དབུ་ཤོག>སྲིད་དོན།
  • ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་ལས་ཁུངས་སྒྲིག་གཞི་ཨུ་ལྷན་གྱི་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-07-05

    ◆སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་མཐའ་འཁྱོངས་བྱས་ནས་སྒྲིག་ཁུངས་ཀྱི་ལས་དོན་ལ་སྤྱི་འདོམས་དང་། སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ། ལས་དོན་ཏན་ཏིག་སྒྲུབ་པ་བཅས་བྱས་ནས་དུས་རབས་གསར་པའི་བོད་ཀྱི་ལས་ཁུངས་སྒྲིག་གཞིའི་ལས་དོན་གྱི་སྤྱི་ཡོངས་ཀྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས།

    ཉིན་ཤས་གོང་། རང་སྐྱོང་ལྗོངས་ཏང་ཨུད་ལས་ཁུངས་སྒྲིག་གཞི་ཨུ་ལྷན་གྱིས་ཚོགས་འདུ་འཚོགས་ཤིང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་རང་སྐྱོང་ལྗོངས་ཏང་ཨུད་ལས་ཁུངས་སྒྲིག་གཞི་ཨུ་ལྷན་གྱི་ཀྲུའུ་རེན་ཝང་ཅུན་ཀྲེང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་གསུང་བཤད་གནང་ཞིང་། ཁོང་གིས་ལས་ཁུངས་སྒྲིག་གཞིའི་ལས་དོན་དང་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་དང་ལས་དོན་ཏན་ཏིག་བསྒྲུབས་ནས་དུས་རབས་གསར་པའི་བོད་ཀྱི་ལས་ཁུངས་སྒྲིག་གཞིའི་ལས་དོན་གྱི་སྤྱི་ཡོངས་ཀྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས་པའི་ནན་བཤད་གནང་བ་རེད།

    ཡན་ཅིན་ཧའེ་དང་། ཀྲོང་ཡན། ལའེ་ཅའོ། ཟླ་བ་ཚེ་རིང་བཅས་ཚོགས་འདུར་ཞུགས་ཡོད་པ་རེད།

    ཚོགས་འདུའི་ཐོག་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོར་འཛུགས་པའི་རང་སྐྱོང་ལྗོངས་ཞིབ་འཇུག་ལྟེ་གནས་དང་། རང་སྐྱོང་ལྗོངས་སྐྱེ་ཁམས་ཁོར་ཡུག་ཚན་རིག་ཞིབ་འཇུག་ཁང་། ལྷ་སའི་མཚོ་བོད་ས་མཐོ་ཚན་རིག་ཞིབ་འཇུག་ལྟེ་གནས། རང་སྐྱོང་ལྗོངས་སྤྱི་ཁྱབ་བཟོ་ཚོགས་ལས་བཟོའི་རོགས་སྐྱོར་ཞབས་ཞུའི་ལྟེ་གནས་སོགས་འཛུགས་རྒྱུའི་སྐོར་གྱི་གནད་དོན་ལ་ཞིབ་འཇུག་བྱས་པ་མ་ཟད། འབྲེལ་ཡོད་གཙོ་གནད་ལས་དོན་བཀོད་སྒྲིག་ཀྱང་བྱས་པ་རེད།

