དབུ་ཤོག>སྲིད་དོན།
  • ལྗོངས་ཡོངས་སུ་ཞིང་འབྲོག་པའི་ཉམས་འགྱུར་གསར་པ་གཏོད་པའི་བྱ་སྤྱོད་ཀྱི་ཆེད་དོན་བཀོད་སྒྲིག་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-07-06

     རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཆོག་མཆན་ཐོབ་པ་བརྒྱུད། ཚེས་4ཉིན། ལྗོངས་ཡོངས་སུ་ཞིང་འབྲོག་པའི་ཉམས་འགྱུར་གསར་པ་གཏོད་པའི་བྱ་སྤྱོད་ཀྱི་ཆེད་དོན་བཀོད་སྒྲིག་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་པ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི། རང་སྐྱོང་ལྗོངས་ཏང་ཨུད་གྲོང་གསེབ་ལས་དོན་འགོ་ཁྲིད་ཚོགས་ཆུང(རང་སྐྱོང་ལྗོངས་ཏང་ཨུད་གྲོང་གསེབ་དར་རྒྱས་འཐབ་ཇུས་ལག་བསྟར་འགོ་ཁྲིད་ཚོགས་ཆུང)གི་རྒྱུན་ལས་ཙུའུ་ཀྲང་གཞོན་པ་བཅས་ཡིན་པའི་ཀྲོང་ཡན་ཚོགས་འདུར་ཞུགས་ཤིང་། ཁོང་གིས། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་གྲོང་གསེབ་ཀྱི་བསམ་པའི་དཔལ་ཡོན་སྲོལ་གཏོད་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་དང་རང་སྐྱོང་ལྗོངས་ཀྱི《སྲིད་གཞུང་གི་ལས་དོན་སྙན་སྒྲོན》གྱི་བཀོད་སྒྲིག་དང་ལྷག་པར་དུ་ཧྲུའུ་ཅི་ཝང་ཅུན་ཀྲེང་དང་ཀྲུའུ་ཞི་ཡན་ཅིན་ཧའེ་ཡི་མཛུབ་སྟོན་བླང་བྱ་ལག་བསྟར་དོན་འཁྱོལ་བྱས་ནས། གྲོང་གསེབ་ཀྱི་སྤྱི་ཚོགས་ཤེས་དཔལ་གྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་སྟེ་སྡོད་མལ་དང་ལས་ཀར་འཚམ་པའི་མཛེས་སྡུག་ལྡན་པའི་གྲོང་གསེབ་ཧུར་ཐག་སྐྲུན་དགོས་པའི་ནན་བཤད་གནང་བ་རེད།

    རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་རྒྱལ་མཚན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ《བོད་རང་སྐྱོང་ལྗོངས་ཀྱིས་ཞིང་འབྲོག་པའི་ཉམས་འགྱུར་གསར་པ་གཏོད་པའི་བྱ་སྤྱོད་ལག་བསྟར་ཇུས་གཞིར》གསལ་བཤད་གནང་བ་རེད།

