དབུ་ཤོག>སྲིད་དོན།
  • རང་སྐྱོང་ལྗོངས་འགོ་ཁྲིད་ཀྱིས་བོད་ལྗོངས་ཀའོ་ཁྲེ་ཀུང་སིར་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-06-23

    ཚེས་20ཉིན། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲིལ་བསྒྲགས་པུའི་པུའུ་ཀྲང་དབང་ཧའེ་ཀྲོའུ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་སྤྱི་བདེ་ཐིང་གི་ཐིང་ཀྲང་ཀྲང་ཧུང་པོ་ཡིས་རུ་སྣེ་ཁྲིད་དེ། བོད་ལྗོངས་ཀའོ་ཁྲེ་ཚན་རྩལ་ཆ་འཕྲིན་ཐོན་ལས་ཚོགས་པ་ཚད་ཡོད་ཀུང་སིར་ཕེབས་ནས་ཀུང་སིའི་ཆ་འཕྲིན་ཅན་འཛུགས་སྐྲུན་དང་། ཉེར་སྤྱོད་མཉེན་ཆས་གསར་སྤེལ། དྲ་རྒྱའི་གསར་བརྗེའི་སློབ་གསོ། གྲངས་གཞི་དང་དྲ་རྒྱའི་བདེ་འཇགས་ལྟེ་གནས་གཉེར་སྐྱོང་དང་ཐོན་སྐྱེད་གཉེར་སྐྱོང་སོགས་ལ་ས་གནས་ས་ཐོག་ཏུ་བརྟག་ཞིབ་གནང་བ་མ་ཟད། འབྲེལ་ཡོད་ཚན་པ་དང་ཀུང་སིའི་འགན་འཁུར་བློ་མཐུན་དང་བཞུགས་མོལ་ཡང་གནང་བ་རེད།

    ཚོགས་འདུའི་ཐོག ལྗོངས་ཏང་ཨུད་དང་སྲིད་གཞུང་གི་གཅིག་གྱུར་འགོ་ཁྲིད་འོག་ཀའོ་ཁྲེ་ཀུང་སིས་རང་ལྗོངས་ཀྱི་ཆ་འཕྲིན་ཅན་གྱི་རྨང་གཞིའི་འཛུགས་སྐྲུན་དང་། གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས། དྲ་རྒྱའི་བདེ་འཇགས་འཛུགས་སྐྲུན་སོགས་ཀྱི་ཐད་ལས་དོན་འབོར་ཆེན་བསྒྲུབས་ཡོད་ཅེས་བསྟན་པ་དང་། ཚོགས་འདུའི་ཐོག་གཞུང་ཁོངས་རྐང་འཛིན་ཁེ་ལས་ཀྱི་ནུས་པ་མུ་མཐུད་འདོན་སྤེལ་བྱས་ནས་ཁེ་ལས་འཕེལ་རྒྱས་དང་ནུས་པ་འདོན་སྤེལ་བྱེད་རྒྱུར་གཞི་ཚུགས་ཏེ། ཁེ་ལས་སྟོབས་ཆེར་གཏོང་བར་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན་པ་རེད།

    ཚོགས་འདུའི་ཐོག་ནན་བཤད་བྱས་དོན། འབྲེལ་ཡོད་སྡེ་ཚན་ཁག་གིས་བསམ་བློའི་ངོས་འཛིན་མཐོ་རུ་བཏང་ནས་དྲ་རྒྱའི་བདེ་འཇགས་འགན་ལེན་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་། མཐུན་སྦྱོར་མཉམ་འགུལ་ལས་དོན་གྱི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ལས་དོན་ཡག་པོ་སྒྲུབ་པའི་འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེ་རུ་གཏོང་བ་བཅས་བྱེད་དགོས། སྤྱི་འདོམས་འཆར་འགོད་མཐའ་འཁྱོངས་ཀྱིས་སྤྱི་ཡོངས་ཀྱི་ལྟ་བ་དང་། ཁྱོན་ཡོངས་ཀྱི་ལྟ་བ། མ་ལག་གི་ལྟ་བ་བཅས་བརྟན་པོ་བཙུགས་ནས་དྲ་རྒྱའི་བདེ་འཇགས་ཁྱབ་ཁོངས་ཀྱི་དྲ་འཕྲིན་སྡེ་ཚན་གྱི་སྤྱི་འདོམས་མཐུན་སྦྱོར་དང་སྣེ་ཁྲིད་དེ་སྤྱི་ཡོངས་ལ་དམ་འཛིན་བྱེད་པའི་ནུས་པ་འདོན་སྤེལ་བྱས་ཏེ་འགོག་ཟོན་དང་། ལྟ་ཞིབ་ཚད་ལེན། ཐག་གཅོད་སོགས་ཀྱི་ཐད་ལས་ཀའི་མཉམ་ཤུགས་ཆགས་པར་བྱེད་དགོས། ཟུང་འབྲེལ་གྱི་ལས་དོན་ཡག་པོ་བསྒྲུབས་ནས་གྲངས་འཛིན་བོད་ལྗོངས་འཛུགས་སྐྲུན་གྱི་རྒྱབ་ལྗོངས་ཆེན་པོའི་འོག་དྲ་རྒྱའི་བདེ་འཇགས་དེ་གྲངས་འཛིན་སྲིད་གཞུང་དང་། གྲངས་འཛིན་དཔལ་འབྱོར། རིག་ལྡན་གྲོང་ཁྱེར་སོགས་དང་ཟུང་འབྲེལ་བྱས་ནས་དྲ་རྒྱའི་བདེ་འཇགས་ཀྱི་ཁྲིམས་འཛུགས་ལས་དོན་ལ་སྐུལ་འདེད་མགྱོགས་པོ་བཏང་སྟེ། དུས་རབས་གསར་པའི་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།