    ཝང་ཅུན་ཀྲེང་གིས་བསྟན་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལས་ཁུངས་སྒྲིག་གཞིའི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ནས་མཛུབ་སྟོན་གལ་ཆེན་དང་གསུང་བཤད་གལ་ཆེན་རབ་དང་རིམ་པ་གནང་སྟེ། ལས་ཁུངས་སྒྲིག་གཞིའི་ལས་དོན་གྱི་འཐབ་ཇུས་ངེས་གནས་དང་། དམིགས་ཚད་ཁ་ཕྱོགས། གཞི་རྩའི་རྩ་དོན། ལས་འགན་གཙོ་བོ། ལག་ལེན་བླང་བྱ་བཅས་གོ་རིམ་ལྡན་པའི་ངང་རྒྱས་བཤད་གནང་ཞིང་། དུས་རབས་གསར་པའི་ལས་ཁུངས་སྒྲིག་གཞིའི་ལས་དོན་ཡག་པོ་སྒྲུབ་པར་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ནས། བློ་བརྟན་འགྱུར་མེད་ངང་ལས་ཁུངས་སྒྲིག་གཞིའི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་བརྟེན་ནས་ལས་དོན་སྤྱི་ཡོངས་ལ་སྤྱི་འདོམས། ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་རྟོགས་སད་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་ལས་དོན་ལ་ཇུས་འགོད་བྱེད་པའི་ཐད་ཆབ་སྲིད་ཀྱི་ཚུགས་གནས་མངོན་པ་དང་། ལས་དོན་ལ་སྐུལ་འདེད་གཏོང་བའི་ཐད་ཆབ་སྲིད་ཀྱི་འགན་འཁྲི་མངོན་པ། ལས་དོན་ལ་ཞིབ་བཤེར་བྱེད་པའི་ཐད་ཆབ་སྲིད་ཀྱི་ཚད་གཞི་མངོན་པ་བཅས་བྱས་ཏེ་ལས་ཁུངས་སྒྲིག་གཞིའི་ལས་དོན་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་བརྒྱུད་མདུན་སྐྱོད་བྱེད་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། དུས་རབས་འཕེལ་རྒྱས་ཀྱི་བླང་བྱ་དང་འཚམ་པར་བོད་ཀྱི་ལས་དོན་གྱི་དོན་དངོས་ལ་གཞི་ཚུགས་པ་དང་། སྒྲིག་ཁོངས་ལས་དོན་གྱི་གཙོ་གནད་མངོན་པ། སྲིད་འཛིན་ཐོན་ཁུངས་བཀོད་སྒྲིག་ལེགས་སུ་གཏོང་བ། ཏང་དང་རྒྱལ་ཁབ་ཀྱི་སྒྲིག་གཞིའི་འགན་ནུས་མ་ལག་རྒྱུན་མཐུད་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས། ལྗོངས་ཡོངས་ཀྱི་ལས་ཁུངས་སྒྲིག་གཞིའི་ལས་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ལས་ཁུངས་སྒྲིག་གཞིའི་ལས་དོན་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་སྤྱི་ཡོངས་ཀྱི་ཁྲོད་དུ་བཞག་ནས་བསམ་གཞིག་དང་ཇུས་འགོད་མཐའ་འཁྱོངས་དང་། མི་དམངས་ལྟེ་བར་འཛིན་པའི་ལས་དོན་གྱི་སྟོན་ཕྱོགས་མཐའ་འཁྱོངས། “དོན་ཆེན་བཞི”དང“འཛུགས་གཏོད་བཞིར”དམིགས་པ་བཅས་བྱས་ཏེ་ལས་ཁུངས་སྒྲིག་གཞིའི་ཞབས་ཞུ་འགན་ལེན་གྱི་ལས་དོན་ལ་ཤུགས་སྣོན་རྒྱག་དགོས། སྒྲིག་ཁོངས་ཐོན་ཁུངས་ལ་སྤྱི་འདོམས་དང་བེད་སྤྱོད་ཡག་པོ་བྱེད་པར“སྤྱི་འབོར་ལ་ཚོད་འཛིན་ནན་པོ་དང་། སྤྱི་འདོམས་བེད་སྤྱོད། ཉུང་དུ་གཏོང་ཐུབ་པ་དང