ཚེས་28ཉིན་གྱི་སྔ་དྲོ། ལྗོངས་ཏང་ཨུད་རྩ་འཛུགས་པུས་པུའུ་དོན་ཚོགས་འདུ་འཚོགས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མཉམ་སྡེབ་སློབ་སྦྱོང་ཐེངས་བཞི་བཅུ་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་སློབ་སྦྱོང་བྱས་ཤིང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རྩ་འཛུགས་པུའི་པུའུ་ཀྲང་ལའེ་ཅའོ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།
ལའེ་ཅའོ་ཡིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ནང་དུས་རབས་གསར་པའི་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་གྲུབ་འབྲས་མངོན་གསལ་དོད་པོ་དང་བསགས་པའི་ཉམས་མྱོང་གལ་ཆེན་བརྒྱུད་རིམ་ལྡན་པའི་ངང་ཕྱོགས་སྡོམ་གནང་སྟེ། དུས་བབ་གསར་པའི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་ཤུགས་སྣོན་རྒྱག་པ་དང་། “རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ཐུབ་པ། རུལ་སུངས་བྱེད་མི་འདོད་པ”བཅས་ལ་མཉམ་དུ་སྐུལ་འདེད་གཏོང་བའི་ནུས་པ་ཆེ་རུ་དང་ཆུ་ཚད་མཐོ་རུ་གཏོང་བར་བཀོད་སྒྲིག་ཞིབ་ཕྲ་གནང་ནས། ང་ཚོས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་འགག་སྒྲོལ་དམག་འཐབ་དང་རྒྱུན་མཐུད་དམག་འཐབ་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ལེན་པར་བསམ་བློ་དང་བྱ་སྤྱོད་ཀྱི་ཕྱོགས་སྟོན་མཁོ་འདོན་གནང་ཡོད། རྩ་འཛུགས་སྡེ་ཚན་ནི་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པའི་འགན་ནུས་སྡེ་ཚན་གལ་ཆེན་ཞིག་ཡིན་པས། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་སྐུལ་འདེད་གཏོང་བའི་དོན་སྙིང་གལ་ཆེན་ཁོང་དུ་ཡང་དག་ཆུད་པར་བྱས་ནས། སྤྱོད་གཙང་སྒྲིག་ནན་ལས་དོན་ལ་དམ་འཛིན་ཡག་པོ་དང་དམ་འཛིན་ཏན་ཏིག་གིས་ཕན་འབྲས་དངོས་ཐོན་པ་བྱེད་དགོས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལས་དོན་ལ་ཐོབ་པའི་ཉམས་མྱོང་གལ་ཆེན་ཁག་དྲུག་ཁོང་དུ་ཡང་དག་ཆུད་པར་བྱས་ནས། རང་འགུལ་ངང་ལག་ལེན་ལ་མཛུབ་ཁྲིད་དང་ལས་དོན་ལ་སྐུལ་འདེད་གཏོང་དགོས། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་སྤྱིའི་དམག་འཐབ་ཡག་པོ་རྒྱག་པའི་བཀོད་སྒྲིག་བླང་བྱ་ཁོང་དུ་ཡང་དག་ཆུད་པར་བྱས་ནས། ཕུགས་བསམ་དང་དད་སེམས་ལ་བརྟེན་ཏེ་རྨང་གཞི་དང་རྩ་བ་བརྟན་དུ་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ལ་བརྟེན་ནས་ཏང་ཡོན་ལས་བྱེད་པའི་བསམ་བློར་དྲག་ཆས་སྤྲོས་པ། ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་སློབ་གསོར་ཤུགས་སྣོན་རྒྱག་པ། “གཙོ་འགན་འཁུར་མཁན”དང་འགོ་ཁྲིད་ཚན་ཁག་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ། ལས་དོན་ཙག་ཙིག་དང“ལས་ཀའི་དུས་ཚོད”ཕུད་པའི་ཁྲོད་ནས་ལས་བྱེད་པའི་སྤྱོད་ཡོན་དང་རྣམ་འགྱུར་ཤེས་རྟོགས་བྱེད་པར་དོ་སྣང་བྱེད་པ། རིམ་ཁག་ཏང་ཡོན་ལས་བྱེད་པས“གཏན་འཁེལ་གཉིས”ལ་སྲུང་སྐྱོང་བྱེད་པར་སྐུལ་འདེད་གཏོང་བ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱ་སྤྱོད་དངོས་ལ་དོན་འཁྱོལ་བྱེད་པ་དང་ལས་ཀའི་ཁྲོད་མངོན་པར་བྱེད་པ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་དེ་བཞིན་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བླང་བྱ་ཇི་མ་ཇི་བཞིན་ལག་བསྟར་དོན་འཁྱོལ་བཅས་བྱས་ནས། སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་ཕན་འབྲས་དངོས་ཀྱི་ཐོག་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས།