དབུ་ཤོག>སྲིད་དོན།
  • དབང་ཧའེ་ཀྲོའུ་ཡིས་ཉིང་ཁྲི་གྲོང་ཁྱེར་གྱི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་ཀྱི་འཛུགས་སྐྲུན་གནས་ཚུལ་ལ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-06-30

    ཚེས་27ཉིན་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲིལ་བསྒྲགས་པུའི་པུའུ་ཀྲང་དབང་ཧའེ་ཀྲོའུ་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཇོ་མོ་ཁྲོམ་གཞུང་གཉིས་བཀུར་ལམ་སྡེ་ཁུལ་གྱི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ས་ཚིགས་དང་ཀ་ལ་གྲོང་ཚོའི་གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་གི་བརྗོད་དོན་གཙོ་བོའི་སློབ་གསོའི་འགྲེམས་སྟོན་ཁང་ལ་བརྟག་ཞིབ་གནང་བར་ཕེབས་ནས་ས་གནས་དེ་གའི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས(ཁང་དང་ས་ཚིགས)འཛུགས་སྐྲུན་དང་གསར་བརྗེའི་སློབ་གསོའི་ལས་དོན་སྤེལ་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད།

    དབང་ཧའེ་ཀྲོའུ་ཡིས། དུས་རབས་གསར་པའི་ཤེས་དཔལ་ལག་ལེན་གྱི་ལས་དོན་ཡག་པོ་བསྒྲུབས་ནས་ཞབས་འདེགས་གནད་སྨིན་ཞུ་རྒྱུ་དམིགས་ཡུལ་དུ་བྱས་ཏེ། མང་ཚོགས་ཀྱི་དགོས་མཁོ་དུས་ཐོག་ཏུ་ཁོང་དུ་ཆུད་པ་དང་། མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཐག་གཅོད། མང་ཚོགས་ཞུགས་པའི་ཧུར་སེམས་སྐོང་འཐེན་བཅས་བྱས་ནས་ཚང་མའི་སྐྱིད་སྣང་དང་ཐོབ་སྣང་ཆེ་རུ་དང་བློ་ཡིད་ཚིམ་ཚད་མཐོ་རུ་གཏོང་དགོས་པ་དང་། ཐོན་ཁུངས་ཀྱི་སྟོབས་ཤུགས་བསྡུ་སྒྲིལ་མཐའ་འཁྱོངས་བྱས་ནས་སྡེ་ཚན་ཁག་ཚང་མ་མཉམ་འདྲེས་ཡོང་བ་དང་ཁྱབ་ཁོངས་ཁག་གིས་མང་ཚོགས་ལ་ཞབས་འདེགས་ཞུ་བའི་འགན་ནུས་ཀྱི་ཕན་པ་ཆེ་ཤོས་འདོན་དུ་བཅུག་སྟེ། སྤྱི་ཚོགས་ཀྱི་ཤེས་དཔལ་གནས་ཚད་དང་མི་དམངས་ཀྱི་ཤེས་དཔལ་བྱང་ཚད་མཐོ་རུ་བཏང་ནས་མཉམ་སྐྲུན་དང་། མཉམ་བཅོས། མཉམ་སྤྱོད་བཅས་ཀྱི་ཁོར་ཡུག་བཟང་པོ་ཞིག་ཆགས་པར་བྱེད་དགོས། གྲངས་འཛིན་ཅན་གྱིས་ཤེས་དཔལ་ལག་ལེན་བྱེད་སྒོར་བརྟེན་ནས་ཆ་འཕྲིན་ཅན་དང་དམངས་ཕན་གྱི་སྒྲིག་ཆས་སྔར་ལས་མང་བ་གང་མགྱོགས་བསྐྲུན་ཏེ། གཞི་རིམ་གྱི་མང་ཚོགས་དང་ལྷག་པར་དུ་དར་མ་དང་རྒན་རྒོན་ཚོགས་སྤྱིའི་གྲངས་འཛིན་བྱང་ཚད་མཐོ་རུ་གཏོང་རོགས་བྱས་ནས་མང་ཚོགས་ལ་དེ་བས་སྟབས་བདེ་དང་ནུས་ཆེའི་སྤྱི་པའི་ཞབས་ཞུ་སྔར་ལས་མང་བ་ལོངས་སུ་སྤྱོད་རྒྱུ་ཡོང་བ་བྱེད་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་དང་། “རྒྱལ་ཁབ་ཀྱི་འདུ་ཤེས། སྤྱི་དམངས་ཀྱི་འདུ་ཤེས། ཁྲིམས་སྐྱོང་གི་འདུ་ཤེས”སོགས་བརྟན་པོ་འཛུགས་པའི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་གཏིང་ཟབ་སྤེལ་ཏེ། གོ་བདེ་ཤེས་སླའི་སྐད་ཆ་དང་མང་ཚོགས་ཀྱིས་ལྟ་འདོད་ལ་ཉན་སྤྲོ་བའི་ཐབས་ལམ་ལ་བརྟེན་ནས་ཕན་འབྲས་ཆེ་རུ་གཏོང་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།