དབུ་ཤོག>སྲིད་དོན།
  • ལྗོངས་ཡོངས་ཀྱི་གཞི་རིམ་སྲིད་གྲོས་ལས་བྱེད་པའི“གལ་ཆེན་གསུམ”ལག་བསྟར་དོན་འཁྱོལ་གྱི་གསོ་སྦྱོང་འཛིན་གྲྭ་སློབ་འགོ་ཚུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-07-13

    ཚེས་11ཉིན། ལྗོངས་ཡོངས་ཀྱི་གཞི་རིམ་སྲིད་གྲོས་ལས་བྱེད་པའི“གལ་ཆེན་གསུམ”ལག་བསྟར་དོན་འཁྱོལ་གྱི་གསོ་སྦྱོང་འཛིན་གྲྭ་དེ་རང་སྐྱོང་ལྗོངས་ཏང་ཨུད་ཏང་གི་སློབ་གྲྭར་སློབ་འགོ་ཚུགས་པ་རེད།

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་ཀྲོང་ཡན་སློབ་འགོ་ཚུགས་པའི་མཛད་སྒོར་ཞུགས་པ་དང་གསུང་བཤད་གནང་བ་རེད།

    རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ལེ་ཀུའེ་ལུང་ཚོགས་འདུར་ཞུགས་པ་རེད།

    ཀྲོང་ཡན་གྱིས་ད་རེས་ཀྱི་གསོ་སྦྱོང་འཛིན་གྲྭ་གཉེར་བ་ནི། མི་དམངས་སྲིད་གྲོས་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་པའི་བྱ་སྤྱོད་ངོ་མ་ཞིག་ཡིན་ལ། དགོངས་པའི་སྣེ་ཁྲིད་ལ་ཤུགས་སྣོན་དང་། རང་འགན་གཙང་སྒྲུབ་ཀྱི་འཇོན་ཐང་ཆེ་རུ་གཏོང་བ། སྲིད་གྲོས་ལམ་ལུགས་ཀྱི་ལེགས་ཆ་མཐའ་སྐྱོང་བོད་བརྟན་གྱི་ནུས་ཕྱོད་ལ་དེ་བས་འགྱུར་བའི་ནང་གནས་ཀྱི་བླང་བྱ་ཞིག་ཀྱང་ཡིན་པས། ང་ཚོས་བསམ་བློ་དང་བྱ་སྤྱོད་མི་དམངས་སྲིད་གྲོས་ཀྱི་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་དགོངས་པ་གལ་ཆེན་ཐོག་གཅིག་གྱུར་ཡོང་བ་དང《ཀྲུང་གོ་གུང་ཁྲན་ཏང་གི་ཆབ་སྲིད་གྲོས་མོལ་གྱི་ལས་དོན་སྲོལ་ཡིག》སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ནས་སྲིད་གྲོས་ཀྱི་ལས་དོན་ཚན་རིག་ཅན་དང་། ལམ་ལུགས་ཅན། ཚད་ལྡན་ཅན་བཅས་ཀྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་སྟེ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་བླང་བྱ་སྲིད་གྲོས་ཀྱི་ལས་དོན་ལ་ཇི་མ་བཞིན་ལག་བསྟར་དོན་འཁྱོལ་ཡོང་བར་བྱེད་དགོས་ཞེས་གསུངས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་གསོ་སྦྱོང་འཛིན་གྲྭའི་དུས་ཡུན་ཉིན་7ཡིན་པ་དང་། དེའི་རིང་གཅིག་སྡུད་སློབ་ཁྲིད་དང་། བགྲོ་གླེང་སྤེལ་རེས་སོགས་ཀྱི་རྣམ་པས་འཚོག་པ་དང་། དེར་གྲོང་ཁྱེར(ས་ཁུལ)དང་རྫོང(ཆུས)སྲིད་གྲོས་ཀྱི་བློ་མཐུན་90ཙམ་ཞུགས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།