དབུ་ཤོག>སྲིད་དོན།
  • ཝང་ཅུན་ཀྲེང་གིས་བོད་ལྗོངས་སློབ་ཆེན་དུ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-06-30

    4c64f06f-0e2e-4d04-8504-846bc0a4cadf.jpg.jpg

    ཚེས་28ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་བོད་ལྗོངས་སློབ་ཆེན་དུ་བརྟག་ཞིབ་གནང་ཞིང་། འདི་ནི་ཝང་ཅུན་ཀྲེང་གིས་སྐྱེ་ཁམས་རིག་པའི་ཚོད་ལྟ་ཁང་དུ་ཚན་ཞིབ་ཀྱི་གྲུབ་འབྲས་མཁྱེན་རྟོགས་གནང་བཞིན་པ།

    fe90dad0-033f-430a-90cf-5c48420468b2.jpg.jpg

    ཚེས་28ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་བོད་ལྗོངས་སློབ་ཆེན་དུ་བརྟག་ཞིབ་གནང་ཞིང་། འདི་ནི་ཝང་ཅུན་ཀྲེང་གིས་བོད་ལྗོངས་སློབ་ཆེན་གྱི་ལས་བྱེད་ལས་བཟོར་བྱམས་བརྩེའི་ངང་ཕྱག་གཏོང་བཞིན་པ།

    ◆ བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་དམིགས་རྒྱུ་མཐའ་འཁྱོངས་དང་ཁྱད་ཆོས་དང་ལེགས་ཆ་མངོན་གསལ་དོད་པོ་ཡོང་བར་བྱས་ནས་རྒྱལ་ཁབ་ཀྱི་ས་མཐོའི་སློབ་ཆེན་རྩེ་གྲ་ཧུར་ཐག་འཛུགས་སྐྱོང་བྱེད་དགོས།

    ཚེས་28ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་བོད་ལྗོངས་སློབ་ཆེན་དུ་ཕེབས་ནས་བརྟག་ཞིབ་གནང་བ་རེད།

    རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྲོང་ཡན་དང་། ཟླ་བ་ཚེ་རིང་། ཉི་མ་ཚེ་རིང་། ཏུའུ་ཅན་ཀུང་བཅས་ཞུགས་ཡོད་པ་རེད།

