དབུ་ཤོག>སྲིད་དོན།
  • སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་ཡུལ་བབ་དང་བསྟུན་ནས་དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་བར་དམིགས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་མགྱོགས་སུ་གཏོང་དགོས་པའི་ནན་བཤད་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-07-16

    8d650d89-3529-4eef-b6e2-0b8ddaf181f3.jpg.jpg

    ཟླ་7ཚེས་10ཉིན་ནས་ཚེས་12ཉིན་བར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ཉིང་ཁྲི་གྲོང་ཁྱེར་སྨན་གླིང་རྫོང་དང་། བྲག་ཡིབ་ཆུས། དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་བཅས་སུ་བརྟག་ཞིབ་གནང་བ་དང་འབྲེལ་མི་རིཌ་ཁག་གི་ལས་བྱེད་པ་དང་མང་ཚོཌ་ལ་གཟིཌ་ཤིང་། འདི་ནི་ཝང་ཅུན་ཀྲེང་གིས་ཉིང་ཁྲི་གྲོང་ཁྱེར་སྨན་གླིང་རྫོང་བཀྲ་ཤིས་རབ་བརྟན་ཤང་ཚལ་མི་གྲོང་ཚོའི་མང་ཚོཌ་ཟླ་རྒོད་ཁྱིམ་གྱི་ཐོན་སྐྱེད་དང་འཚོ་བའི་གནས་ཚུལ་མཁྱེན་རྟོཌ་གནང་བ།

    57393c2b-0668-44ff-8558-a9f164aaa78b.jpg.jpg

    ཟླ་7ཚེས་10ཉིན་ནས་ཚེས་12ཉིན་བར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ཉིང་ཁྲི་གྲོང་ཁྱེར་སྨན་གླིང་རྫོང་དང་། བྲག་ཡིབ་ཆུས། དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་བཅས་སུ་བརྟག་ཞིབ་གནང་བ་དང་འབྲེལ་མི་རིཌ་ཁག་གི་ལས་བྱེད་པ་དང་མང་ཚོཌ་ལ་གཟིཌ་ཤིང་། འདི་ནི་ཝང་ཅུན་ཀྲེང་གིས་ཉིང་ཁྲི་གྲོང་ཁྱེར་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་གྱི་ཐོན་རྫས་འགྲེམས་སྟོན་ལྟེ་གནས་སུ་ཁེ་ལས་ཀྱི་གཉེར་སྐྱོང་གནས་ཚུལ་མཁྱེན་རྟོཌ་གནང་བ།

    ཟླ་7ཚེས་10ཉིན་ནས་ཚེས་12ཉིན་བར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ཉིང་ཁྲི་གྲོང་ཁྱེར་སྨན་གླིང་རྫོང་དང་། བྲག་ཡིབ་ཆུས། དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་བཅས་སུ་བརྟག་ཞིབ་གནང་བ་མ་ཟད། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོར་གཟིགས་ཤིང་། ཁོང་གིས་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་དང་ཡུལ་བབ་དང་བསྟུན་ནས་དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་བར་དམིགས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་མགྱོགས་སུ་བཏང་སྟེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་ཁྲོད་བྱས་རྗེས་དེ་བས་ཆེ་བ་འཇོག་པ་དང་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས་ཞེས་ནན་བཤད་གནང་བ་རེད།

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲུང་ཆེ་ཟླ་བ་ཚེ་རིང་བརྟག་ཞིབ་ལ་ཞུགས་ཡོད་པ་རེད།