་འཕར་ཐུབ་པ། སྐབས་བསྟུན་དོ་མཉམ། གཙོ་གནད་འགན་ལེན། ཞབས་འདེགས་འཕེལ་རྒྱས”བཅས་ཀྱི་བླང་བྱ་གཞིར་བཟུང་ལམ་སྲོལ་གསར་པ་འཚོལ་ཞིབ་ཧུར་ཐག་དང་། དོ་དམ་བྱེད་ཐབས་རྒྱུན་ཆད་མེད་པར་གསར་གཏོད། སྒྲིག་ཁོངས་ཐོན་ཁུངས་ལེགས་སྒྲིག་ལུགས་མཐུན་དང་གོ་རིམ་ལྡན་པའི་འཁོར་སྐྱོད་ལ་སྐུལ་འདེད། གཞི་རིམ་གྱི་སྒྲིག་ཁོངས་ཐོན་ཁུངས་སྤྱི་འདོམས་བསྡུ་སྒྲིལ་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་ཚད་ཡོད་ཀྱི་ཐོན་ཁུངས་ལ་ལས་ཕན་འབྲས་དེ་བས་ཆེ་བ་ཐོབ་པར་བྱེད་དགོས། ཁྲིམས་ལྟར་སྒྲིག་ཁོངས་མཐའ་འཁྱོངས་སྤྱོད་པ་དང་། ཁྲིམས་སྲོལ་ལམ་ལུགས་ལག་བསྟར་ལ་ཤུགས་སྣོན། 《ཀྲུང་གོ་གུང་ཁྲན་ཏང་གི་ལས་ཁུངས་སྒྲིག་གཞིའི་ལས་དོན་སྲོལ་ཡིག》དང་དེའི་ལེ་ལག་ཚང་བའི་ཁྲིམས་སྲོལ་དང་ལམ་ལུགས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བཅས་བྱས་ནས། ལས་ཁུངས་སྒྲིག་གཞིའི་ལས་དོན་གྱི་ཁྲིམས་གཏན་ཅན་དང་ཚད་ལྡན་ཅན་ལ་སྐུལ་འདེད་གཏོང་དགོས། སྒྲིག་གཞི་སྒྱུར་བཅོས་མུ་མཐུད་ཟབ་ཏུ་གཏོང་བ་དང་། རང་འགུལ་ངང་བོད་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་དགོས་མཁོ་དང་འཚམ་པ། ལེགས་གཏོང་དང་། མཐུན་སྦྱོར། ནུས་ཆེ་བཅས་ཀྱི་རྩ་དོན་མཐའ་འཁྱོངས་བཅས་བྱས་ནས། བརྒྱུད་རིམ་འཐུས་ཚང་དང་། ཚན་རིག་དང་མཐུན་ཞིང་ཚད་ལྡན། འཁོར་སྐྱོད་ནུས་ཆེ་བཅས་ཀྱི་སྒྲིག་གཞིའི་འགན་ནུས་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཏང་གིས་ལས་ཁུངས་སྒྲིག་གཞིའི་ལས་དོན་ལ་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་མཐའ་འཁྱོངས་བྱེད་པ་དང་། ཆབ་སྲིད་ནས་ལས་ཁུངས་སྒྲིག་གཞིའི་ལས་དོན་ལ་ཞིབ་འཇུག་ཇུས་འགོད་དང་སྐུལ་འདེད་བཏང་སྟེ་ལམ་ལུགས་འགན་ལེན་དང་ནུས་པ་གནད་འཁེལ་ཐུབ་པར་བྱེད་དགོས། ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་བརྒྱབ་ནས་སྒྲིག་ཁོངས་སྒྲིག་ཁྲིམས་ཀྱི་སྒམ་ནན་རང་བཞིན་དང་དབང་གྲགས་རང་བཞིན་ལ་སྲུང་སྐྱོང་བྱེད་དགོས། དུས་རབས་གསར་པའི་ལས་ཁུངས་སྒྲིག་གཞིའི་ལས་དོན་གྱི་འགན་འཁྲི་དང་ལས་འགན་ལ་དམིགས་ཏེ་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་དང་། ལས་ཀའི་སྤྱོད་ཚུལ་རྒྱུན་མཐུད་ལེགས་སུ་གཏོང་བ། ལས་ཁུངས་སྒྲིག་གཞིའི་ལས་དོན་གྱིས་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བའི་ནུས་པ་ཆེ་རུ་གཏོང་བ་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ་བཅས་བྱས་ནས། ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།