དབུ་ཤོག>སྲིད་དོན།
  • ཀྲོང་ཡན་གྱིས་ཉིང་ཁྲི་གྲོང་ཁྱེར་དུ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-07-20

    ཉིན་ཤས་གོང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཏང་ཙུའི་ཧྲུའུ་ཅི། རང་སྐྱོང་ལྗོངས་ཏང་ཨུད་གྲོང་གསེབ་ལས་དོན་འགོ་ཁྲིད་ཚོགས་ཆུང(རང་སྐྱོང་ལྗོངས་ཏང་ཨུད་གྲོང་གསེབ་དར་རྒྱས་འཐབ་ཇུས་ལག་བསྟར་འགོ་ཁྲིད་ཚོགས་ཆུང)གི་རྒྱུན་ལས་ཙུའུ་ཀྲང་གཞོན་པ་བཅས་ཡིན་པའི་ཀྲོང་ཡན་གྱིས་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་བུ་ཆུ་ཤང་དང་ཉིང་ཁྲི་གྲོང་ཁྱེར་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་དུ་བརྟག་ཞིབ་གནང་བ་རེད། ཁོང་གིས“ཞིང་གསུམ”ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་དོན་བཀོད་སྒྲིག་གཞིར་བཟུང་རྨོ་ཞིང་སྲུང་སྐྱོང་གི་དམར་ཐིག་ནན་པོ་སྲུང་བ་དང་ཁྱད་ལྡན་ཐོན་ལས་ལས་དོན་ཡག་པོ་བསྒྲུབས་ནས་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་འགྲོ་བར་སྐུལ་འདེད་མྱུར་པོ་གཏོང་དགོས་པའི་ནན་བཤད་གནང་བ་རེད།

    མིག་སྔར། གྲོ་སྨིན་པའི་སྒང་ཡིན་པས་བུ་ཆུ་ཤང་སྤྲིན་འཁོར་གྲོང་ཚོ་དང་རྒྱལ་སྨད་གྲོང་ཚོའི་གྲོ་ཞིང་གི་ཡུག་གཅིག་ཏུ་གསེར་མདོག་ཅན་གྱི་སྙེ་མས་མགོ་ལྕོག་ལྡེམ་ལྡེམ་བྱེད་བཞིན་འདུག ཀྲོང་ཡན་གྱིས་ཕེབས་ཀྱིན་གཟིགས་ཀྱིན་ཉིང་ཁྲི་གྲོང་ཁྱེར་གྱི་རྨོ་ཞིང་གི་དམར་ཐིག་སྲུང་སྐྱོང་དང་། གཏན་འཇཌ་གཞི་རྩའི་ས་ཞིང་གི་དབྱེ་མཚམས་འབྱེད་ཚུལ། སོན་བཟང་ཁྱབ་གདལ་གཏོང་ཚུལ་སོཌ་ཀྱི་ལས་དོན་ལ་ཁས་ལེན་གང་ལེཌ་གནང་བ་རེད། རྒྱལ་སྨད་གྲོང་ཚོའི་ཡུལ་མི་དབང་རྒྱལ་ནི་བྲག་ཡིབ་ཆུས་ཀྱིས་གཏན་འཁེལ་བྱས་པའི་དབུལ་པོ་བསྐྱར་ལོག་སྔོན་འགོག་གི་འགུལ་རྣམ་ལྟ་ཞིབ་བྱ་ཡུལ་ཞིག་རེད། ཀྲོང་ཡན་གྱིས་དབང་རྒྱལ་ལ་ངེས་པར་དུ་གདེང་ཚོད་བརྟན་དུ་གཏོང་བ་དང་རོགས་སྐྱོར་ལ་བརྟེན་ནས་ལས་ལ་བརྩོན་པའི་ལག་ཟུང་གིས་འཚོ་བ་སྔར་བས་ལེགས་སུ་གཏོང་དགོས་པའི་ལྕག་སྐུལ་གནང་བ་རེད། ཀྲོང་ཡན་གྱིས། འབྲེལ་ཡོད་སྡེ་ཚན་གྱིས་དབུལ་པོ་བསྐྱར་ལོག་སྔོན་འགོག་གི་འགུལ་རྣམ་ལྟ་ཞིབ་དང་རོགས་སྐྱོར་ལས་དོན་གྱི་འགན་འཁྲི་དོན་འཁྱོལ་ལ་ཤུགས་སྣོན་བརྒྱབ་སྟེ་ཉེན་ཁའི་རིགས་དང་འཕེལ་རྒྱས་ཀྱི་དགོས་མཁོ་སོགས་ལ་གཞིགས་ནས་གནད་སྨིན་ཇུས་བསྟར་དང་གནད་སྨིན་རོགས་སྐྱོར་བྱས་ཏེ། གཞི་ཁྱོན་ཆེ་བའི་དབུལ་པོ་བསྐྱར་ལོག་མི་ཐོན་པའི་མཐའ་ཚད་མཐའ་གཅིག་ཏུ་སྲུང་དགོས་པའི་བླང་བྱ་བཏོན་གནང་བ་རེད།