    ཟླ་7པར་ཉིང་ཁྲིར་གནམ་གཤིས་དྲོ་གྲང་སྙོམས་ཤིང་། ཁོ་ར་ཁོར་ཡུག་སྔོ་ལྗང་གོས་ཀྱིས་བཀླུབས་ཏེ་གང་སར་སྐྱེ་སྟོབས་ཀྱི་དཔལ་འབར་བཞིན་མཆིས། ཝང་ཅུན་ཀྲེང་སྨན་གླིང་རྫོང་སྨན་གླིང་གྲོང་རྡལ་ཉི་མ་དམར་པོའི་ཚན་རྩལ་དཔེ་སྟོན་ཁྱིམ་ཚང་ཞིང་ར་དང་བཀྲ་ཤིས་རབ་བརྟན་ཤང་ཚལ་མི་གྲོང་ཚོར་ཕེབས་ཏེ་གཞི་རིམ་ཏང་འཛུགས་སྐྱོང་གསར་གཏོད་འཕེལ་རྒྱས་དང་མང་ཚོགས་འབབ་འཕར་ཕྱུག་འགྱུར་ལ་སྣེ་ཁྲིད་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། ཉི་མ་དམར་པོའི་ཚན་རྩལ་དཔེ་སྟོན་ཁྱིམ་ཚང་ཞིང་རས“ཁྱིམ་ཚང་ཞིང་ར+འདེབས་འཛུགས་རྟེན་གཞི+ཞིང་དུད”བཅས་ཀྱི་བྱེད་ཐབས་སྤྱད་དེ་ཉེ་འཁོར་གྱི་ཤང་དང་གྲོང་ཚོའི་ཞིང་འབྲོག་དུད་ཚང་200ལྷག་ཙམ་སྣེ་ཁྲིད་ནས་ཀོ་ཤ་བཏབ་པས། ན་ནིང་ཁོ་ནར་གྲོང་ཚོའི་མཉམ་སྡེབ་ལ་འབབ་འཕར་སྒོར་ཁྲི་360ཙམ་བྱུང་ཡོད། ཕྱུག་འགྱུར་སྣེ་ཁྲིད་པ་ཉི་མར“རྒྱལ་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་སྔོན་ཐོན་མི་སྒེར”གྱི་གཟི་བརྗིད་མཚན་སྙན་ཐོབ་པ་དང་། བློ་རྩེ་གཅིག་སྒྲིམ་ངང་ཀོ་ཤ་འདེབས་འཛུགས་ཞིབ་འཇུག་གསར་སྤེལ་དང་ཁྱབ་གདལ་གཏོང་མཁན་ཁོང་གི་བུ་དང་བུ་མོར་ཝང་ཅུན་ཀྲེང་གིས་བསྔགས་བརྗོད་གནང་ནས“ཁྱེད་ཚོའི་ཁྱིམ་ཚང་གིས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་བྱས་ཚེ་འབྱུང་འགྱུར་དེ་བས་འཕེལ་རྒྱས་ཡག་པོ་ཡོང་ངེས་ཡིན། ཀོ་ཤའི་སོན་ཞིབ་འཇུག་གསར་སྤེལ་བྱ་རྒྱུར་མཐོང་ཆེན་དང་སྤུས་ལེགས་ཀོ་ཤའི་སོན་སྔོག་འདོན་དང་ཁྱབ་གདལ་བཏང་ནས་ཞིང་འབྲོག་མང་ཚོགས་ཚོས་དངོས་སྤྱོད་ཚན་རིག་ལག་རྩལ་ཁོང་དུ་ཆུད་པར་བྱས་ཏེ་ཕྱུག་འགྱུར་འཇོན་ཐང་ཆེ་རུ་གཏོང་དགོས”ཞེས་གསུངས་པ་རེད། ཚལ་མི་གྲོང་ཚོས“གཞི་རིམ་ཏང་འཛུགས་སྐྱོང་གི་ནུས་པ་དང་ཕན་འབྲས་མཐོར་གཏོང་དང་གྲོང་གསེབ་དར་རྒྱས་གསར་གཏོད་ནུས་པར”ཤུགས་སྣོན་བརྒྱབ་པར་བརྟེན་གྲོང་མི་མི་རེར་ཆ་སྙོམས་ཡོང་འབབ་སྒོར་ཁྲི་2.7ཙམ་བྱུང་ཡོད། ཝང་ཅུན་ཀྲེང་དམངས་ཕན་ཞབས་ཞུའི་ཚོམས་ཆེན་དང་། གྲོང་ཚོའི་འཕྲོད་བསྟེན་ཁང་། སྐར་གསོག་བརྗེ་སྒྱུར་སྒོ་རྩིས་ཚོང་ཁང་བཅས་སུ་ཕེབས་ཏེ་གཞི་རིམ་ལས་དོན་མི་སྣར་འཚམས་འདྲི་གནང་ནས་གཞི་རིམ་ཏང་རྩ་འཛུགས་ནི་གཞི་རིམ་དུ་ཡོད་པའི་ཏང་གི་དམག་འཐབ་མཁར་རྫོང་ཡིན་པས། གྲོང་གསེབ་ཀྱི་གཞི་རིམ་ཏང་རྩ་འཛུགས་སྟོབས་ཆེར་གཏོང་བ་དང་། གཞི་རིམ་གྱི་སྟོབས་ཤུགས་བསྡུ་སྒྲིལ། མང་ཚོགས་ལ་ཞབས་འདེགས་ཞུ་བའི་ལས་ཀའི་འཇོན་ཐང་ཆེ་རུ་གཏོང་བ་བཅས་བྱས་ནས་གཞི་རིམ་ཏང་རྩ་འཛུགས་ཀྱི་སྒྲིག་འཛུགས་ནུས་པ་དང་། གོང་བུ་འགྲིལ་ཤུགས། དམག་འཐབ་ནུས་པ་བཅས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས་པའི་ནན་བཤད་གནང་བ་རེད། ཝང་ཅུན་ཀྲེང་གྲོང་ཚོའི་ལམ་དུ་རྐང་ཐང་མར་ཕེབས་ནས་གྲོང་ཚོའི་བཀོད་པ་དང་རྣམ་པར་གཟིགས་པ་དང་གྲོང་མི་ཟླ་རྒོད་ཀྱི་ཁྱིམ་དུ་ཕེབས་ནས་ཟླ་རྒོད་ཁྱིམ་ལ་རྨོ་ཞིང་མུའུ་27དང་། སྒོ་ཕྱུགས་མགོ་གྲངས་50ཙམ། ཁྱིམ་ཚང་གི་ལོའི་ཡོང་འབབ་སྒོར་ཁྲི་33ཙམ་ཡོད་པ་མཁྱེན་པ་མ་ཟད། ཆུ་ཀ་ལ་དང་། རང་བྱུང་སོལ་རླངས། གསང་སྤྱོད་གཙང་མ་བཅས་ཡོད་པ་གཟིགས་རྗེས་ཝང་ཅུན་ཀྲེང་གིས་ཁོང་ཚོའི་འཚོ་བ་ཇེ་ལེགས་ཇེ་ཡག་ཡོང་བའི་སྨོན་འདུན་ཞུས་པ་དང་འབྲེལ་གྲོང་མི་རྣམས་ཀྱི་འཚོ་བ་སྐྱིད་པོ་ཡོང་བའི་སྨོན་འདུན་ཡང་ཞུས་པ་རེད།