    ཚོགས་འདུའི་ཐོག་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་བཏང་ནས། ཞིང་འབྲོག་པའི་ཉམས་འགྱུར་གསར་པ་གཏོད་པའི་བྱ་སྤྱོད་ནི་ཞིང་འབྲོག་ཁུལ་གྱི་ཤེས་དཔལ་ཚད་གཞི་མཐོ་རུ་གཏོང་བ་དང་། ཞིང་འབྲོག་པའི་བྱང་ཚད་མཐོ་རུ་གཏོང་བ། ཤེས་དཔལ་བདེ་ཐང་གི་འཚོ་བ་སྐྱེལ་སྟངས་འཇགས་རྒྱུར་སྐུལ་འདེད་གཏོང་བ་བཅས་ཀྱི་ཁ་ཚ་དགོས་གཏུགས་ཤིག་དང་། དུས་རབས་གསར་པའི་བོད་ཀྱི་ཞིང་འབྲོག་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཕྱོགས་བསྡུས་ཆུ་ཚད་མཐོ་རུ་གཏོང་བའི་ཁ་ཚ་དགོས་གཏུགས་ཤིག “དོན་ཆེན་བཞི”དང་། “འགན་ལེན་བཞིར”དམིགས་པ་དང་། “འཛུགས་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞིར”ཤུགས་རྒྱག་པའི་ཁ་ཚ་དགོས་གཏུགས་བཅས་ཀྱི་བླང་བྱ་ཞིག་ཡིན་པར་ངོས་འཛིན་གཏིང་ཟབ་བྱེད་དགོས། བསམ་བློ་ཆབ་སྲིད་ཀྱི་སྣེ་ཁྲིད་ཤུགས་ཆེ་རུ་གཏོང་བ་དང་། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་དང་ལམ་ཕྱོགས་མཛད་ཕྱོགས་སྲིད་ཇུས་གཞི་རིམ་དུ་དྲིལ་བསྒྲགས་གཏིང་ཟབ་དང་མི་སེམས་ལ་གཏིང་ཟབ་ཟུག་པར་བྱས་ཏེ། ཞིང་འབྲོག་ཁུལ་གྱི་མང་ཚོགས་ལ“གཏན་འཁེལ་གཉིས”ལ་ལྷག་བསམ་རྣམ་དག་ངང་བརྩི་བཀུར་ཞུ་བ་དང། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱས་ཏེ་དེ་བས་བློ་བརྟན་འགྱུར་མེད་དང་རང་རྟོགས་ངང་ཏང་དང་། རྒྱལ་ཁབ། སྤྱི་ཚོགས་རིང་ལུགས་བཅས་ལ་དགའ་ཞེན་བྱ་རྒྱུར་ཁྲིད་སྟོན་བྱེད་དགོས། མང་ཚོགས་ལ་དྲིལ་བསྒྲགས་སློབ་གསོ་གཏོང་རྒྱུར་ཤུགས་སྣོན་བརྒྱབ་ནས“འདུ་ཤེས་གསུམ”གྱི་མང་ཚོགས་རང་བཞིན་གྱི་དྲིལ་བསྒྲགས་སློབ་གསོ་སྤེལ་ཤུགས་ཆེ་རུ་གཏོང་བ་དང་། “གྲོང་གསེབ་ཏུ་བཅའ་ཁྲིམས་དྲིལ་བསྒྲགས”བྱེད་སྒོ་མུ་མཐུད་སྤེལ་བ། གྲོང་སྲོལ་དམངས་ཆིངས་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས་ཞིང་འབྲོག་མང་ཚོགས་ལ་རང་འགུལ་ངང་ཁྲིམས་སྦྱོང་དང་། ཁྲིམས་སྲུང་། ཁྲིམས་སྤྱོད་བཅས་བྱེད་རྒྱུར་ཁྲིད་སྟོན་བྱེད་དགོས། ཁྱིམ་ཚང་གི་ཁྱིམ་སྲོལ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་སྤྱོད་བཟང་དར་སྤེལ་ཤུགས་ཆེན་བཏང་སྟེ་གཟི་ཁྲེལ་ཤེས་པ་དང་། སྤྱོད་བཟང་ལ་སྣང་ཆེན། ཞི་མཐུན་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་དར་སྲོལ་བཟང་པོ་ཆགས་པར་བྱེད་དགོས། རིག་གནས་རྒྱུན་འཛིན་བྱེད་ཤུགས་ཆེ་རུ་བཏང་ནས་རིག་གནས་དམངས་ཕན་གྱི་འདུ་འགོད་ལག་བསྟར་གཏིང་ཟབ་བྱེད་པ་དང་། རིག་གནས་དང་བླངས་ཞབས་ཞུའི་སྤུས་རྟགས་མུ་མཐུད་བཏོད་དེ་ཞིང་འབྲོག་མང་ཚོགས་ཀྱི་བསམ་པ་དང་རིག་གནས་ཀྱི་འཚོ་བ་ཟམ་མི་ཆད་པར་ཕུན་སུམ་ཚོགས་སུ་གཏོང་དགོས། མི་ཕྱུགས་མཉམ་སྡོད་ཀྱི་གནད་དོན་གཙོ་གནད་ཐོག་ཐག་གཅོད་བྱེད་པ་དང་། སྡོད་མལ་ཁོར་ཡུག་མུ་མཐུད་བཅོས་སྒྲིག་དང་ལེགས་སུ་གཏོང་བ། གྲོང་ཚོའི་དྭངས་གཙང་བྱ་སྤྱོད་དང་གྲོང་གསེབ་ཀྱི་སྔོ་འགྱུར་མཛེས་བཟོའི་བྱ་སྤྱོད་ལག་བསྟར་གཏིང་ཟབ་བཅས་བྱས་ནས་ཤེས་དཔལ་གྱི་འཚོ་བ་སྐྱེལ་སྟངས་གཏོད་དགོས་པའི་ནན་བཤད་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།