    ཉིང་ཁྲིའི་དཔལ་འབྱོར་གསར་སྤེལ་ཁུལ་ཀོང་ཏུང་ནགས་ཚལ་ཐོན་ལས་གླིང་དུ་མིག་སྔར་ཞིང་ལས་ཐོན་རྫས་གསར་སྤེལ་བྱེད་སྐབས་བརྒྱུད་རིམ་ཧྲིལ་པོ་དང་ལྷུ་ཚིགས་ཚང་མར་ཁ་འགྲིག་པའི་ཐོན་ལས་འཕེལ་རྒྱས་གཏོང་སྟངས་ཤིག་ཆགས་ཡོད། ཀྲོང་ཡན་ཀོང་ཏུང་ནགས་ཚལ་ཐོན་ལས་གླིང་དུ་ཕེབས་ཏེ་ཟླ་བ་ཆོས་སྒྲོན་ཁེ་ལས་ཚད་ཡོད་ཀུང་སི་དང་མེ་ཏོག་ཇ་ལོའི་ཚད་ཡོད་ཀུང་སི་སོགས་ཁེ་ལས་ལ་ས་གནས་ས་ཐོག་ཏུ་འདྲི་རྟོག་གནང་ནས་ཐོན་ལས་གླིང་གི་ཁྱད་ལྡན་ཞིང་ལས་ཐོན་རྫས་གསར་སྤེལ་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། ཁོང་གིས། ཉིང་ཁྲིའི་དཔལ་འབྱོར་གསར་སྤེལ་ཁུལ་གྱིས་འཕེལ་རྒྱས་ཀྱི་བཀོད་པ་གསར་པར་རང་འགུལ་ངང་ཞབས་འདེགས་ཞུ་བ་དང་མཉམ་འདྲེས་ཐུབ་པར་བྱས་ནས་ཟུར་སྣོན་རིན་ཐང་མཐོ་བའི་ཐོན་ལས་འཁོར་འབྲེལ་མདུན་ཕྱོགས་སུ་སྣུར་སྲིང་ལ་སྐུལ་འདེད་བཏང་སྟེ་ཉིང་ཁྲིའི་དཔལ་འབྱོར་འཕེལ་རྒྱས་ཀྱི་འཕར་གཞི་གསར་པ་དང་། སྒྱུར་བཅོས་སྒོ་དབྱེའི་ལས་སྟེགས་གསར་པ། ཤེས་ལྡན་མི་སྣ་འདྲེན་འགུགས་ཀྱི་གཤོང་ས་གསར་པ་བཅས་སུ་ཧུར་ཐག་གཏོད་དགོས། བཅའ་སྡོད་ཁེ་ལས་ཀྱིས་ཁྲོམ་རའི་སྟོན་ཕྱོགས་མངོན་གསལ་དོད་པོ་ཡོང་བར་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་དུ་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་དང་སྦྲེལ་མཐུད་ནུས་ལྡན་བྱེད་པར་སྐུལ་འདེད་གཏོང་བ་དང་ཟུང་འབྲེལ་བྱས་ཏེ་ཁྱད་ལྡན་ཐོན་ལས་ཡག་པོ་གཉེར་བ་དང་། ཐོན་རྫས་ཞིབ་འཇུག་གསར་སྤེལ་གྱི་ཚན་རྩལ་གཏོང་ཆ་གཏོང་ཤུགས་ཆེ་རུ་གཏོང་བ། མཁོ་སྤྲོད་འཁོར་འབྲེལ་གྱི་བཀོད་ཇུས་ལེགས་སུ་གཏོང་བ། ཁེ་ལས་སྟོབས་ཆེར་དང་། ཧྲག་པོ། སྤུས་ལེགས་བཅས་སུ་བཏང་སྟེ་ས་གནས་དེ་གའི་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་བར་སྐུལ་ཁྲིད་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།