དབུ་ཤོག>སྲིད་དོན།
  • ཏང་ཀྲུང་དབྱང་གི་གཏན་འབེབས་ལ་མཐའ་གཅིག་ཏུ་བརྩི་བཀུར་ཞུས་ཏེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་སྐུལ་འདེད་གཏིང་ཟབ་གཏོང་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-07-09

    ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཚོགས་འདུ་འཚོགས་ནས་ཀྲང་ཡུང་ཙེ་ཏང་གི་སྐྱིད་སྡུག་དང་གཞུང་གི་ལས་གནས་ནས་ཕྱིར་འབུད་ཀྱི་ཆད་པ་གཅོད་རྒྱུའི་སྐོར་གྱི་ཀྲུང་དབྱང་སྒྲིག་ཨུད་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་གཏན་འབེབས་བརྡ་ཁྱབ་བཏང་བ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

    ཚོགས་འདུའི་ཐོག་ངོས་འཛིན་གཅིག་མཐུན་བྱུང་དོན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱིས་ཀྲང་ཡུང་ཙེ་ཡིས་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པའི་གྱོད་གཞིར་ཆད་པ་ནན་པོ་བཅད་པ་དེ་ཐོག་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཏང་གིས་ཏང་ལ་དོ་དམ་དང་། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་མཐའ་འཁྱོངས་བྱེད་པའི་ཆོད་སེམས་བརྟན་པོ་གང་ལེགས་མཚོན་པ་དང་། རང་རེའི་ཏང་གིས་རུལ་སུངས་ཀྱི་གནད་དོན་ཐར་པར་གཏན་ནས་མི་གཏོང་བ་དང་རང་ངོས་ཀྱི་གསར་བརྗེ་མཐའ་གཅིག་ཏུ་བྱེད་པའི་བློ་སྟོབས་བརྟན་པོ་གང་ལེགས་མཚོན་པ། སྤྱི་ཚོགས་ཡོངས་ལ་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པར་དུས་ཚོད་སྐར་ཆ་གཅིག་ཀྱང་མཚམས་མི་འཇོག་པ་དང་ནམ་ཡང་ཚར་དུས་མེད་པའི་བརྡ་རྟགས་དྲག་པོ་སླར་ཡང་བཏང་བ། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་ཀྱིས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་ངེས་པར་དུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་དང་རྒྱུན་མཐུད་ངང་ཤུགས་རྒྱག་དགོས་པའི་ཉེན་བརྡ་གཏིང་ཟབ་བཏང་བ་བཅས་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ཀྲུང་དབྱང་སྒྲིག་ཨུད་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱིས་ཀྲང་ཡུང་ཙེ་ཏང་གི་སྐྱིད་སྡུག་དང་གཞུང་གི་ལས་གནས་ནས་ཕྱིར་འབུད་ཀྱི་གཏན་འབེབས་ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུས་པ་རེད།

    ཚོགས་འདུའི་ཐོག་ནན་བཤད་གནང་དོན། རིམ་པ་ཁག་གི་འགོ་ཁྲིད་ལས་བྱེད་པས་ཀྲང་ཡུང་ཙེའི་སྒྲིག་འགལ་ཁྲིམས་འགལ་གྱི་གྱོད་གཞི་ཚབས་ཆེན་དཔྱད་གཞིར་འཛིན་ནས་བསླབ་བྱ་དང་ལེན་དང་ལྟ་བསྡུར་བསམ་ཞིབ་བྱས་ཏེ་ཆབ་སྲིད་ཐད་རིག་པ་དྭངས་གསལ་ཡོང་རྒྱུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱེད་པ་དང་། “གཏན་འཁེལ་གཉིས”ལ་བརྩི་བཀུར་ཞུ་བ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ནས་ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་རྟོགས་སད་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་ཟམ་མི་ཆད་པར་ཆེ་རུ་བཏང་ནས། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ། བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བར་བྱེད་དགོས། ཏང་གི་ཆབ་སྲིད་སྒྲིག་ཁྲིམས་དང་ཆབ་སྲིད་སྒྲིག་ལམ་ལ་བརྩི་སྲུང་ནན་པོ་ཞུས་ནས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་ནན་པོ་བྱེད་པ་དང་། སྣེ་ཁྲིད་དེ་སྤྱོད་གཙང་སྲིད་ཞུགས་ཀྱི་གཏན་འབེབས་ཁག་ལ་བརྩི་སྲུང་ཞུ་བ། ཐོག་མཐའ་བར་གསུམ་དུ་གུས་སྐྲག་གི་བསམ་བློར་བརྟེན་ནས་དབང་ཆར་ལྟ་སྟངས་འཛིན་པ། དབང་ཆ་དྲང་གཞག་སྤྱོད་པ་དང་། དམངས་ཀྱི་ཆེད་དུ་དབང་ཆ་སྤྱོད་པ། ཁྲིམས་ལྟར་དབང་ཆ་སྤྱོད་པ་བཅས་བྱེད་དགོས། ཁྱིམ་སྲོལ་དང་ཁྱིམ་ཚང་སློབ་གསོ་ནན་དུ་བཏང་ནས་ཁྱིམ་མི་བུ་ཕྲུག་དང་ཉེ་འགྲམ་གྱི་ལས་དོན་མི་སྣར་དོ་དམ་ནན་པོ་བྱས་ཏེ་རང་འགུལ་ངང་སྤྱོད་གཙང་རང་འདོམས་ཀྱི་དཔེ་བཟང་བྱེད་དགོས་པ་བཅས་རེད།