    ཁྲོན་བོད་ལྕགས་ལམ་ནི་ཝང་ཅུན་ཀྲེང་སྐུ་ངོ་མས་འགན་གཙང་འགན་ལེན་གནང་བའི་འཛུགས་སྐྲུན་རྣམ་གྲངས་གལ་ཆེན་ཞིག་རེད། ཁྲོན་བོད་ལྕགས་ལམ་གསེར་སྐྱེམས་ལའི་ཕུག་ལམ་གྱི་ལས་ཡུལ་དུ་ཝང་ཅུན་ཀྲེང་གིས་ནན་ཏན་ངང་འགྲེམས་པང་ལ་གཟིགས་པ་དང་། ངོ་སྤྲོད་གསན་པ། ལས་ཀའི་འཕེལ་རིམ་ལ་གཟིགས་ཞིབ་བཅས་གནང་ཞིང་། ཁོང་གིས། ཁྲོན་བོད་ལྕགས་ལམ་བསྐྲུན་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང“རྒྱལ་ཁབ་ཀྱི་དོན་ཆེན”བློ་ལ་བརྟན་པོར་བཅངས་ཏེ་དམ་པ་དོན་གཉེར་གྱི་སྙིང་སྟོབས་ལ་བརྟེན་ནས་ཁྲོན་བོད་ལྕགས་ལམ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ་ཚན་རིག་དང་མཐུན་པའི་འཆར་འགོད་དང་། སྐྱེ་ཁམས་སྲུང་སྐྱོང་། བདེ་འཇགས་ངང་ཨར་སྐྲུན་བཅས་བྱས་ཏེ། ཁྲོན་བོད་ལྕགས་ལམ་དཔེ་སྟོན་ལས་གྲྭ་དང་། ལྗང་མདོག་ལས་གྲྭ བདེ་འཇགས་ལས་གྲྭ སྤྱོད་གཙང་ལས་གྲྭ་བཅས་སུ་སྐྲུན་དགོས་པའི་ནན་བཤད་གནང་བ་རེད།

