དབུ་ཤོག>སྲིད་དོན།
  • ཀྲོང་ཡན་གྱིས་ཉིང་ཁྲིའི་ལས་བྱེད་པའི་ངལ་གསོའི་རྟེན་གཞི་འཛུགས་སྐྲུན་འགོ་ཁྲིད་ཚོགས་ཆུང་གི་ཚོཌ་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  尼玛曲珍   |     སྤེལ་དུས།  2022-06-20

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཆོག་མཆན་ཐོབ་པ་བརྒྱུད། ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི། ཉིང་ཁྲིའི་ལས་བྱེད་པའི་ངལ་གསོའི་རྟེན་གཞི་འཛུགས་སྐྲུན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་ཀྲོང་ཡན་གྱིས་ཉིང་ཁྲིའི་ལས་བྱེད་པའི་ངལ་གསོའི་རྟེན་གཞི་འཛུགས་སྐྲུན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་གཙོ་སྐྱོང་གནང་ནས་སྙན་ཞུ་གསན་པ་དང་། གནད་དོན་ལ་ཞིབ་འཇུག ལས་དོན་བཀོད་སྒྲིག་བཅས་གནང་བ་རེད།

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་རྩ་འཛུགས་པུའི་པུའུ་ཀྲང་ལའེ་ཅའོ་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་དང་ལྗོངས་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི་ནོར་བུ་དོན་གྲུབ་ཚོགས་འདུར་ཕེབས་ཡོད་པ་རེད།

    ཀྲོང་ཡན་གྱིས་ཉིང་ཁྲིའི་ལས་བྱེད་པའི་ངལ་གསོའི་རྟེན་གཞི་འཛུགས་སྐྲུན་བྱེད་པ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ཞིག་ཡིན་ལ། ལས་བྱེད་ལས་བཟོའི་བདེ་རྩར་ཐུག་པའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་དམངས་སེམས་འདུ་འགོད་དང་དམངས་འཚོའི་འདུ་འགོད་ཅིག་ཀྱང་ཡིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ལོ་གཉིས་རིང་ཉིང་ཁྲི་གྲོང་ཨུད་དང་འབྲེལ་ཡོད་ཚན་པ་ཁག་གིས་ནུས་ཤུགས་ཡོད་རྒུས་རོགས་ལས་དང་གཞོགས་འདེགས་དམ་ཟབ་བྱས་པས། རྣམ་གྲངས་འཛུགས་སྐྲུན་ལ་འཕེལ་རྒྱས་ཆེན་པོ་བྱུང་ནས་རྟེན་གཞིའི་འཁོར་སྐྱོད་འགན་ལེན་ཏན་ཏིག་དང་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་ཡོད་ཅེས་གསུངས་པ་རེད།

    ཀྲོང་ཡན་གྱིས་ཉིང་ཁྲི་གྲོང་ཨུད་དང་ཁོངས་ཞུགས་ཚན་པ་ཁག་གིས“གཏན་འཁེལ་གཉིས”སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་། “སྲུང་སྐྱོང་གཉིས”ཡག་པོ་ཐུབ་པའི་ཆབ་སྲིད་ཀྱི་མཐོ་ཚད་ཐོག་ནས། ཉིང་ཁྲིའི་ལས་བྱེད་པའི་ངལ་གསོའི་རྟེན་གཞིའི་རྣམ་གྲངས་འཛུགས་སྐྲུན་དང་འཁོར་སྐྱོད་དོ་དམ་ལ་དམ་འཛིན་ཡག་པོ་བྱེད་པའི་གལ་ཆེའི་དོན་སྙིང་ལ་ངོས་འཛིན་གང་ལེགས་བྱེད་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་ནན་ཏན་བྱེད་པ། ངལ་གསོའི་རྟེན་གཞི་ཚད་གཞི་མཐོ་པོས་འཛུགས་སྐྲུན་བྱེད་དེ་ལས་ཕྱོད་ཆེན་པོས་འཁོར་སྐྱོད་ཐུབ་པར་བསྒྱུར་རྒྱུར་སྤྱི་འདོམས་སྐུལ་འདེད་གཏོང་དགོས། རྣམ་གྲངས་ཀྱི་བྱེད་ནུས་དང་ངེས་གནས་ཁོང་དུ་ཡང་དག་ཆུད་པ་དང་། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས། འབྲེལ་གཏུག་དང་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ། རྣམ་གྲངས་ཀྱི་རྗེས་མཐུད་ལེ་ལག་འཛུགས་སྐྲུན་ལ་མགོ་ཡོད་མཇུག་ཡོད་ཀྱི་སྒོ་ནས་དམ་འཛིན་བྱེད་པ། བཅའ་ཁྲིམས་དང་སྒྲིག་སྲོལ་དང་མཐུན་པའི་སྒོ་ནས་འཁོར་རྒྱུག་དོ་དམ་གྱི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་དགོས། བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲིའི་ལམ་ལུགས་དང་སྤྱོད་གཙང་གི་བླང་བྱ་དོན་འཁྱོལ་ནན་པོ་བྱས་ནས་རྣམ་གྲངས་དེ་མི་དམངས་བློ་ཡིད་ཚིམ་པ་དང་། ལོ་རྒྱུས་དང་ལག་ལེན་གྱི་ཞིབ་དཔྱད་ཐུབ་པའི་སྤུས་ལེགས་ལས་གྲྭ་ཞིག་ཏུ་བསྐྲུན་ཏེ་བྱ་སྤྱོད་དངོས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས་པའི་ནན་བཤད་གནང་བ་རེད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།