    ཚོགས་འདུའི་ཐོག་ནན་བཤད་གནང་དོན། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་ཀྱིས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་བླང་བྱ་ཁག་དོན་འཁྱོལ་ནན་ཏན་བྱས་ཏེ་ཏང་ལ་དམ་འཛིན་དང་ཏང་ལ་དོ་དམ་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་ཏན་ཏིག་འཁུར་བ་དང་། འཐབ་རྩོད་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ། རང་ངོས་གསར་བརྗེ་བྱེད་ཕོད་པ། སྤྱོད་ཚུལ་ལེགས་སུ་དང་སྒྲིག་ཁྲིམས་ནན་དུ་གཏོང་བའི་རུལ་སུངས་ལ་ངོ་རྒོལ་བྱེད་པའི་དམ་བསྒྲགས་རྣམ་པ་རྒྱུན་འཁྱོངས་བཅས་བྱས་ནས། རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ཐུབ་པ། རུལ་སུངས་བྱེད་མི་འདོད་པ་བཅས་ལ་སྡེབ་གཅིག་ཏུ་སྐུལ་འདེད་གཏོང་དགོས། དྲན་སྐུལ་གྱི་སློབ་གསོ་གཏིང་ཟབ་སྤེལ་ནས་གྱོད་གཞིར་བརྟེན་ནས་ཉེན་བརྡ་གཏོང་བ་དང་། གྱོད་གཞིར་བརྟེན་ནས་སྒྱུར་བཅོས་ལ་སྐུལ་མ་གཏོང་བ། གྱོད་གཞིར་བརྟེན་ནས་བཅོས་སྐྱོང་ལ་སྐུལ་མ་གཏོང་བ་བཅས་བྱས་ཏེ་ཏང་ཡོན་ལས་བྱེད་པར་གྱོད་གཞིའི་ཁྲོད་ནས་བསླབ་བྱ་གཏིང་ཟབ་ཐོབ་རྒྱུའི་ཁྲིད་སྟོན་བྱེད་པ་དང་། རང་ཉིད་ཀྱིས་དངོས་སུ་རང་བརྟག་དང་། ཟུར་བསྟན་ལེབ་མཐོང་། ཉེན་བརྡ་རྒྱུན་སྒྲོག་བཅས་བྱས་ནས་སྔ་ཙམ་ནས་དམ་འཛིན་དང་། ཆུང་ཙག་ནས་དམ་འཛིན། རྣམ་ཀུན་ནས་ནན་པོ་བཅས་ཐུབ་པར་བྱེད་དགོས། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བ་དོན་འཁྱོལ་དང་། ཏང་ནང་ཁུལ་གྱི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་པ་སོགས་ཀྱི་མི་འདང་ས་དང་ཧེ་བག་འཚོལ་ཞིབ་གཏིང་ཟབ་བྱས་ཏེ་གནད་དོན་གྱི་ཁུངས་སྣེ་ཕྱོགས་ཡོངས་ནས་གྲལ་བཤེར་གཏིང་ཟབ་བྱེད་པ་དང་། སྒྲིག་འགལ་ཁྲིམས་འགལ་གྱི་གནད་དོན་ཞིབ་བཤེར་ཐག་གཅོད་ནན་པོ་བྱེད་པ། སྒྲིག་སྲོལ་དང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་ཚན་རིག་ཅན་དང་། ལམ་ལུགས་ཅན། ཚད་ལྡན་ཅན་བཅས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་རུལ་སུངས་བྱེད་མི་ཕོད་པའི་ཟིལ་ཤུགས་རྒྱུན་མཐུད་དང་། རུལ་སུངས་བྱེད་མི་ཐུབ་པའི་ཚོད་འཛིན་མུ་མཐུད་ནན་དུ་གཏོང་བ། རུལ་སུངས་བྱེད་མི་འདོད་པའི་རང་རྟོགས་རྒྱུན་མཐུད་ཆེ་རུ་འགྲོ་བ་བཅས་བྱས་ནས། བློ་བརྟན་འགྱུར་མེད་ངང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་གཏིང་ཟབ་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་སྟེ་སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་ཁོར་ཡུག་ཅིག་གཏོད་དགོས་པ་བཅས་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།