དབུ་ཤོག>སྲིད་དོན།
  • བློ་བཟང་རྒྱལ་མཚན་གྱིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ལྷན་ཏང་ཙུའི(རྒྱ་ཆེ)ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-07-09

     ཚེས་5ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཏང་ཙུའི་ཧྲུའུ་ཅི་དང་ཀྲུའུ་རེན་བློ་བཟང་རྒྱལ་མཚན་གྱིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ལྷན་ཏང་ཙུའི(རྒྱ་ཆེ)ཚོགས་འདུ་གཙོ་སྐྱོང་གནང་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མཉམ་སྡེབ་སློབ་སྦྱོང་ཐེངས་བཞི་བཅུ་པའི་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་དང་། ཨུ་ཡོན་ཀྲང་གཞོན་པ་ཀྲང་ཁྲུན་ཤན་དང་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁོར་ཡུག་སྲུང་སྐྱོང་བཅའ་ཁྲིམས》ལག་བསྟར་དོན་འཁྱོལ་བྱེད་པའི་ལག་བསྟར་བཞུགས་མོལ་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་། ཀྲུང་གོ་གུང་ཁྲན་ཏང་བོད་རང་སྐྱོང་ལྗོངས་འཐུས་མིའི་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བཅས་བྱས་པ་དང་འབྲེལ། མི་དམངས་འཐུས་ཚོགས་ཀྱི་ལས་ཀའི་དོན་དངོས་དང་ཟུང་འབྲེལ་བྱས་ནས་ཉེ་དུས་ཀྱི་གཙོ་གནད་ལས་དོན་བཀོད་སྒྲིག་བྱས་པ་རེད།

    བློ་བཟང་རྒྱལ་མཚན་གྱིས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་སྔར་བྱུང་མྱོང་མེད་པའི་ཤུགས་ཚད་དང་། སྔར་བྱུང་མྱོང་མེད་པའི་ཁྱབ་ཁྱོན། སྔར་བྱུང་མྱོང་མེད་པའི་གཏིང་ཚད་བཅས་ཀྱི་སྒོ་ནས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་སྤེལ་བར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་ཏང་ལ་དོ་དམ་དང་ཏང་སྐྱོང་བའི་ཆོད་སེམས་མངོན་ཡོད། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་བཀོད་སྒྲིག་ཐེངས་མང་བྱས་ཏེ། མང་ཚོགས་ཀྱི་ཁེ་ཕན་ལ་གནོད་པའི་གྱོད་གཞི་ཆེ་གྲས་དང་གནད་ཆེའི་གྱོད་གཞི་ཁག་གཅིག་ཞིབ་བཤེར་ཐག་གཅོད་བྱས་ཡོད། ང་ཚོས་སྔ་ཕྱི་བར་གསུམ་དུ་ཉེན་བརྡ་རྒྱུན་སྒྲོག་དང་རྒྱུན་དུ་དོགས་ཟོན་ཐུབ་པར་བྱས་ནས་མི་དམངས་འཐུས་ཚོགས་ལས་ཁུངས་སུ་སྤྱོད་གཙང་གཞུང་དྲང་རྒྱུན་འཁྱོངས་བྱེད་དགོས། ས་གནས་ཀྱི་ཁྲིམས་འཛུགས་ཀྱི་ཁ་གསབ་རང་བཞིན་གྱི་ནུས་པ་འདོན་སྤེལ་གང་ལེགས་ཀྱིས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་ཁྱབ་ཁོངས་ལ་དམིགས་ཏེ་ཁྲིམས་འཛུགས་བྱས་ནས། རང་ལྗོངས་ཀྱི་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཁྲིམས་སྐྱོང་སྲོལ་ལམ་ཐོག་འཁོར་སྐྱོད་ཐུབ་པར་སྐུལ་འདེད་གཏོང་དགོས། ཏང་དང་རྒྱལ་ཁབ་ཀྱི་ལྟ་སྐུལ་མ་ལག་ཁྲོད་ཀྱི་མི་དམངས་འཐུས་ཚོགས་ཀྱི་ལྟ་སྐུལ་གྱི་ནུས་པ་གལ་ཆེན་འདོན་སྤེལ་གང་ལེགས་བྱས་ནས། གཞུང་ཁོངས་རྒྱུ་ནོར་དོ་དམ་གནས་ཚུལ་ལ་ལྟ་སྐུལ་དང་། སྔོན་རྩིས་ལ་ཞིབ་བཤེར་ལྟ་སྐུལ་བྱེད་པའི་གཙོ་གནད་རྒྱ་སྐྱེད་སྒྱུར་བཅོས་དང་ས་གནས་སྲིད་གཞུང་གི་བུ་ལོན་ལ་ཞིབ་བཤེར་ལྟ་སྐུལ་བྱེད་པ་སོགས་གཙོ་གནད་དུ་བཟུང་ནས་སྐུལ་འདེད་བཏང་སྟེ། དབང་ཆ་གང་བྱུང་དུ་མི་སྤྱོད་པའི་འགན་ལེན་བྱེད་དགོས། མི་དམངས་འཐུས་ཚོགས་ཀྱི་ལས་བྱེད་པས་རུལ་རྒོལ་འགྱུར་ཟོན་གྱི་བསམ་བློ་བརྟན་དུ་བཏང་ནས་ཆབ་སྲིད་ཀྱི་ཁོར་ཡུག་བཟང་པོ་ཧུར་ཐག་སྐྲུན་དགོས་ཞེས་གསུངས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།