དབུ་ཤོག>སྲིད་དོན།
  • བློ་བཟང་རྒྱལ་མཚན་གྱིས་རྒྱལ་ལམ་318པའི་སྤུས་ཚད་ལེགས་གཏོང་དང་སྒྱུར་བཀོད་ལས་གྲྭའི་རྣམ་གྲངས་འགན་གཙང་འགན་ལེན་གྱི་སྐུལ་སྤེལ་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-07-18

    ཚེས་11ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་གྱིས་རྒྱལ་ལམ་318པའི་སྤུས་ཚད་ལེགས་གཏོང་དང་སྒྱུར་བཀོད་ལས་གྲྭའི་རྣམ་གྲངས་འགན་གཙང་འགན་ལེན་གྱི་སྐུལ་སྤེལ་ཚོགས་འདུ་འཚོགས་ནས་འབྲེལ་ཡོད་ཚན་པའི་ལས་དོན་ལ་སྐུལ་འདེད་བཏང་བའི་གནས་ཚུལ་གསན་པ་དང་། མིག་སྔའི་དཀའ་ངལ་དང་གནད་དོན་ལ་དབྱེ་ཞིབ། རྒྱལ་ལམ་318པའི་སྤུས་ཚད་ལེགས་གཏོང་དང་སྒྱུར་བཀོད་ལས་གྲྭའི་དུས་འགོའི་ལས་དོན་ལ་སྐུལ་འདེད་མགྱོགས་པོ་གཏོང་བའི་སྐོར་གྱི་བསམ་འཆར་དང་གྲོས་འགོར་ཞིབ་འཇུག་བཅས་གནང་བ་རེད།

    རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཡུང་ཚོགས་འདུར་ཞུགས་པ་རེད།

    བློ་བཟང་རྒྱལ་མཚན་གྱིས། རྒྱལ་ལམ་318པའི་སྤུས་ཚད་ལེགས་གཏོང་དང་སྒྱུར་བཀོད་ལས་གྲྭ་ནི་འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་དང་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་བྱེད་པའི་མཐོ་ཚད་ནས་གཏན་འཁེལ་བྱས་པའི“ལོ་ལྔ་ཚན་བཅུ་བཞི་པའི”རིང་གི་རྣམ་གྲངས་གལ་ཆེན་ཞིག་རེད་ལ། རང་སྐྱོང་ལྗོངས་འགོ་ཁྲིད་ཀྱི་འགན་གཙང་འགན་ལེན་རྣམ་གྲངས་གལ་ཆེན་གྱི་གསལ་ཐོར་བཅུག་པའི་ལས་གྲྭ་གལ་ཆེན་ཞིག་ཀྱང་རེད། ཚན་པ་ཁག་དང་སྡེ་ཚན་ཁག་གིས་ངེས་པར་དུ་རྒྱལ་ལམ་318པའི་སྤུས་ཚད་ལེགས་གཏོང་དང་སྒྱུར་བཀོད་ལས་གྲྭའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱས་ཏེ“གཏན་འཁེལ་གཉིས”མཐའ་གཅིག་ཏུ་སྲུང་སྐྱོང་དང་། “སྲུང་སྐྱོང་གཉིས”ཐུབ་པ། “འགོ་ཁྲིད་ཀྱིས་འགན་གཙང་འགན་ལེན་དང་། ཆེད་སྒྲུབ་ཚོགས་ཆུང་གིས་ཞབས་འདེགས་ཁུལ། དུས་བཀག་ལྟར་བཀོད་པ་གཏོང་བ། ནུས་ཤུགས་ཡོད་རྒུས་སྐུལ་སྤེལ་བཅས”ཀྱི་རྩ་དོན་ལྟར། “ལམ་གཉིས”ཀྱི་སྙིང་སྟོབས་སྔར་བས་དར་སྤེལ་བཏང་སྟེ་རང་འགུལ་ངང་ཐེག་པ་ཁུར་ལེན་དང་། བྱས་རྗེས་ཧུར་ཐག་འཇོག་པ། མཐུན་སྒྲིལ་རོགས་ལས་བཅས་བྱས་ཏེ་དུས་ཚོད་ཀྱིས་མི་སྒུག་པ་དང་དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་བྱེད་པའི་སྙིང་སྟོབས་དང་ཚད་མཐོའི་འགན་འཁྲིའི་བསམ་པ་དང་ལས་འགན་སྒྲུབ་སེམས་བཅངས་ནས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ཡག་པོ་བྱས་ཏེ་ཕུལ་བྱུང་གི་གྲུབ་འབྲས་ལ་བརྟེན་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་གཟིགས་སྐྱོང་ལ་དྲིན་ལན་འཇལ་དགོས་ཞེས་གསུངས་པ་རེད།

    བློ་བཟང་རྒྱལ་མཚན་གྱིས། ཚན་པ་ཁག་དང་སྡེ་ཚན་ཁག་གིས་རྒྱལ་ལམ་318པའི་སྤུས་ཚད་ལེགས་གཏོང་དང་སྒྱུར་བཀོད་ལས་གྲྭ་འཛུགས་སྐྲུན་བྱེད་པ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་རང་འགན་གཙང་སྒྲུབ་དང་ཤུགས་སྒྲིལ་མཉམ་ལས་བྱས་ཏེ་རྣམ་གྲངས་འཛུགས་སྐྲུན་ལ་བརྒྱུད་རིམ་ཧྲིལ་པོ་དང་། ལྷུ་ཚིགས་ཡོངས། རྒྱུ་རྐྱེན་གཙོ་བོ་ཆ་ཚང་བཅས་ཀྱི་ཞབས་ཞུའི་འགན་ལེན་བྱེད་དགོས། རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་དང་འཕེལ་སྒྱུར་ཨུ་ལྷན་གྱིས་རང་འགུལ་ངང་ཐེག་པ་ཁུར་ལེན་དང་འགན་འཁྲི་ཁ་གསལ་བཟོ་དགོས་པ་དང་། ལག་བསྟར་ཇུས་གཞི་དང་དུས་ཚོད་ཀྱི་མཚམས་ཚིགས་ལ་ཡང་ཡང་བསྡུར་ནས་དམིགས་ཚད་དང་ལས་འགན་སྡེ་ཚན་ལ་ཁག་བགོས་དང་། ལས་གནས་སུ་འཁྱོལ་བ། མི་སྒེར་ལ་ཚད་འབེབས་པ། རིམ་པ་གཅིག་གིས་གཅིག་ལ་དམ་འཛིན་དང་རིམ་པ་བཞིན་དོན་འཁྱོལ་ལ་དམ་འཛིན་བྱེད་པའི་ལས་ཀའི་རྣམ་པ་ཆགས་པ། རྣམ་གྲངས་འཛུགས་སྐྲུན་གྱི་མ་དངུལ་ནུས་ཤུགས་ཡོད་རྒུས་འགན་ལེན། རྣམ་གྲངས་ཞིབ་བཤེར་དང་ཞིབ་མཆན་འགོད་པའི་ལས་དོན་མགྱོགས་སུ་གཏོང་བ་བཅས་བྱས་ཏེ། རྣམ་གྲངས་གོ་རིམ་ལྡན་པའི་ངང་ལག་ལེན་བསྟར་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།