ཟླ་7ཚེས་31ཉིན་གྱི་དགོང་མོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་བོད་དམག་ཁུལ་ཁང་གི་ཏང་ཨུད་ཀྱི་ཧྲུའུ་ཅི་དང་པོ་ཝང་ཅུན་ཀྲེང་གིས“འབད་འབུངས་མདུན་སྐྱོད་ཀྱིས་རྒྱལ་སྲུང་མཐའ་སྲུང་བྱས་པའི་ལོ་ངོ་70”ཞེས་པའི་གྲུབ་འབྲས་འགྲེམས་སྟོན་ལ་གཟིགས་སྐོར་གནང་བ་དང་། བཅིངས་འགྲོལ་དམག་བཙུགས་ནས་ལོ་ངོ་95འཁོར་བ་དང་བོད་དམག་ཁུལ་ཁང་བཙུགས་ནས་ལོ་ངོ་70འཁོར་བའི་བརྗོད་དོན་གཙོ་བོའི་མཚན་ཚོགས་ལ་གཟིགས་ཤིང་། འདི་ནི་ཝང་ཅུན་ཀྲེང་གིས“འབད་འབུངས་མདུན་སྐྱོད་ཀྱིས་རྒྱལ་སྲུང་མཐའ་སྲུང་བྱས་པའི་ལོ་ངོ་70”ཞེས་པའི་གྲུབ་འབྲས་འགྲེམས་སྟོན་ལ་གཟིགས་བཞིན་པ།
◆ “ལམ་གཉིས”ཀྱི་སྙིང་སྟོབས་དང་བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་གཏོང་བ་དང་། ཏང་གི་གཟི་བརྗིད་སྲོལ་རྒྱུན་དང་སྤྱོད་ཚུལ་བཟང་པོར་བརྟེན་ནས་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་གྱི་ལེའུ་གསར་པ་ནུས་ཤུགས་ཡོད་རྒུས་རྩོམ་དགོས།
ཟླ་7ཚེས་31ཉིན་གྱི་དགོང་མོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་བོད་དམག་ཁུལ་ཁང་གི་ཏང་ཨུད་ཀྱི་ཧྲུའུ་ཅི་དང་པོ་ཝང་ཅུན་ཀྲེང་གིས“འབད་འབུངས་མདུན་སྐྱོད་ཀྱིས་རྒྱལ་སྲུང་མཐའ་སྲུང་བྱས་པའི་ལོ་ངོ་70”ཞེས་པའི་གྲུབ་འབྲས་འགྲེམས་སྟོན་ལ་གཟིགས་སྐོར་གནང་བ་དང་། བཅིངས་འགྲོལ་དམག་བཙུགས་ནས་ལོ་ངོ་95འཁོར་བ་དང་བོད་དམག་ཁུལ་ཁང་བཙུགས་ནས་ལོ་ངོ་70འཁོར་བའི་བརྗོད་དོན་གཙོ་བོའི་མཚན་ཚོགས་ལ་གཟིགས་སྐབས། “ལམ་གཉིས”ཀྱི་སྙིང་སྟོབས་དང་བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་ཤུགས་ཆེན་གཏོང་བ་དང་། གསར་བརྗེའི་ས་བོན་དང་གསར་བརྗེའི་མེ་སྟག་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད་པ། ཏང་གི་གཟི་བརྗིད་སྲོལ་རྒྱུན་དང་སྤྱོད་ཚུལ་བཟང་པོར་བརྟེན་ནས་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་བ་བཅས་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་གྱི་ལེའུ་གསར་པ་ནུས་ཤུགས་ཡོད་རྒུས་རྩོམ་དགོས་པ་དང་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས་ཞེས་ནན་བཤད་གནང་བ་རེད།
ཀྲོང་ཡན་དང་། ཝང་ཁའེ། ཡིང་ཧུང་ཤིང་། ལིའུ་ཅང་། ཟླ་བ་ཚེ་རིང་སོགས་རང་སྐྱོང་ལྗོངས་ཀྱི་ཞིང་ཆེན་དང་ཅུན་རིམ་པའི་འགོ་ཁྲིད་ཞུགས་པ་རེད།
ཝང་ཅུན་ཀྲེང་གིས། ལོ་ངོ་70ཡི་རིང་བོད་དམག་ཁུལ་ཁང་གིས་ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ལག་ལེན་མཐའ་གཅིག་ཏུ་བསྟར་ནས། ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲང་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ཀྱི་བླང་བྱ་དང་བྱ་སྤྱོད་ཀྱི་ཚད་གཞི་མཐོ་ཤོས་སུ་བརྩིས་ཏེ། བོད་ལ་བཅིངས་འགྲོལ་གཏོང་བར་ཡོང་བ་དང་། དྲག་པོའི་ངོ་ལོག་ཟིང་འཁྲུག་ཞོད་འཇགས་སུ་གཏོང་བ། མེས་རྒྱལ་གྱི་མཐའ་མཚམས་སྲུང་སྐྱོང་བྱེད་པ་བཅས་ཀྱི་ཁྲོད་ཁྲག་དྲོན་དང་ཚེ་སྲོག་ལ་བརྟེན་ནས“ལམ་གཉིས”ཀྱི་སྙིང་སྟོབས་དང་བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་བཏོད་ཡོད། དམག་ཁུལ་ཁང་གི་དཔུང་སྡེའི་དཔོན་དམག་མི་རབས་མང་པོས་ཏང་དང་། མེས་རྒྱལ། མི་དམངས་བཅས་ལ་བསམ་པ་རྣམ་དག་བྱས་ཏེ། གངས་ལྗོངས་ས་མཐོར་གཞི་ཚུགས་པ་དང་རྒྱལ་སྲུང་མཐའ་སྲུང་རྣམ་དག་བྱས་ནས་ལོ་རྒྱུས་དེབ་ཐེར་ཐོག་ནམ་ཡང་གསལ་པོར་འཁོད་པའི་འོད་སྟོང་འཕྲོ་བའི་བྱས་རྗེས་བཏོད་ཡོད་ཅེས་བསྟན་གནང་བ་རེད།
ཝང་ཅུན་ཀྲེང་གིས། རྒྱ་ཆེའི་དཔོན་དམག་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང“ས་མཐོའི་མཐའ་སྲུང་དཔེ་བཟང་ཡིང་ཤོག”གི་དཔོན་དམག་ཡོངས་ལ་སྤྲིངས་པའི་འཕྲིན་ལན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་གོ་བ་གཏིང་ཟབ་བླངས་ནས། “འདུ་ཤེས་བཞི”རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱེད་དགོས། གསར་བརྗེའི་ཐོན་ཁུངས་གང་ལེགས་སྤྱོད་པ་དང་། གསར་བརྗེའི་ས་བོན་རྒྱུན་འཛིན་བྱེད་པ། གསར་བརྗེའི་ཁྲག་རྒྱུན་མུ་མཐུད་རྒྱུན་འཛིན་བཅས་བྱས་ཏེ། གསར་བརྗེའི་ས་བོན་དང་གསར་བརྗེའི་མེ་སྟག་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱས་ནས། རྒྱལ་སྲུང་མཐའ་སྲུང་གི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་རིང་དེའི་དུས་རབས་ཀྱི་ཁྱད་ཆོས་དང་དུས་རབས་ཀྱི་ནང་དོན་སྣོན་དགོས། ལྗོངས་ཡོངས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ལ་ལོ་རྒྱུས་བློ་ལ་བརྟན་པོར