    ཝང་ཅུན་ཀྲེང་ཉིང་ཁྲིའི་དཔལ་འབྱོར་གསར་སྤེལ་ཁུལ་དང་བོད་ལྗོངས་ཆེས་བྲིན་བོད་སྨན་མ་རྐང་ཚད་ཡོད་ཀུང་སི་ཉིང་ཁྲི་བཟོ་སྐྲུན་ལྟེ་གནས་སུ་ཕེབས་ཏེ་ཁེ་ལས་ཀྱི་མ་འཇོག་དང་ཐོན་ལས་འཕེལ་རྒྱས་སོགས་ཀྱི་གནས་ཚུལ་ལ་རྟོག་ཞིབ་ཞིབ་ཕྲ་གནང་བ་རེད། “མེ་ཏོག་གི་ཇ་ལོའི་ཐོན་འབབ་གང་འདྲ་འདུག” “སྣང་རྫོང་གི་སུར་པན་ལ་ཁྱད་ཆོས་གང་ཡོད་དམ” “ཁྲོམ་རར་བྲིན་ཁ་རྒྱུག་པོ་འདུག་གམ” ཉིང་ཁྲིའི་དཔལ་འབྱོར་གསར་སྤེལ་ཁུལ་གྱི་འཆར་འགོད་འགྲེམས་ཁང་དུ་ཝང་ཅུན་ཀྲེང་གིས་ཐོན་རྫས་འགྲེམས་སྟོན་ལས་སྟེགས་ལ་གཟིགས་བཞིན་བཀའ་འདྲི་ཞིབ་ཕྲ་གནང་ནས་ཚོང་འགུགས་མ་འདྲེན་དང་ཤེས་ལྡན་པ་དང་བློ་རིག་འདྲེན་འགུགས་བྱེད་ཤུགས་མུ་མཐུད་ཆེ་རུ་དང“ས་གྲོལ་དཔལ་འབྱོར”འཕེལ་རྒྱས་ཤུགས་ཆེན་བཏང་སྟེ། སྔོན་ཐོན་ཁེ་ལས་དང་བོད་སྐྱོར་ཐོན་ལས་རྣམ་གྲངས་དེ་བས་མང་བ་ཉིང་ཁྲིར་གཞིས་ཆགས་པའི་ཡིད་དབང་འགུག་དགོས། ཐོན་ལས་ཀྱི་གྲུབ་ཆ་ཟམ་མི་ཆད་པར་ལེགས་སྒྲིག་དང་། ཐོན་རྫས་ཀྱི་སྤུས་ཚད་རྒྱུན་སྲིང་ལྷོད་མེད་ངང་ལེགས་སུ་གཏོང་བ། ས་མཐོའི་ཁྱད་ལྡན་ཐོན་རྫས་དེ་བས་མང་བ་ཟམ་མི་ཆད་པར་ཞིབ་འཇུག་གསར་སྤེལ་བཅས་བྱས་ནས། ཐོན་ཁུངས་ཀྱི་ལེགས་ཆ་དཔལ་འབྱོར་གྱི་ལེགས་ཆ་དང་འཕེལ་རྒྱས་ཀྱི་ལེགས་ཆར་འགྱུར་བར་བྱེད་དགོས་པའི་ནན་བཤད་གནང་བ་རེད། བོད་ལྗོངས་ཆེས་བྲིན་བོད་སྨན་མ་རྐང་ཚད་ཡོད་ཀུང་སི་ཉིང་ཁྲི་བཟོ་སྐྲུན་ལྟེ་གནས་སུ་ཝང་ཅུན་ཀྲེང་གིས་གསར་གཏོད་ཀྱི་འདུ་ཤེས་ཟབ་ཏུ་བཏང་སྟེ་ཚན་རིག་ལག་རྩལ་དང་བྱེད་ཐབས་ལ་བརྟེན་ནས་བོད་ལུགས་གསོ་རིག་གི་རིགས་པའི་གཞུང་ལུགས་རྒྱུན་འཛིན་དང་། སྨན་རྒྱུ་འདེབས་གསོ། ཐོན་རྫས་གསར་བརྗེས་བཅས་ལ་སྐུལ་འདེད་བཏང་སྟེ་སྤྱི་ཚོགས་ལ་ཕན་པ་སྐྲུན་དགོས་པའི་ནན་བཤད་གནང་བ་རེད།

