དབུ་ཤོག>སྲིད་དོན།
  • བསམ་བློའི་ངོས་འཛིན་ཟབ་ཏུ་བཏང་ནས་དག་ཐེར་དོན་འཁྱོལ་བྱེད་ཤུགས་ཆེ་རུ་གཏོང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-06-22

     ཚེས་17ཉིན་གྱི་སྔ་དྲོར་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཤའོ་ཡིའུ་ཚའེ་ཡིས་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་རེས་སྐོར་གཉིས་པའི་ལྟ་བཤེར་དག་ཐེར་ལས་དོན་གྱི་བཀོད་སྒྲིག་བརྙན་ལམ་ཚོཌ་འདུ་གཙོ་སྐྱོང་གནང་བ་དང་། ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་རེས་སྐོར་གཉིས་པའི་ལྟ་བཤེར་དག་ཐེར་སྒྲུབ་སྐུལ་གྱི་གནས་ཚུལ་དང་དག་ཐེར་གྱི་འཕེལ་རིམ་གྱི་སྙན་སེང་གསན་ནས་གོམ་སྟབས་རྗེས་མའི་ལས་དོན་ལ་སླར་ཡང་ནན་བཤད་དང་སླར་ཡང་བཀོད་སྒྲིག་གནང་བ་རེད།

    ཤའོ་ཡིའུ་ཚའེ་ཡིས་ནན་བཤད་གནང་དོན། བྱ་སྤྱོད་ལ་མཐོང་ཆེན་དང་བསམ་བློར་མཐོང་ཆེན་བྱེད་པའི་དབར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ཏེ། བསམ་བློ་ནས་སླར་ཡང་མཐོང་ཆེན་དང་བྱ་སྤྱོད་སླར་ཡང་དོན་འཁྱོལ་བྱས་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་ཕྱོཌ་ཡོངས་ནས་སྐུལ་འདེད་བཏང་སྟེ་བོད་ཀྱི་རང་བྱུང་སྐྱེ་ཁམས་ལ་མཐའ་གཅིག་ཏུ་སྲུང་སྐྱོང་བྱེད་དགོས། ཐལ་སྐྱོད་སྲུང་སྐྱོང་དང་འཕེལ་རྒྱས་དང་སྲུང་སྐྱོང་དབར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ནས་ཆོས་ཉིད་ལ་ངོས་འཛིན་ཟབ་ཏུ་གཏོང་བ་དང་ཐོན་ཁུངས་བེད་སྤྱོད་ཀྱི་ཕན་འབྲས་ཆེ་རུ་བཏང་སྟེ་རི་སྔོན་ཆུ་དྭངས་ནམ་ཡང་གནས་པར་བྱེད་དགོས། དག་ཐེར་སླ་བཅོས་དང་དག་ཐེར་མཐར་ཕྱིན་བྱེད་པའི་དབར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ནས་ལྟ་བཤེར་གྱི་གནད་དོན་ལ་དམིགས་ཏེ་དག་ཐེར་གྱི་ཇུས་གཞི་བཟོ་བ་དང་དག་ཐེར་གྱི་བྱེད་ཐབས་དང་དུས་བཀག་ཁ་གསལ་བཟོས་ནས་གནད་དོན་རེ་རེ་བཞིན་དག་ཐེར་དང་དོན་དག་ཚང་མར་འདི་བྱས་འདི་མིན་གྱི་ལན་གསལ་པོ་ཡོད་པའི་འགན་ལེན་བྱེད་དགོས། དོང་རྙིར་རང་མཆོང་དང་དོང་རྙི་དབྱེ་འབྱེད་ཀྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ནས་རྐྱེན་ཆུང་དུས་ནས་སེལ་བ་དང་ཉེན་བརྡ་རྒྱུན་དུ་སྒྲོག་པ། འཇིགས་བཀུར་ཤེས་རྟོགས་དང་སྒྲིག་ཁྲིམས་བསྲུངས་ནས་ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁུར་བཅས་ཀྱི་ལས་བྱེད་པ་ཡག་པོ་བྱེད་དགོས། གནད་དོན་ཚང་མར་འགན་འཁྲི་བདའ་འདེད་གཏོང་བ་དང་འགན་འཁྲི་བདའ་འདེད་ནན་པོ་གཏོང་བའི་དབར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ནས་གནད་དོན་ལ་ཐད་ཀར་དམིགས་པ་ལས་གཟུར་གཡོལ་དང་འགེབས་སྲུང་མི་བྱེད་པ་དང་། ནོར་འཁྲུལ་ཡོ་བསྲང་བྱེད་པ་ལས་འཛེམ་ཟོན་འགེབས་སྲུང་མི་བྱེད་པར་དག་ཐེར་ལས་འགན་ཁག་ལ་སྤུས་ཚད་མཐོ་པོ་དང་ཕན་འབྲས་མཐོ་པོས་སྐུལ་འདེད་གཏོང་བའི་འགན་ལེན་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།