ཉེ་ཆར་ལྗོངས་ཏང་ཨུད་རྩ་འཛུགས་པུའུ་དང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུས“སྐལ་བཟང་མེ་ཏོག་བཞད། རྩ་འཛུགས་ལས་དོན་གྱི་ལས་བྱེད་པས་གཏམ་རྒྱུད་བཤད་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པར་སྤྲོ་སེམས་འཁོལ་པོས་བསུ་བ་ཞུ”ཞེས་པའི་བརྙན་ཐུང་འགྲན་བསྡུར་ཆེན་པོའི་སྐུལ་སློང་བཀོད་སྒྲིག་གི་བརྙན་ལམ་ཚོགས་འདུ་འཚོགས་པ་དང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རྩ་འཛུགས་པུའི་པུའུ་ཀྲང་ལའེ་ཅའོ་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།
ལའེ་ཅའོ་ཡིས་རིམ་ཁག་རྩ་འཛུགས་སྡེ་ཚན་གྱིས་འཕྲལ་མར་སྐུལ་སློང་དང་འཕྲལ་མར་བྱ་སྤྱོད་སྤེལ་ནས་འབྲེལ་ཡོད་འགན་ནུས་སྡེ་ཚན་དང་འབྲེལ་མཐུད་མཐུན་སྦྱོར་མང་དུ་གཏོང་བ་དང་གཏམ་རྒྱུད་ཀྱི་འཁྲབ་གཞུང་ཞིབ་ཚགས་འབྲི་བ་དང་། པར་རིས་ཞིབ་ཚགས་འདེམས་པ། བརྙན་ལམ་གྱི་ནང་དོན་ཞིབ་ཚགས་བཟོ་བ་བཅས་བྱས་ནས་གུང་ཁྲན་ཏང་དང་། སྤྱི་ཚོཌ་རིང་ལུགས། སྒྱུར་བཅོས་སྒོ་དབྱེ། རླབས་ཆེན་མེས་རྒྱལ། མི་རིགས་ཁག་གི་མི་དམངས་བཅས་ཡག་པའི་དུས་རབས་ཀྱི་བརྗོད་དོན་གཙོ་བོ་མཆོག་ཏུ་འཛིན་པ་དང་བྱ་སྤྱོད་དངོས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས་པའི་ནན་བཤད་གནང་བ་རེད།