དབུ་ཤོག>སྲིད་དོན།
  • རང་སྐྱོང་ལྗོངས་ཟོག་འགྲེམས་ཤར་གཏོང་འགན་ལེན་ལས་དོན་འགོ་ཁྲིད་ཚོགས་ཆུང་གིས་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-07-26

    ཟླ་7ཚེས་22ཉིན་གྱི་ཕྱི་དྲོ། རྒྱལ་སྲིད་སྤྱི་ཁྱབ་ཁང་ཟོག་འགྲེམས་ཤར་གཏོང་འགན་ལེན་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་སྤྱི་ཁྱབ་བཀོད་འདོམས་པའི(ཚང་འཛོམས)བཀོད་གཏོང་ཚོགས་འདུ་ཐེངས་4པ་བརྙན་ལམ་རྣམ་པའི་ཐོག་ནས་འཚོགས་ཤིང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཁྲེན་ཡུང་ཆི་རང་ལྗོངས་ཀྱི་ཡན་ལག་ཚོགས་རར་ཚོགས་འདུར་ཞུགས་པ་རེད། ཚོགས་འདུ་གྲོལ་རྗེས། ཁྲེན་ཡུང་ཆིས་འཕྲལ་དུ་ཚོགས་འདུ་གཙོ་སྐྱོང་གནང་ནས་རང་ལྗོངས་ཀྱི་འབྲེལ་ཡོད་ལས་དོན་བཀོད་སྒྲིག་གནང་བ་རེད།

    ཁྲེན་ཡུང་ཆིས། ངོས་འཛིན་སྔར་བས་མཐོ་རུ་བཏང་ནས་ལྷོད་གཡེང་གཏན་ནས་བྱེད་མི་རུང་། “རིམས་ནད་སྔོན་འགོག་ཐུབ་པ་དང་། དཔལ་འབྱོར་བརྟན་པོ་ཡོང་བ། འཕེལ་རྒྱས་བདེ་འཇགས་ཡོང་བ”བཅས་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་བླང་བྱ་སློབ་སྦྱོང་དང་ལག་ལེན་ནན་ཏན་བྱེད་དགོས་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དང་དེ་བཞིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཟོག་འགྲེམས་ཤར་གཏོང་འགན་ལེན་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་རིམ་བྱུང་གི་བླང་བྱ་ལྟར། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་དང་རིམས་ནད་སྔོན་འགོག་ཚོད་འཛིན་དང་ཟོག་འགྲེམས་ཤར་གཏོང་འགན་ལེན་ལ་སྤྱི་འདོམས་བྱས་ཏེ་རྒྱལ་ཡོངས་བསམ་ཇུས་གཅིག་གི་བསམ་བློ་འཛུགས་པ་དང་། ཟོག་འགྲེམས་ཤར་གཏོང་ཡོང་བའི་འགན་ལེན་ཏན་ཏིག་བྱེད་པ། ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་བདེ་འཇགས་དང་བརྟན་པོ་ཡོང་བའི་འགན་ལེན་ཏན་ཏིག་བྱེད་པ། ཤར་གཏོང་མེད་པའི་གནད་དོན་མ་ཐོན་སྔོན་འགོག་མཐའ་གཅིག་ཏུ་བྱེད་པ། རྒྱུན་ལྡན་གྱི་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་སྲུང་སྐྱོང་བཅས་བྱས་ནས་དཔལ་འབྱོར་བརྟན་པོའི་ངང་འཕར་རྒྱུར་འགན་ལེན་བརྟན་པོ་བྱེད་དགོས། ཟོག་འགྲེམས་ཤར་གཏོང་འགན་ལེན་གྱི་བྱ་ཐབས་ཁག་ཆད་ལུས་མེད་པར་ལག་བསྟར་ནན་པོ་བྱེད་དགོས། རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་འགོག་མཉམ་བཅོས་ལམ་སྲོལ་གྱི་པར་གཞི་དགུ་པའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ཇུས་གཞིའི་བླང་བྱ་དོན་འཁྱོལ་ནན་པོ་བྱས་ནས“བྱེད་མི་ཆོག་པ་དགུའི”གཏན་འབེབས་ལ་བརྩི་སྲུང་མཐའ་གཅིག་ཏུ་ཞུས་ཏེ་ཟོག་འགྲེམས་ཤར་གཏོང་འགན་ལེན་གྱི་བྱ་ཐབས་དུས་ཐོག་ཏུ་ལེགས་སྒྲིག་དང་ལེགས་སུ་བཏང་ནས་རང་ལྗོངས་ཀྱི་ལས་སླ་པོར་བྱུང་བ་མིན་པའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་གྲུབ་འབྲས་དང་ཟོག་འགྲེམས་ཤར་གཏོང་འགན་ལེན་གྱི་ཕན་འབྲས་སྲ་བརྟན་དུ་གཏོང་དགོས་པའི་ནན་གཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།