དབུ་ཤོག>སྲིད་དོན།
  • རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱིས་བོད་ཀྱི་རི་སའི་བྱེས་བགྲོད་ལུས་རྩལ་ལས་རིགས་སློབ་གླིང་གི་རྣམ་གྲངས་འགན་གཙང་འགན་ལེན་ལས་དོན་ལ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-07-07

    གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ལས་དོན་བཀོད་སྒྲིག་སྐོར་གྱི་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བླང་བྱ་ལག་བསྟར་དོན་འཁྱོལ་ནན་ཏན་བྱ་ཆེད། ཉེ་དུས་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལྕགས་རྭ་བློ་བཟང་བསྟན་འཛིན་གྱིས་རུ་སྣེ་ཁྲིད་དེ་རང་སྐྱོང་ལྗོངས་ལུས་རྩལ་ལག་རྩལ་སློབ་གྲྭ་དང་། རྩལ་འགྲན་ལུས་རྩལ་དོ་དམ་ལྟེ་གནས། རི་འཛེག་རུ་ཁག་སོགས་སུ་ཕེབས་ནས་ས་གནས་ས་ཐོག་ཏུ་བོད་ཀྱི་རི་སའི་བྱེས་བགྲོད་ལུས་རྩལ་ལས་རིགས་སློབ་གླིང་གི་དུས་འགོའི་ལས་དོན་གནས་ཚུལ་མཁྱེན་རྟོགས་གནང་བ་མ་ཟད། ས་གནས་ས་ཐོག་ཏུ་བཀོད་གཏོང་སྐུལ་སྤེལ་ཚོགས་འདུའང་འཚོགས་པ་རེད།

    བརྟག་ཞིབ་ཚོགས་ཆུང་གིས་རང་སྐྱོང་ལྗོངས་ལུས་རྩལ་ཅུས་ཁོངས་གཏོགས་ཀྱི་ད་ཡོད་ཀྱི་སློབ་གསོ་སློབ་ཁྲིད་སྒྲིག་བཀོད་དང་ས་སྤྱོད་ཐོན་ཁུངས་ལ་ལྟ་ཞིབ་ཞིབ་ཕྲ་བྱས་ནས། བོད་ཀྱི་རི་སའི་བྱེས་བགྲོད་ལུས་རྩལ་ལས་རིགས་སློབ་གླིང་གི་རྣམ་གྲངས་ལས་དོན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་དགོས་པའི་ཐད་བླང་བྱ་ཁ་གསལ་བཏོན་ཡོད་པ་རེད། བརྟག་ཞིབ་ཚོགས་ཆུང་གིས། བོད་ཀྱི་རི་སའི་བྱེས་བགྲོད་ལུས་རྩལ་ལས་རིགས་སློབ་གླིང་འཛུགས་སྐྲུན་བྱ་རྒྱུ་ནི་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ལུས་རྩལ་དང་སློབ་གསོའི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལག་བསྟར་གཏིང་ཟབ་བྱེད་པའི་ལས་འགན་གལ་ཆེན་ཞིག་དང་། ལུས་རྩལ་དང་སློབ་གསོ་མཉམ་འདྲེས་གཏིང་ཟབ་དང་། བོད་ཀྱི་ལུས་རྩལ་ལས་རིགས་སློབ་གསོའི་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། ལུས་རྩལ་ལས་རིགས་སློབ་གསོའི་ཆུ་ཚད་མཐོ་རུ་གཏོང་བ་བཅས་ཀྱི་དངོས་སྒྲུབ་བྱེད་ཐབས་ཤིག་ཡིན་པས། གཙོ་གཉེར་ཚན་པ་དང་འབྲེལ་ཡོད་སྡེ་ཚན་ཁག་གྱིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་ཏན་ཏིག་གཏོང་བ་དང་འགན་འཁྲི་དོན་འཁྱོལ་ལ་ཤུགས་སྣོན་བརྒྱབ་ནས་རྣམ་གྲངས་ཀྱི་དུས་འགོའི་ལས་དོན་ཁག་ལ་སྐུལ་འདེད་མགྱོགས་པོ་གཏོང་དགོས་ཞེས་མཛུབ་སྟོན་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།