    བོད་ལྗོངས་སློབ་ཆེན་ནི་ཀྲུང་གོ་གསར་པས་གངས་ལྗོངས་ས་མཐོར་བཙུགས་པའི་ཕྱོགས་བསྡུས་རང་བཞིན་གྱི་སློབ་ཆེན་དང་པོ་དེ་རེད་ལ། གཟི་བརྗིད་ལྡན་པའི་སྲོལ་རྒྱུན་དང་འོད་སྟོང་འཕྲོ་བའི་ལོ་རྒྱུས་ལྡན་པའི་སློབ་ཆེན་ཞིག་ཀྱང་རེད། སློབ་ཆེན་དེས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་དམངས་འཚོ་ལེགས་གཏོང་ལ་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། ཝང་ཅུན་ཀྲེང་སློབ་གྲྭའི་ལོ་རྒྱུས་ཁང་དང་། བོད་ཡིག་དཔེ་རྙིང་ཁང་། སྐྱེ་ཁམས་རིག་པའི་ཚོད་ལྟ་ཁང་བཅས་སུ་ཕེབས་ནས་རིག་ཚན་འཛུགས་སྐྱོང་དང་། ཚན་ཞིབ་ལས་དོན།སློབ་གྲྭའི་འཕེལ་རྒྱས་བརྒྱུད་རིམ་བཅས་མཁྱེན་རྟོགས་ཞིབ་ཕྲ་གནང་བ་མ་ཟད། ཏང་འཛུགས་སྐྱོང་དང་བསམ་བློ་ཆབ་སྲིད་སོགས་ལས་དོན་གྱི་ངོ་སྤྲོད་ཀྱང་གསན་ཞིང་། ཁོང་གིས་ཤེས་ལྡན་མི་སྣ་དང་། སྲིད་ཇུས། ཐོན་ཁུངས་སོགས་ཀྱི་ལེགས་ཆ་བསྡུ་སྒྲིལ་ལ་སྣང་ཆེན་བྱས་ཏེ། རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པའི་ལེགས་ལྡན་རིག་ཚན་འཛུགས་སྐྱོང་མགྱོགས་པོ་དང“རྩེ་གྲ་གཉིས”ཀྱི་སློབ་ཆེན་འཛུགས་སྐྱོང་གི་གོམ་སྟབས་མགྱོགས་སུ་གཏོང་དགོས་པ་དང་། བོད་ཡིག་དཔེ་རྙིང་མྱུར་སྐྱོབ་དང་། སྲུང་སྐྱོབ། ལེགས་སྒྲིག ཞིབ་འཇུག་སོགས་ཀྱི་ལས་དོན་ཡག་པོ་བསྒྲུབས་ནས་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་དགོས། དཔལ་འབྱོར་དང་དོ་དམ་སློབ་གླིང་གི་ཏང་ཀྲི་པུའུ་ཡིས“ཏང་གི་ལོ་རྒྱུས་སློབ་སྦྱོང་དང‘བདུན་གཅིག’ལ་བསུ་བ་ཞུ་བའི”བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སྤེལ་བཞིན་ཡོད་པ་དང་། ཝང་ཅུན་ཀྲེང་དེ་གར་ཕེབས་ནས་སློབ་མ་ཚོ་དང་བྱམས་བརྩེའི་ངང་གླེང་མོལ་གནང་སྟེ། ཁོང་ཚོར་སློབ་སྦྱོང་ཡག་པོ་ཉིན་བཞིན་ཡར་རྒྱས་ཡོང་བར་བྱས་ནས་རྒྱལ་ཁབ་དང་ཀྲུང་ཧྭ་མི་རིགས་ལ་ཕན་ཐོགས་པའི་ཤེས་ལྡན་པ་ཞིག་ཏུ་འགྱུར་བར་བྱེད་པའི་ལྕག་སྐུལ་གནང་བ་རེད། བོད་ལྗོངས་སློབ་ཆེན་གྱི་དགེ་སློབ་རྣམས་རྒྱལ་ཡོངས་ཀྱི་ཞིང་ཆེན་དང་གྲོང་ཁྱེར་20ལྷག་ཙམ་ནས་ཡོང་བ་དང་མི་རིགས་མང་པོ་མཉམ་དུ་འཚོ་བ་སྐྱེལ་བ་དང་སློབ་སྦྱོང་བྱེད་པའི“ཁྱིམ་ཚང་ཆེན་པོ”ཞིག་ཡིན་པ་མཁྱེན་སྐབས། ཝང་ཅུན་ཀྲེང་གིས་མི་རིགས་ས་ཁུལ་གྱི་མཐོ་སློབ་ཅིག་ཡིན་པའི་ངོས་ནས། མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་ལས་ཀའི་ཐབས་ལམ་དང་གཞི་རྟེན་རྒྱུན་ཆད་མེད་པར་གསར་གཏོད་ལ་དམ་འཛིན་བྱས་ཏེ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོའི་ལས་དོན་ལ་དངོས་ཡོད་དང་། ཚོང་སྣང་ལྡན་པ། ཕན་ནུས་ལྡན་པ་བཅས་ཀྱི་འགན་ལེན་བྱེད་དགོས་ཞེས་གསུངས་པ་རེད།

    དེ་རྗེས་འཚོགས་པའི་བཞུགས་མོལ་ཚོགས་འདུའི་ཐོག་ཝང་ཅུན་ཀྲེང་གིས་སློབ་གསོ་སློབ་ཁྲིད་ལས་དོན་སྐོར་གྱི་བོད་ལྗོངས་སློབ་ཆེན་ཏང་ཨུད་ཀྱི་སྙན་ཞུ་གསན་པ་མ་ཟད། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་དགེ་སློབ་ཡོངས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཡང་ཞུས་པ་རེད།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་བླངས་ནས་བློ་བརྟན་འགྱུར་མེད་ངང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱེད་དགོས།  ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ནས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང“གདེང་ཚོད་བཞི”བརྟན་དུ་བཏང་སྟེ་མཐོ་རིམ་སློབ་གསོའི་ལས་དོན་དེ་རང་རྟོགས་ངང་ཏང་དང་རྒྱལ་ཁབ་ཀྱི་ལས་ཀའི་སྤྱི་ཡོངས་ནང་བཞག་ནས་བསམ་གཞིག་དང་ཇུས་འགོད་བྱས་ནས། ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་རྟོགས་སད་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ་ཏན་ཏན་ཏིག་ཏིག་གི་བྱ་སྤྱོད་དང་ཕན་འབྲས་དངོས་ཀྱི་ཐོག་ནས“སྲུང་སྐྱོང་གཉིས”ལག་ལེན་བསྟར་དགོས།

    ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་མཐའ་འཁྱོངས་བྱས་ནས་མཐོ་རིམ་སློབ་གསོའི་མངོན་གསལ་དོད་པའི་ཆབ་སྲིད་ཀྱི་ཁྱད་ཆོས་གང་ལེགས་མངོན་པར་བྱེད་དགོས། མཐོ་རིམ་སློབ་གསོ་ནི་རྒྱལ་ཁབ་ཅིག་དང་ས་ཁུལ་ཞིག་གི་འཕེལ་རྒྱས་ཆུ་ཚད་དང་འཕེལ་རྒྱས་ཀྱི་གཏིང་ཤུགས་མཚོན་བྱེད་གལ་ཆེན་ཞིག་ཡིན་པས། རྒྱུན་སྲིང་ལྷོད་མེད་ངང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་བློ་གཏོད་མི་སྐྱོང་བྱེད་པ་དང་། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་གྱི་གྲུབ་འབྲས་གསར་ཤོས་ཀྱི་དགེ་སློབ་ཀྱི་བསམ་བློར་དྲག་ཆས་སྤྲས་ཏེ། ཏང་གཅེས་རྒྱལ་གཅེས་ཀྱི་བྱང་ཚད་མཐོ་བའི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་དགོས། འདུ་ཤེས་འཛིན་སྟངས་ལས་དོན་ཁྲོད་ཀྱི་མཐོ་སློབ་ཀྱི་གཡུལ་ས་གཙོ་བོའི་ནུས་པར་ངོས་འཛིན་གང་ལེགས་བྱེད་པ་དང་འདུ་ཤེས་འཛིན་སྟངས་ལས་དོན་གྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་ཏན་བྱས་ཏེ་མར་ཁེ་སི་རིང་ལུགས་ལ་བརྟེན་ནས་སློབ་ཁང་དང་། ཚན་ཞིབ། དྲ་རྒྱ། སློབ་གྲྭའི་རིག་གནས་བྱེད་སྒོ་སོགས་ཀྱི་གཡུལ་ས་བཟུང་སྟེ་འདུ་ཤེས་འཛིན་སྟངས་ལས་དོན་གྱི་འགོ་ཁྲིད་དབང་ཆ་དང་རང་འགུལ་དབང་ཆ་སྟངས་འཛིན་ནན་པོ་བྱེད་དགོས། བསམ་བློ་ཆབ་སྲིད་ཀྱི་སློབ་ཚན་འཛུགས་སྐྱོང་གི་ནང་དོན་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ“སྐད་གྲགས་མེད་པར་མི་སྣ་གསོ་སྐྱོང་བྱེད་པའི”བྱེད་ཐབས་ཐོག་ནས་ཏང་གི་ལོ་རྒྱུས་དང་། ཀྲུང་གོ་གསར་པའི་ལོ་རྒྱུས། སྒྱུར་བཅོས་སྒོ་དབྱེའི་ལོ་རྒྱུས། སྤྱི་ཚོགས་རིང་ལུགས་ཀྱི་འཕེལ་རྒྱས་ལོ་རྒྱུས། བོད་ས་གནས་དང་མེས་རྒྱལ་དབར་གྱི་འབྲེལ་བའི་ལོ་རྒྱུས་བཅས་གོ་བདེ་ཤེས་སླའི་སྐད་ཆ་དང་ལྟ་འདོད་ལ་སྤྲོ་བའི་བྱ་ཐབས་ཐོག་ནས་སློབ་ཁྲིད་ཡག་པོ་བྱས་ཏེ། གཏིང་ཟབ་པའི་རིགས་པའི་གཞུང་ལུགས་དེ་ན་གཞོན་སློབ་མས་དགའ་པོ་བྱེད་པ་དང་དང་ལེན་བྱེད་པའི་སློབ་ཚན་ལ་འགྱུར་བ་བྱེད་དགོས།

