དབུ་ཤོག>སྲིད་དོན།
  • ཀྲོང་ཡན་གྱིས་རང་སྐྱོང་ལྗོངས་རྒྱ་གྲམ་དམར་པོ་ཚོགས་པའི་གཞི་རིམ་ཏང་ཀྲི་པུའུ་རུ་བརྟག་ཞིབ་དང་བཞུགས་མོལ་ཚོགས་འདུ་འཚོགས་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-07-18

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་གཞིར་བཟུང་། ཚེས་12ཉིན་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་ཀྲོང་ཡན་རང་སྐྱོང་ལྗོངས་རྒྱ་གྲམ་དམར་པོ་ཚོགས་པར་བརྟག་ཞིབ་གནང་བར་ཕེབས་པ་དང་བཞུགས་མོལ་ཚོགས་འདུ་འཚོགས་གནང་བ་རེད།

    བརྟག་ཞིབ་གནང་རིང་ཀྲོང་ཡན་གྱིས་འགན་ནུས་ཁྲུའུ་དང་ཁང་ཁག་དང་ལས་ཁུངས་ཀྱི་ཏང་ཡོན་བྱེད་སྒོ་ཁང་དུ་ཕེབས་ཏེ་ལས་བྱེད་པ་དང་ལས་བཟོ་དང་བྱམས་བརྩེའི་གླེང་མོལ་གནང་བ་དང་རྒྱ་གྲམ་དམར་པོ་ཚོགས་པས་ཞལ་འདེབས་རོགས་སྐྱོབ་དང་ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་སོགས་ཐད་ཀྱི་ལས་དོན་སྤེལ་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་ནས་རང་ལྗོངས་ཀྱི་རྒྱ་གྲམ་དམར་པོ་ཚོགས་པའི་བྱ་གཞག་འཕེལ་རྒྱས་ལ་ཁས་ལེན་གང་ལེགས་གནང་བ་རེད།

    རང་སྐྱོང་ལྗོངས་རྒྱ་གྲམ་དམར་པོ་ཚོགས་པས་2018ལོ་ནས་ད་བར་སྨན་རིན་མི་དགོས་པར་ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པ་150ལ་སྨན་བཅོས་བྱས་པ་མཁྱེན་རྗེས་ཀྲོང་ཡན་དགྱེས་ཚོར་ཆེན་པོ་བྱུང་བ་རེད། ཁོང་གིས། བྱིས་པ་ནད་པ་གཅིག་སྐྱོབ་ན་དེའི་ཁྱིམ་ཚང་ལ་རེ་བ་དང་བདེ་སྐྱིད་སྦྱིན་པ་ཞིག་རེད། རང་སྐྱོང་ལྗོངས་རྒྱ་གྲམ་དམར་པོ་ཚོགས་པས་ཐུན་མོང་མ་ཡིན་པའི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

    ཀྲོང་ཡན་གྱིས། ཆབ་སྲིད་ཀྱི་ནུས་པ་ཆེར་གཏོང་ལ་དམ་འཛིན་ཡག་པོ་བྱས་ནས་ཏང་གི་ཆབ་སྲིད་འཛུགས་སྐྱོང་གནས་བབ་ཨང་དང་པོར་འཇོག་པ་དང་། ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་ནན་སྲུང་བྱེད་པ། ཏང་ལ་བློ་དཀར་སེམས་དཀར་གྱི་སློབ་གསོར་ཤུགས་སྣོན་ཆེན་པོ་རྒྱག་པ་བཅས་བྱས་ཏེ“གཏན་འཁེལ་གཉིས”ལ་བློ་བརྟན་འགྱུར་མེད་ངང་སྲུང་སྐྱོང་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱེད་དགོས། ལས་ཁུངས་ཀྱི་ཏང་ཀྲི་པུའུ་ཚད་ལྡན་ཅན་འཛུགས་སྐྱོང་ལ་ཤུགས་སྣོན་ཧུར་ཐག་བརྒྱབ་སྟེ་ཏང་གི་རྩ་འཛུགས་འཚོ་བའི་ལམ་ལུགས་ཁག་དོན་འཁྱོལ་ནན་ཏན་བྱེད་པ་དང་། བསམ་བློ་ལྷད་མེད་དང་། རྩ་འཛུགས་དྭངས་གཙང་། སྤྱོད་ཚུལ་གཙང་མ། སྤྱོད་གཙང་གཞུང་དྲང་བཅས་སྔ་ཕྱི་བར་གསུམ་དུ་རྒྱུན་འཁྱོངས་བྱེད་དགོས། ཏང་འཛུགས་སྐྱོང་དང་ལས་སྒོ་མཉམ་འདྲེས་གཏིང་ཟབ་ལ་སྐུལ་འདེད་ཧུར་ཐག་བཏང་སྟེ“དོན་ཆེན་བཞི”དང“འགན་ལེན་བཞིར”དམིགས་པ་དང་། “འཛུགས་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞིར”ཤུགས་རྒྱག་པ། དམ་པ་དོན་གཉེར་དང་དངོས་འཛིན་དངོས་སྒྲུབ་བྱེད་པ་དང“རོགས་སྐྱོབ་གསུམ”དང“ལེགས་སྐྱེས་འབུལ་བ་གསུམ”གྱི་ལྟེ་བའི་ལས་སྒོ་ཧུར་ཐག་སྒྲུབ་དགོས། ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་ལས་དོན་གྱི་མཉམ་ཤུགས་ཆེན་པོ་ཞིག་ནུས་ཤུགས་ཡོད་རྒུས་ཆགས་པར་བྱས་ཏེ་ཞན་ཆ་སེལ་བ་དང་། ཉམས་ཞན་སྟོབས་ཆེར་གཏོང་བ། གཡུལ་ས་སྲུང་བ་བཅས་བྱས་ནས་སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་ཁོར་ཡུག་ཅིག་སྔར་བས་བསྐྲུན་ཏེ་ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁྲི་འཁུར་ཕོད་པ་བཅས་ཀྱི་བྱང་ཚད་མཐོ་བའི་ལས་བྱེད་པའི་དཔུང་ཁག་ཅིག་བཏོད་དེ་བྱ་སྤྱོད་དངོས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།