    ཉིང་ཁྲིའི་རང་བྱུང་མཛེས་ལྗོངས་དང་། གནའ་ཉམས་དོད་པའི་ཀོང་པོའི་རིག་གནས། དམིགས་བསལ་ཁྱད་ཆོས་ལྡན་པའི་མོན་པ་དང་ལྷོ་པའི་དམངས་སྲོལ། ཏེང་པའི་ཡུལ་སྲོལ་གོམས་གཤིས་བཅས་སྐད་གྲགས་ཧ་ཅང་ཆེན་པོ་ཡོད། ཝང་ཅུན་ཀྲེང་གིས་འཛམ་གླིང་ཤུག་སྡོང་རྒྱལ་པོའི་སྐྱེད་ཚལ་དང་བོད་ཤར་ལྷོའི་རིག་གནས་ཤུལ་བཞག་རྟེན་རྫས་བཤམས་མཛོད་ཁང་དུ་བརྟག་ཞིབ་གནང་སྟེ་ཚན་རིག་དང་མཐུན་པའི་འཆར་འགོད་དང་ཡུལ་སྐོར་ཐོན་ཁུངས་བེད་སྤྱོད་ལུགས་མཐུན་བྱས་ཏེ་སྲུང་སྐྱོང་ཁྲོད་གསར་སྤེལ་དང་གསར་སྤེལ་ཁྲོད་དེ་བས་ལེགས་པར་སྲུང་སྐྱོང་བྱས་ནས་ཡུལ་སྐོར་གསར་སྤེལ་སྐྱེ་ཁམས་ཀྱི་ཕན་འབྲས་དང་། སྤྱི་ཚོགས་ཀྱི་ཕན་འབྲས། དཔལ་འབྱོར་གྱི་ཕན་འབྲས་བཅས་གཅིག་གྱུར་ནུས་ལྡན་ཡོང་བར་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    ཝང་ཅུན་ཀྲེང་གིས་བསྟན་དོན། 2021ལོའི་ཟླ་7པར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་གཟིགས་ཞིབ་གནང་སྐབས་དང་ཐོག་ཉིང་ཁྲི་གྲོང་ཁྱེར་དུ་ཕེབས་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་། གྲོང་ཁྱེར་འཕེལ་རྒྱས་འཆར་འགོད། གྲོང་གསེབ་དར་རྒྱས། ལས་གྲྭ་གལ་ཆེན་འཛུགས་སྐྲུན་སོགས་ཀྱི་གནས་ཚུལ་ལ་བརྟག་ཞིབ་གནང་བ་རེད། ལོ་གཅིག་རིང་། ཉིང་ཁྲི་གྲོང་ཁྱེར་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་ཉིང་ཁྲིའི་དོན་དངོས་ལ་གཞི་བཙུཌ་ནས“11364”