    ཏང་གི་སློབ་གསོའི་མཛད་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་དང་ཀུན་སྤྱོད་ལ་བརྟེན་ནས་མི་སྣ་གསོ་སྐྱོང་བྱེད་པའི་རྩ་བའི་ལས་འགན་དོན་འཁྱོལ་བྱས་ཏེ་སྤྱོད་ལམ་དང་། ཤེས་རིག ལུས་རྩལ། མཛེས་རིག ངལ་རྩོལ་བཅས་ཕྱོགས་ཡོངས་འཕེལ་རྒྱས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་གསོ་སྐྱོང་བྱེད་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་གྲྭ་དང་སློབ་ཁང་དུ་སྤེལ་བར་སྐུལ་འདེད་གཏིང་ཟབ་བཏང་ནས། སློབ་མར་རང་རྟོགས་ངང་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་ལེན་བསྟར་རྒྱུར་ཁྲིད་སྟོན་བྱེད་དགོས། སྒེར་གྱི་ཕུགས་བསམ་དེ་རྒྱལ་ཁབ་ཀྱི་འཕེལ་རྒྱས་དང་མི་རིགས་ཀྱི་ལས་དབང་དང་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་གསར་བརྗེ་དང་ཆེད་ལས་ལྡན་པའི་དུས་རབས་གསར་པའི་སློབ་གྲྭ་ཆེ་མོ་བ་གསོ་སྐྱོང་བྱེད་དགོས། ཚན་རིག་སློབ་གསོ་དང་མི་ཆོས་སློབ་གསོ་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་ཆབ་སྲིད་ཐད་བློས་འཁེལ་ཆོག་པ་དང་། ལས་ཀར་འཇོན་ཐང་ལྡན་པ། འགན་འཁྲི་ཡོད་ལ་འགན་འཁུར་ཕོད་པ་བཅས་ཀྱི་དུས་རབས་ཀྱི་མི་གསར་གསོ་སྐྱོང་བྱེད་དགོས།

    ཕྱོགས་བསྡུས་ཇུས་བསྟར་དང་ཐབས་མང་མཉམ་སྤྱོད་བྱས་ནས་སློབ་གྲྭ་ཆེ་མོ་བ་སྤུས་ཚད་མཐོ་བའི་ངང་ལས་ཞུགས་ལས་གཏོད་གང་ལེགས་ཡོང་བར་སྐུལ་འདེད་གཏོང་དགོས། དགེ་མཚན་ལྡན་ཞིང་ཕན་ནུས་ལྡན་པའི་བྱེད་ཐབས་སྤྱད་དེ་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པའི་མཁོ་སྤྲོད་དོ་སྙོམས་ཚད་མཐོ་རུ་བཏང་སྟེ་སློབ་མས་སྦྱངས་ནས་འབྲས་བུ་ཐོན་པ་དང་སྦྱངས་ནས་སྤྱོད་གོ་ཆོད་པར་བྱེད་དགོས། དམིགས་སའི་རང་བཞིན་གྱི་ཆེད་ལས་གསོ་སྦྱོང་དང་། ལས་རིགས་ཁྲིད་སྟོན། ལས་ཞུགས་རོགས་སྐྱོར། “དྲ་སྦྲེལ་+མི་སྤྱི”དང་གྲངས་གཞི་ཆེན་པོ་བཀོལ་སྤྱོད་སོགས་བྱས་ཏེ། སློབ་གྲྭ་ཆེ་མོ་བ་དང་ཁྱིམ་བདག་གི་ལས་ཞུགས་འདུ་ཤེས་བསྒྱུར་བར་ཁྲིད་སྟོན་དང་། ཐབས་བརྒྱ་ཇུས་སྟོང་གིས་སློབ་ཆེན་སློབ་མར་ལས་ཞུགས་ཐུབ་པར་རོགས་རམ་བྱེད་དགོས།

    དགེ་རྒན་གྱི་བྱེད་པོའི་ནུས་པ་འདོན་སྤེལ་བྱེད་པ་དང་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་དགེ་རྒན་དཔུང་ཁག་ཅིག་གཏོད་དགོས། དགེ་རྒན་ནི་སློབ་གསོ་འཕེལ་རྒྱས་གཏོང་བའི་ཐོན་ཁུངས་ཨང་དང་པོ་ཡིན་པས། རྒྱ་ཆེའི་དགེ་རྒན་རྣམས་སྔོན་ཐོན་གྱི་བསམ་བློ་དང་རིག་གནས་ཁྱབ་སྤེལ་བྱེད་མཁན་དང་། ཏང་གིས་སྲིད་སྐྱོང་བའི་བློ་བརྟན་འགྱུར་མེད་ཀྱི་རྒྱབ་སྐྱོར་བྱེད་མཁན་དུ་འགྱུར་བར་ཁྲིད་སྟོན་བྱེད་དགོས། དགེ་རྒན་གྱི་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་ཐད་ཤུགས་སྣོན་རྒྱག་པ་དང་། “གསོ་སྐྱོང་དང་། ཁྲིད་སྟོན། བེད་སྤྱོད། ཉར་འཇོག”བཅས་ཀྱི་འདུ་འགོད་ཆེན་པོ་བཞིར་དམིགས་ནས་སློབ་གསོའི་ཆོས་ཉིད་དང་མཐུན་པའི་ཤེས་ལྡན་མི་སྣ་གསོ་སྐྱོང་མ་ལག་འཚོལ་ཞིབ་ཧུར་ཐག་བྱས་ཏེ། ཆུ་ཚད་མཐོ་བའི་འཐབ་ཇུས་ཤེས་ལྡན་མི་སྣ་དང་། སྣེ་ཁྲིད་ཤེས་ལྡན་མི་སྣ། གསར་གཏོད་ཚོགས་པ་བཅས་ཁག་ཅིག་སྐྱེད་སྲིང་བྱེད་དགོས། སློབ་གྲྭ་ཆེ་མོའི་སྙིང་སྟོབས་དར་སྤེལ་དང་རྒྱུན་འཛིན་ཤུགས་ཆེན་བྱས་ནས་ཏང་གི་འཛུགས་སྐྱོང་དང་། སློབ་ཁྲིད། ཚན་ཞིབ། རིག་ཚན་སོགས་ཀྱི་ལས་དོན་ཁག་ཏན་ཏིག་ངང་ལེགས་པར་བསྒྲུབས་ཏེ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རིག་སྟོབས་ཀྱི་རྒྱབ་སྐྱོར་བྱེད་དགོས།

    དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོ་དང་ལས་ཀའི་དོན་དངོས་ལ་གཞི་ཚུགས་པ་དང་གཙོ་གནད་རིག་ཚན་འཛུགས་སྐྱོང་དང་ཆེད་དོན་ཞིབ་འཇུག་གལ་ཆེན་ལ་ཤུགས་སྣོན་བརྒྱབ་སྟེ་མཐོ་སློབ་ཀྱི་ཞབས་ཞུའི་ས་ཁོངས་འཕེལ་རྒྱས་དང་རྒྱལ་ཁབ་ཀྱི་འཐབ་ཇུས་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། ལེགས་ཆ་མངོན་གསལ་དོད་པ་དང་གཙོ་གནད་ཚད་བརྒལ་ཡོང་བ་བྱས་ཏེ། དངོས་ཡོད་ཀྱི་རྨང་གཞི་དང་། ས་ཁོངས་ཀྱི་ཁྱད་ཆོས། འཕེལ་རྒྱས་ཀྱི་མདུན་ལམ་བཅས་ལྡན་པའི་ལེགས་ལྡན་རིག་ཚན་དང་ཆེད་ལས་རྩེ་གྲ་བཏོད་དེ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བར་ཆུ་ཚད་མཐོ་བའི་ཚན་ཞིབ་ཀྱི་གྲུབ་འབྲས་ལེགས་སྐྱེས་སུ་འབུལ་དགོས། “དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་བརྒྱབ་སྟེ་ཏང་གི་མི་རིགས་རིག་གཞུང་ཞིབ་འཇུག་འཆད་འགྲེལ་གཏིང་ཟབ་བྱས་ནས་ས་མཐོའི་ཚན་རིག་ལག་རྩལ་གྱི་རིག་ཚན་ཁྱུ་ཚོགས་དང་། སྐྱེ་ཁམས་རིག་པའི་རིག་ཚན་རྩེ་གྲ མི་རིགས་ཀྱི་ཕུལ་བྱུང་རིག་གནས་རིག་ཚན་བཅས་མགྱོགས་མྱུར་འཛུགས་སྐྱོང་བྱེད་དགོས།

    མཇུག་ཏུ་ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཏང་གིས་ཕྱོགས་ཡོངས་ལ་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་མཐོ་རིམ་སློབ་གསོའི་བྱ་གཞག་འཕེལ་རྒྱས་ཆེད་འགན་ལེན་བརྟན་པོ་བྱེད་དགོས། ཏང་གི་འགོ་ཁྲིད་མཐོ་རིམ་སློབ་གྲྭའི་ལས་ཀའི་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱས་ཏེ། སློབ་གྲྭ་ཉིད་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་པའི་གཡུལ་ས་བརྟན་པོ་ཞིག་ཏུ་འགྱུར་བར་བྱེད་དགོས། སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ནས་ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་། སྤྱི་ཚོགས་ཀྱི་དོ་ཁུར། མང་ཚོགས་ཀྱི་སེམས་ཁུར་བཅས་ཀྱི་སློབ་གསོའི་སྐོར་གྱི་གླེང་མང་བའི་གནད་དོན་དང་དཀའ་གནད་ཐག་གཅོད་ཏན་ཏིག་བྱེད་དགོས། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་སྐུལ་འདེད་བཏང་སྟེ་སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་ཁོར་ཡུག་དང་མི་སྣ་གསོ་སྐྱོང་གི་ཁོར་ཡུག་བཟང་པོ་གཏོད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།