དབུ་ཤོག>སྲིད་དོན།
  • བློ་བཟང་རྒྱལ་མཚན་གྱིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཏང་ཙུའི(རྒྱ་ཆེ)ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-06-20

    ཚེས་13ཉིན་གྱི་ཕྱི་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཏང་ཙུའི་ཧྲུའུ་ཅི་དང་ཀྲུའུ་རེན་བློ་བཟང་རྒྱལ་མཚན་གྱིས་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཏང་ཙུའི(རྒྱ་ཆེ)ཚོགས་འདུ་གཙོ་སྐྱོང་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ཚོགས་འདུའི་གྲ་སྒྲིག་ལས་དོན་སྤེལ་ཚུལ་གྱི་སྙན་ཞུ་གསན་པ། གོམ་སྟབས་རྗེས་མའི་གཙོ་གནད་ལས་དོན་བཀོད་སྒྲིག་བཅས་གནང་བ་རེད།

    བློ་བཟང་རྒྱལ་མཚན་གྱིས་ཀྲུང་དབྱང་གི་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ཚོགས་འདུའི་དགོངས་དོན་དང་གསར་དུ་བཟོ་བཅོས་བརྒྱབ་པའི་ས་གནས་རྩ་འཛུགས་བཅའ་ཁྲིམས་ཀྱི་བླང་བྱ་སློབ་སྦྱོང་དང་ཁོང་དུ་གཏིང་ཟབ་ཆུད་པར་བྱས་ནས། སློབ་སྦྱོང་གི་གྲུབ་འབྲས་དེ་དུས་རབས་གསར་པའི་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ཡག་པོ་སྒྲུབ་པའི་གདེང་ཚོད་དང་གདིང་ཤུགས་སུ་ཏན་ཏིག་བསྒྱུར་བ་དང་། དུས་རབས་གསར་པའི་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ཡག་པོ་སྒྲུབ་པའི་ཕན་འབྲས་དངོས་སུ་ཏན་ཏིག་བསྒྱུར་བ། སྤྱོད་ཚུལ་ལེགས་སུ་གཏོང་བ་དང་དོན་འཁྱོལ་ལ་དམ་འཛིན་བྱེད་པའི་ཞིབ་ཕྲའི་བྱ་སྤྱོད་དུ་ཏན་ཏིག་བསྒྱུར་བ་བཅས་བྱས་ཏེ། མི་དམངས་འཐུས་ཚོགས་ཀྱི་ལས་བྱེད་པས་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ཤེས་རྟོགས་ཐུབ་པ་དང་། མི་དམངས་འཐུས་ཚོགས་ཀྱི་ལས་དོན་སྒྲུབ་ཤེས་པ། མི་དམངས་འཐུས་ཚོགས་ཀྱི་ལས་དོན་སྒྲུབ་མཁས་པ་བཅས་བྱེད་དགོས། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ཚོགས་འདུའི་གྲ་སྒྲིག་ལས་དོན་ལ་མུ་མཐུད་སྐུལ་འདེད་བཏང་སྟེ་སྔོན་ནས་ཇུས་འགོད་དང་བཀོད་སྒྲིག་ཞིབ་ཚགས་དང་། བསམ་འཆར་དང་གྲོས་འགོ་ནན་ཏན་བསྡུ་བ། དུས་ཐོག་ཏུ་འཆར་ཟིན་ལ་སྔོན་ཚུད་ནས་ཞིབ་བཤེར་ཡག་པོ། འབྲེལ་ཡོད་སྡེ་ཚན་དང་མཐུན་སྦྱོར་འབྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས། ཚོགས་འདུ་དུས་ཐོག་ཏུ་བདེ་བླག་ངང་འཚོག་ཐུབ་པར་བྱེད་དགོས། འགན་འཁྲི་འཁུར་ཤུགས་ཆེ་རུ་གཏོང་བ་དང་རང་འགུལ་ངང་བྱས་རྗེས་བཞག་སྟེ་གཏན་ལ་འཁེལ་བའི་བཀོད་སྒྲིག་གཞིར་བཟུང་། ལོ་འཁོར་གྱི་གཙོ་གནད་ལས་དོན་དོན་འཁྱོལ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཏང་ཙུའུ་ཡིས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་འགོ་ཁྲིད་ཚོགས་ཆུང་ཆེད་དོན་སྐུལ་འདེད་དོན་འཁྱོལ་ཚོགས་ཆུང་གིས་རང་འགན་རང་འཁུར་དང་འགན་འཁྲི་ཏན་ཏིག་འཁུར་བ་དང་། ལས་ཡུན་ལྡོག་སྒྲིག་དང་དཔེ་རིས་བཀལ་ནས་དམག་འཐབ་བྱེད་པ། ཁྲིམས་འཛུགས་དང་ལྟ་སྐུལ་ཡག་པོ་བྱེད་པ་སོགས་ཀྱི་ལས་དོན་ཁག་ཡག་པོ་སྒྲུབ་དགོས། གནད་དོན་གྱི་སྟོན་ཕྱོགས་དང་། དམིགས་ཚད་ཀྱི་སྟོན་ཕྱོགས། མཇུག་འབྲས་ཀྱི་སྟོན་ཕྱོགས་བཅས་མཐའ་འཁྱོངས་ཀྱིས་བརྒྱུད་རིམ་ལྡན་པའི་ངང་གསེད་བཀྲོལ་དང་། ཆད་བཤེར་ཆད་གསབ། ལོ་སྟོད་ཀྱི་ལས་དོན་ལ་ཕྱོགས་སྡོམ་ཡག་པོ། ལོ་སྨད་ཀྱི་ལས་འགན་འཆར་འགོད་ཡག་པོ་བཅས་བྱས་ཏེ་ནུས་ཤུགས་ཡོད་རྒུས་སྤུས་འབོར་གཉིས་ལྡན་གྱི་སྒོ་ནས་ལས་དོན་ཁག་ལེགས་སྒྲུབ་བྱས་ཏེ། དུས་རབས་གསར་པའི་མི་དམངས་འཐུས་ཚོགས་ལས་དོན་གྱི་ཕན་འབྲས་དངོས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།