་ངེས་པ་དང་སྔོན་གཤེགས་དཔའ་བོར་རྗེས་དྲན་ཞུ་བའི་སློབ་གསོ་ཁྲིད་སྟོན་བྱེད་དགོས་པ་དང་། མི་དམངས་དམག་དཔུང་གི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ལམ་བུ་དང་། གཟེངས་སུ་ཐོན་པའི་བྱས་རྗེས། སྲོལ་རྒྱུན་བཟང་པོ་བཅས་ལས་ལྗོངས་ཡོངས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ལ་སྐུལ་མ་གཏོང་དགོས་པ། བརྟན་སྲུང་མཐའ་སྲུང་གི་ལོ་རྒྱུས་ཁྲོད་མདུན་སྐྱོད་ཀྱི་སྟོབས་ཤུགས་རང་རྟོགས་ངང་གཅིག་ཏུ་བསྒྲིལ་ནས། མཐའ་སྐྱོང་བོད་བརྟན་གྱི་ལག་ལེན་རླབས་པོ་ཆེའི་ནང་ཧུར་ཐག་ཞུགས་དགོས་པའི་ནན་བཤད་གནང་བ་རེད།
གཟིགས་སྐོར་མཇུག་འགྲིལ་རྗེས། ཝང་ཅུན་ཀྲེང་གིས《གངས་ལྗོངས་ཀྱི་དཔོན་དམག་ཚོ། མདུན་དུ་སྐྱོད་ཅིག》ཅེས་པའི་བརྗོད་དོན་གཙོ་བོའི་མཚན་ཚོགས་ལ་གཟིགས་པ་རེད། “དར་དམར་རི་བོ་ཧི་མ་ལ་ཡར་འཛུགས་རྒྱུའི་དམ་བཅའ་བརྟན་པོར་འཇོག”ཅེས་པའི་འགོ་ཚུགས་འཁྲབ་ཚན་ནས་མཚན་ཚོགས་དངོས་སུ་འགོ་ཚུགས་ཏེ། ཟིལ་རླབས་དགུང་དུ་འཕྱུར་བའི་ལོ་རྒྱུས་ཀྱི་ཤོག་དྲིལ་རི་མོ་རིམ་གྱིས་འབྱེད་འགོ་ཚུགས་ཡོད། “གུང་ཁྲན་ཏང་ཕེབས་ནས་སྡུག་བསྔལ་བདེ་ལ་འཁོད”དང“བདེ་སྐྱིད་མེ་ཏོག་བོད་ལྗོངས་ཡོངས་སུ་བཞད”ནས“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས་སེམས་གཏིང་ལ་འཇགས”དང“དམག་དཔུང་སྟོབས་ཆེའི་ལམ་བུའི་ཐོག་དུས་རབས་གསར་པའི་གཟི་བརྗིད་གཏོད་པར་བརྩོན”ཞེས་པའི་བར་ཁྱོན་ལེའུ་6དང་ལེ་ཚན་ཁག་16དང་། སྙན་འཇེབས་ལྡན་པའི་རོལ་དབྱངས་དུ་མ། དཔའ་སྟོབས་རབ་ཏུ་རྒྱས་པའི་རྣམ་པ་དུ་མ་བཅས་ལས་རྒྱ་ཆེའི་དཔོན་དམག་ཚོའི་རྒྱལ་གཅེས་དང་དམག་དཔུང་སྟོབས་ཆེར་གཏོང་བའི་བློ་སྟོབས་དང་དམག་དམངས་དབར་གྱི་ཉ་ཆུ་ལྟ་བུའི་བརྩེ་སེམས་ཟབ་མོ་གཅིག་སྡུད་ཐོག་མངོན་པ་དང་། གངས་ལྗོངས་ས་མཐོར་གཞིས་ཚུགས་པ་དང་། བློ་བརྟན་འགྱུར་མེད་ངང་འབད་འཐབ་ཀྱིས་དམག་དཔུང་སྟོབས་ཆེར་གཏོང་བ། རྒྱལ་སྲུང་མཐའ་སྲུང་རྣམ་དག་བྱེད་པ་བཅས་ཀྱི་སྤྲོ་སེམས་ཆེན་པོ་གང་ལེགས་མངོན་པ། ཏང་དང་མི་དམངས་ཆེད་སླར་ཡང་བྱས་རྗེས་གསར་པ་འཇོག་པ་དང་ཕུལ་བྱུང་གྲུབ་འབྲས་ཐོག་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་བའི་ཡིད་ཆེས་དང་ཆོད་སེམས་བརྟན་པོ་གང་ལེགས་མངོན་པ་བཅས་བྱས་ཡོད།