང་། ལྷོད་གཡེང་མེད་པ། གཡོ་འགུལ་མེད་པ་བཅས་བྱེད་དགོས། འཐུས་མིའི་ལས་དོན་ཡག་པོ་བསྒྲུབས་ནས་འཐུས་མིས་འགན་འཁྲི་འཁུར་བ་དང་བྱས་རྗེས་འཇོག་པའི་འགན་ལེན་དང་ཁྲིད་སྟོན་བྱས་ཏེ། མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་དེ་བས་ལེགས་པའི་སྒོ་ནས་མི་དམངས་མང་ཚོགས་ཀྱི་ཚབ་བྱེད་ཐུབ་པར་བྱེད་དགོས། “ལས་ཁུངས་བཞིའི”བླང་བྱ་ལྟར་མི་དམངས་འཐུས་ཚོགས་ཀྱི་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་ནས། ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པོ་དང་། མི་དམངས་ལ་ཞབས་འདེགས། ཁྲིམས་སྐྱོང་ལ་བརྩི་འཇོག དམངས་གཙོ་དར་སྤེལ། རང་འགན་གཙང་སྒྲུབ་བཅས་ཀྱི་མི་དམངས་འཐུས་ཚོགས་ཀྱི་ལས་བྱེད་པའི་དཔུང་ཁག་ཅིག་གཏོད་དགོས།