རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཆོག་མཆན་ཐོབ་པ་བརྒྱུད། ཚེས་16ཉིན་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སློབ་གསོའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གིས་2022ལོའི་ཚོགས་འདུ་ཐེངས་གཉིས་པ་འཚོགས་པ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཏང་ཙུའི་ཧྲུའུ་ཅི། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སློབ་གསོའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་ཀྲོང་ཡན་གྱིས་ཚོཌ་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གནང་བ་རེད།
ཚོགས་འདུར། བློ་བརྟན་འགྱུར་མེད་ངང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་བློ་སྦྱོང་བསླབ་སྐྱོང་བྱེད་དགོས་ཤིང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་བསླབ་གཞིར་འཇུག་པ་དང་། སློབ་ཁྲིད་བྱེད་པ། བློ་རུ་ངེས་པ། དྲ་རྒྱར་སྤེལ་བ་བཅས་ལ་མུ་མཐུད་སྐུལ་འདེད་གཏིང་ཟབ་གཏོང་བ། ཏང་གི་ཚོགས་ཆེན་ཉི་ཤུ་པར་བསུ་བ་ཞུ་བ་དང་ཏང་གི་ཚོགས་ཆེན་ཉི་ཤུ་པ་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱེད་པའི་བྱེད་སྒོ་སྒྲིག་འཛུགས་ཞིབ་ཚགས་བྱེད་པ་དང་། “གཏན་འཁེལ་གཉིས”ལ་ལྷག་བསམ་རྣམ་དག་གིས་སྲུང་སྐྱོང་བྱེད་པ། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱེད་དགོས་པ་དང་། བློ་བརྟན་འགྱུར་མེད་ངང་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་དགོས་ཤིང་། རྒྱུན་རྣམ་ཅན་གྱི་སྒོ་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པའི་ཆེད་དོན་སློབ་གསོའི་ལག་ལེན་བྱེད་སྒོ་སྤེལ་བ་སློབ་གཉེར་སློབ་སྐྱོང་དང་དཔེ་ཁྲིད་མི་སྐྱོང་གི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱེད་པ་དང་། བསམ་བློ་ཆབ་སྲིད་ཀྱི་སློབ་གསོ་དང་། རིག་གནས་ཤེས་བྱའི་སློབ་གསོ། སྤྱི་ཚོགས་ལག་ལེན་གྱི་སློབ་གསོ་བཅས་ཀྱི་ལྷུ་ཚིགས་ཁག་ཏུ་ཁྱབ་པར་བྱས་ནས་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་དང་། ལས་ཀའི་འགན་འཁྲི་ནན་དུ་གཏོང་བ། སྐུལ་ལྕག་དང་འགན་འཁྲི་བདའ་འདེད་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་རང་རྟོགས་ངང་མི་རིགས་མཐུན་སྒྲིལ་གྱི་འཛུགས་སྐྱོང་བ་དང་། སྲུང་སྐྱོང་བ། སྲུང་སྐྱོབ་པ་བཅས་བྱེད་དགོས། བློ་བརྟན་འགྱུར་མེད་ངང་བསམ་བློ་ཆབ་སྲིད་ཀྱི་སློབ་ཚན་ཆུ་ཚད་མཐོ་པོ་དང་སྤུས་ཚད་ལེགས་པོས་གཉེར་དགོས་ཤིང་། སློབ་གྲྭའི་བསམ་བློ་ཆབ་སྲིད་ཀྱི་སློབ་ཚན་གཞུང་དྲང་གསར་གཏོད་དང་ནང་དོན་ཕུན་སུམ་ཚོགས་པོས་གཉེར་བར་སྐུལ་འདེད་ཏན་ཏིག་བཏང་སྟེ། སློབ་མའི་བསམ་བློའི་ཆུ་ཚད་དང་། ཆབ་སྲིད་ཀྱི་གོ་རྟོགས། ཀུན་སྤྱོད་ཀྱི་སྤུས་ཚད། རིག་གནས་ཀྱི་བྱང་ཚད་བཅས་ཟམ་མི་ཆད་པར་མཐོ་རུ་བཏང་ནས་ཏང་ལ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འཛུཌ་སྐྲུན་པ་དང་ཤུལ་འཛིན་པ་གསོ་སྐྱོང་བྱེད་དགོས། བློ་བརྟན་འགྱུར་མེད་ངང“ཁུར་པོ་ཡང་གཏོང་གཉིས”ཀྱི་འགག་སྒྲོལ་དོན་འཁྱོལ་གྱི་དམག་འཐབ་ཡག་པོ་བརྒྱབ་ནས་སློབ་གསོར་མི་དམངས་མང་ཚོགས་ཀྱི་བློ་ཡིད་ཚིམ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས། བློ་བརྟན་འགྱུར་མེད་ངང་བསླབ་གཞི་བེད་སྤྱོད་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་རྩ་གསོ་བློ་སྦྱོང་དང་རིག་སྟོབས་འཕེལ་བའི་ནུས་པ་ནུས་ལྡན་འདོན་དགོས། བློ་བརྟན་འགྱུར་མེད་ངང་རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་སློབ་གྲྭའི་ལས་དོན་ལ་དམ་འཛིན་ཡག་པོ་བྱས་ནས་ཉེན་བརྡ་རྒྱུན་གཏོང་དང་རྟག་ཏུ་དོཌ་ཟོན་བྱས་ནས་ལྗོངས་ཡོངས་ཀྱི་སློབ་གསོའི་ཁོངས་གཏོགས་ཀྱི་བདེ་འཇགས་བརྟན་ལྷིང་མཐའ་གཅིག་ཏུ་འགན་ལེན་བྱས་ཏེ། བྱ་སྤྱོད་དངོས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས་པའི་ནན་བཤད་བྱས་པ་རེད།