    ཡི་འཕེལ་རྒྱས་བསམ་ཕྱོགས་བཏོན་པ་དང་བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས“དོན་ཆེན་བཞིར”ནུས་ཤུགས་ཡོད་རྒུས་དམ་འཛིན་ཡག་པོ་བྱས་པར་བརྟེན་ཏང་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་ཐེབས་པ་དང་། ཁྱད་ལྡན་ཐོན་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་བྱུང་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྣམ་པ་ཉིན་རེ་བཞིན་ལེགས་སུ་ཕྱིན་པ། སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ལེགས་སུ་ཕྱིན་པ། མི་དམངས་ཀྱི་འཚོ་བ་དེ་བས་བདེ་སྐྱིད་ལྡན་པ་བཅས་ཀྱི་རྣམ་པ་བཟང་པོ་མངོན་ཡོད། རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་སྟེ་བསམ་བློ་དང་བྱ་སྤྱོད་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་གཟིགས་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བྱམས་སྐྱོང་དང་ཐུགས་ཁུར་ལས་དོན་ཡག་པོ་སྒྲུབ་པའི་སྒུལ་ཤུགས་ཆེན་པོར་འགྱུར་བ་བཅས་བྱས་ཏེ། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས། ལྗང་མདོག་འཕེལ་རྒྱས་མཐའ་འཁྱོངས་ཀྱིས་ཐོན་ཁུངས་ཀྱི་ལེགས་ཆ་དང་དགེ་མཚན་ཆེ་རིགས་ལ་གཞིགས་ནས་དཔལ་འབྱོར་གྱི་གྲུབ་ཆ་ལེགས་སྒྲིག་ཧུར་ཐག་དང་། འཕེལ་རྒྱས་གཏོང་སྟངས་བསྒྱུར་བ། གསར་དར་ཐོན་ལས་སྐྱེད་སྲིང་བཅས་བྱེད་པ་དང་། ཡུལ་སྐོར་ལས་རིགས་དང་། ནུས་རྒྱུ་གཙང་མའི་ལས་རིགས། ཁྱད་ལྡན་འདེབས་གསོའི་ལས་རིགས་བཅས་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ་སྐྱེ་ཁམས་མཐུན་འཕྲོད་དང་། ལྗང་མདོག་ཐཱན་ཉུང་། ས་མཐོའི་ཁྱད་ཆོས་ལྡན་པ་བཅས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུར་སྐྱོད་དགོས། རི་སྔོན་ཆུ་དྭངས་དང་གངས་རི་འཁྱགས་ཀླུང་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོར་བཙུགས་ཏེ་མཚོ་བོད་ས་མཐོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱས་ཏེ་སྲུང་སྐྱོང་སྔོན་ལ་འཇོག་རྒྱུ་མཐའ་འཁྱོངས་དང་རི་ཆུ་ནགས་གསུམ་དང་། ཞིང་རྩྭ་མཚེའུ། བྱེ་ཐང་གངས་འཁྱགས་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོང་དང་བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་མཐའ་འཁྱོངས་བྱས་ནས་གཙང་པོ་དང་ཆུ་བོ་རྒྱུག་ཁུལ་གཙོ་བོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་ཉམས་གསོར་ཤུགས་སྣོན་རྒྱག་པ་དང་། ཆུའི་ཐོན་ཁུངས་གསར་སྤེལ་བེད་སྤྱོད་ལུགས་མཐུན་དང་སྲུང་སྐྱོང་སྤྱི་འདོམས་བྱས་ནས་ས་མཐོའི་སྲོག་ཆགས་རྩྭ་རྩི་ཤིང་དང་རི་ཆུ་ཀླུང་གསུམ་ལ་སྲུང་སྐྱོང་ཡག་པོ་བྱེད་དགོས། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་། གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ། དམངས་འཚོ་འགན་ལེན་དང་ལེགས་སུ་རྒྱུན་མཐུད་གཏོང་བ། ཐུན་མོང་ཕྱུག་འགྱུར་ལ་སྐུལ་འདེད་ཏན་ཏིག་གཏོང་བ་བཅས་བྱས་ནས། ཕུལ་བྱུང་གི་གྲུབ་འབྲས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།