ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་རང་སྐྱོང་ལྗོངས་གྲོང་གསེབ་དར་རྒྱས་ཅུས་སུ་བརྟག་ཞིབ་གནང་བར་ཕེབས་པ་རེད།
ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཁྲེན་ཡུང་ཆིས་ལྷན་དུ་རྟོག་ཞིབ་གནང་བ་རེད།
ཡན་ཅིན་ཧའེ་སྔ་རྗེས་སུ་དབུལ་པོ་བསྐྱར་ལོག་སྔོན་འགོག་ལྟ་ཞིབ་ཚད་ལེན་ཆ་འཕྲིན་མ་ལག་ཆ་འཕྲིན་ལྟེ་གནས་དང་། ལྟ་སྐུལ་དཔྱད་དཔོག་ཁྲུའུ། འཆར་གཞི་ནོར་དོན་ཁྲུའུ་བཅས་སུ་ཕེབས་ནས་ལས་སྟེགས་འཁོར་སྐྱོད་དང་། དབུལ་པོ་བསྐྱར་ལོག་སྔོན་འགོག་བྱེད་ཐབས། ཀྲུང་དབྱང་ནོར་སྲིད་ཀྱིས་གྲོང་གསེབ་དར་རྒྱས་ལ་སྦྲེལ་མཐུད་དང་སྐུལ་འདེད་གཏོང་བའི་ཁ་གསབ་མ་དངུལ་རྣམ་གྲངས་ལས་འགོ་ཚུགས་ཚད་དང་གཏོང་སྒོའི་འཕེལ་རིམ་སོགས་མཁྱེན་རྟོགས་གནང་བ་མ་ཟད། ལས་ཀའི་སྙན་སེང་གསན་པ་རེད།
ཡན་ཅིན་ཧའེ་ཡིས་ནན་བཤད་གནང་དོན། གྲོང་གསེབ་དར་རྒྱས་ནི་དུས་རབས་གསར་པའི“ཞིང་གསུམ”ལས་དོན་གྱི་སྤྱིའི་དམ་འཛིན་བྱ་གཞི་ཞིག་ཡིན་པས། གོམ་སྟབས་རྗེས་མར་གཅིག་ནས་སྲ་བརྟན་དང་རྒྱ་སྐྱེད་དབར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ནས་དབུལ་པོ་བསྐྱར་ལོག་སྔོག་འགོག་གི་མཐའ་ཚད་བརྟན་པོ་སྲུང་དགོས་པ་དང་། གཉིས་ནས་ཁ་ཐོར་དང་གཅིག་སྡུད་དབར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ཏེ་ཐོན་ལས་དར་རྒྱས་ལ་སྐུལ་འདེད་གཏོང་དགོས་ཤིང་། ལེཌ་བསྡུས་ཞིབ་གཉེར་གྱི་ལམ་བུར་བསྐྱོད་རྒྱུ་མཐའ་འཁྱོངས་དང་། དུད་སྦྲེལ་གཉེར་སྐྱོང་ལ་སྐུལ་འདེད། ས་ཞིང་བརྒྱུད་བཤུག་སོཌ་ཀྱི་རྣམ་པར་བརྟེན་ནས་ཐོན་སྐྱེད་ནུས་ཤུཌ་བཅིངས་འགྲོལ་དང་གོང་འཕེལ་གཏོང་བ་དང་། ཐབས་ལམ་མང་པོ་དང་སྣེ་མང་ཅན་གྱིས་མི་སེར་གྱི་ཡོང་འབབ་མང་དུ་གཏོང་དགོས་པ། གསུམ་ནས་ཕ་ཡུལ་ནས་ཐོན་པ་དང་ཕ་ཡུལ་དུ་ལོག་པའི་དབར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ཏེ་ཤེས་ལྡན་མི་སྣའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཤིང་། འཇོན་ཐང་ཅན་གྱི་སྐུལ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། མང་ཚོགས“ཕྱིར་སྐྱོད”ནས་མཐོང་རྒྱ་ཆེ་རུ་གཏོང་བ་དང་། འཇོན་ཐང་སྦྱོང་བ། བསམ་བློར་འགྱུར་ལྡོག་གཏོང་བ་བཅས་བྱེད་པར་སྐུལ་ལྕག་དང་། ལེགས་ཆའི་ཐོན་ཁུངས་ཞིང་འབྲོག་ཁུལ་ལ་ཕྱོགས་ཏེ་རང་ཡུལ་དུ་ལོག་པའི་སློབ་ཆེན་སློབ་མ་དང་། དམག་ཞབས་ཐིམ་པའི་དམག་མི། ཕྱུག་འགྱུར་སྣེ་ཁྲིད་པ་སོགས་ལ་གྲོང་གསེབ་དང་འབྲོག་ཁུལ་དུ་མཚན་སྙན་ཡོད་པ་དང་། ལས་སྟེགས་ཡོད་པ། ཕན་འབྲས་ཐོན་པ་བཅས་བྱེད་དགོས་པ། བཞི་ནས་ཕྱི་ཚུལ་དང་བླ་སྲོག་གཏོད་པའི་དབར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ཏེ་རིག་གནས་དར་རྒྱས་ལ་སྐུལ་འདེད་གཏོང་དགོས་ཤིང་། “ཡུལ་གྱི་རྣམ་པ་དང་། ཡུལ་གྱི་ལོ་རྒྱུས། ཡུལ་གྱི་དར་སྲོལ། ཡུལ་གྱི་གོམས་སྲོལ། ཡུལ་གྱི་རྟེན་འབྲེལ། ཡུལ་གྱི་སྒྱུ་རྩལ”བཅས་ལ་གཞི་ཚུགས་ཏེ་དམངས་སྲོལ་རིག་གནས་ཀྱི་ནང་དོན་སྔོག་འདོན་གཏིང་ཟབ་བྱས་ནས་སྲུང་སྐྱོང་གསར་སྤེལ་ཡག་པོ་དང་། ཞིང་འབྲོག་མང་ཚོགས་ཀྱི་རྣམ་པ་གསར་པ་གཏོད་པའི་བྱ་སྤྱོད་མགྱོགས་མྱུར་སྤེལ་ནས་མང་ཚོགས་ཀྱིས་འཕྲོད་བསྟེན་ལ་སྣང་ཆེན་དང་། ཡ་རབས་ལ་སྣང་ཆེན། ཡར་རྒྱས་ལ་སྣང་ཆེན་བཅས་ལ་སློབ་གསོ་ཁྲིད་སྟོན་བྱེད་དགོས་པ། ལྔ་ནས་གྲོང་ཚོའི་རྣམ་པ་དང་ཁྱིམ་ཚང་གི་རྣམ་པའི་དབར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ནས་སྐྱེ་ཁམས་དར་རྒྱས་ལ་སྐུལ་འདེད་གཏོང་དགོས་ཤིང་། འཆར་འགོད་ཀྱིས་ཁྲིད་སྟོན་མཐའ་འཁྱོངས་བྱས་ནས་ཡུལ་དེ་གའི་ཁྱད་ཆོས་མངོན་གསལ་དོད་པོ་ཡོང་བར་བྱས་ཏེ“གྲོང་ཚོ་སྟོང་ཕྲག་རྣམ་པ་གཅིག”གཏན་འགོག་བྱེད་དགོས་པ། དྲུག་ནས་ཁྲིད་སྟོན་དང་ཚོད་འཛིན་དབར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ནས་རྩ་འཛུགས་དར་རྒྱས་ལ་སྐུལ་འདེད་གཏོང་དགོས་ཤིང་། རྩ་འཛུགས་སོགས་སྡེ་ཚན་ཁག་ལ་གཞོགས་འདེགས་བྱས་ཏེ་གཞི་རིམ་ཏང་རྩ་འཛུགས་ཐུན་མོང་འཛུགས་སྐྱོང་ཡག་པོ་དང་སྟོབས་ཆེར་གཏོང་བ་དང་། གྲོང་སྲོལ་དམངས་ཆིངས་ཀྱི་ནུས་པ་བཏོན་ནས་ཆེད་ལས་མཉམ་ལས་ཁང་སོགས་ལ་བརྟེན་ཏེ་མང་ཚོགས་ཚོའི་རྙིང་ཞེན་བག་འཁུམ་གྱི་འདུ་ཤེས་ལ་འགྱུར་ལྡོག་འགྲོ་བར་ཁྲིད་སྟོན་བྱེད་དགོས།
ཡན་ཅིན་ཧའེ་ཡིས་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་ལྗོངས་ཡོངས་ཀྱི་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཕྱོགས་ཀྱིས་སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་བྱེད་པར་དཔེ་སྟོན་སྣེ་ཁྲིད་བྱས་ཏེ་དེ་བས་གཡུར་ཟའི་གྲུབ་འབྲས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས་པའི་བླང་བྱ་བཏོན་གནང་བ་རེད།