དབུ་ཤོག>སྲིད་དོན།
  • རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཁྲིམས་བསྟར་ཞིབ་བཤེར་ཚོགས་ཆུང་གིས་བོད་དུ་ཁོར་ཡུག་སྲུང་སྐྱོང་བཅའ་ཁྲིམས་ཀྱི་ཁྲིམས་བསྟར་ཞིབ་བཤེར་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-06-20

    137f19d1-01fd-4ded-a4ea-1a88a6183a24.jpg.jpg

    ཟླ་6ཚེས་13ནས་18ཉིན་བར། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཀྲང་ཁྲུན་ཞན་གྱིས་ཁྲིམས་བསྟར་ཞིབ་བཤེར་ཚོགས་ཆུང་གི་སྣེ་ཁྲིད་དེ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁོར་ཡུག་སྲུང་སྐྱོང་བཅའ་ཁྲིམས》ལག་བསྟར་དོན་འཁྱོལ་བྱས་ཚུལ་ཐད་བོད་དུ་ཁྲིམས་བསྟར་ཞིབ་བཤེར་གནང་བ་དང་འབྲེལ་བཞུགས་མོལ་ཚོགས་འདུའང་འཚོགས་ནས་རང་སྐྱོང་ལྗོངས་སྲིད་གཞུང་གི་སྙན་སེང་གསན་ཞིང་། འདི་ནི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཁྲིམས་བསྟར་ཞིབ་བཤེར་ཚོགས་ཆུང་གིས་ལྷ་ཀླུ་འདམ་རར་གྲོང་ཁྱེར་གྱི་འདམ་རའི་སྐྱེ་ཁམས་སྲུང་སྐྱོང་བྱས་ཚུལ་ལ་ཞིབ་བཤེར་གནང་བཞིན་པ།

    ཟླ་6ཚེས་13ནས་18ཉིན་བར། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཀྲང་ཁྲུན་ཞན་གྱིས་ཁྲིམས་བསྟར་ཞིབ་བཤེར་ཚོགས་ཆུང་གི་སྣེ་ཁྲིད་དེ།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁོར་ཡུག་སྲུང་སྐྱོང་བཅའ་ཁྲིམས》ལག་བསྟར་དོན་འཁྱོལ་བྱེད་ཚུལ་ཐད་བོད་དུ་ཁྲིམས་བསྟར་ཞིབ་བཤེར་གནང་བ་དང་འབྲེལ་བཞུགས་མོལ་ཚོགས་འདུའང་འཚོགས་ནས། རང་སྐྱོང་ལྗོངས་སྲིད་གཞུང་གི་སྙན་སེང་གསན་པ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བློ་བཟང་རྒྱན་མཚན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་བཅས་འབྲེལ་ཡོད་བྱེད་སྒོར་ཞུགས་པ་རེད།

    ཀྲང་ཁྲུན་ཞན་གྱིས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་གྱི་སྤྱིའི་བཀོད་ཇུས་སུ་བཅུག་ནས། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་རིང་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་གྲུབ་ནས་རང་རྒྱལ་གྱི་སྐྱེ་ཁམས་དང་ཁོར་ཡུག་སྲུང་སྐྱོང་གི་བྱ་གཞག་འཕེལ་རྒྱས་མྱུར་པོར་སྐུལ་འདེད་བཏང་བས། ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད། བོད་རང་སྐྱོང་ལྗོངས་ཀྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་དང་། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་ནན་ཏན། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཡང་དག་པ་དང་། གནད་ལ་འཁེལ་བ། ཁྱོན་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར། བོད་ཀྱི་དོན་དངོས་དང་ཟུང་འབྲེལ། སྐྱེ་ཁམས་དང་ཁོར་ཡུག་སྲུང་སྐྱོང་དོན་ཆེན་ཨང་དང་པོར་བརྩི་བ་བཅས་བྱས་ནས་རྣམ་གྲངས་ཅན་དང་། གཞི་རྟེན་ཅན། གསལ་ཐོ་ཅན་བཅས་ཀྱི་བྱེད་ཐབས་སྤྱད་དེ་དོན་འཁྱོལ་བྱས་པར་བྱ་ཐབས་ཁག་ཏན་ཏིག་ནུས་ལྡན་དང་། མི་དམངས་འཐུས་ཚོགས་ཀྱི་ལྟ་སྐུལ་བློ་ཐག་ཆོད་ཅིང་ནུས་པ་ལྡན་པ། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་པས་ཁས་ལེན་གང་ལེགས་བྱ་འོས་པ་ཞིག་ཡོད་ཅེས་གསུངས་ཤིང་། ཁོང་གིས་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་མུ་མཐུད་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་སྐོར་གྱི་ཏང་ཀྲུང་དབྱང་གི་བཀོད་སྒྲིག་གལ་ཆེན་ལ་དམིགས་པ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་པ་ནི་ཐོན་སྐྱེད་ནུས་ཤུགས་ལ་སྲུང་སྐྱོང་དང་སྐྱེ་ཁམས་ཁོར་ཡུག་ལེགས་སུ་གཏོང་བ་ནི་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བ་ཞིག་ཡིན་པར་ངོས་འཛིན་གང་ལེགས་བྱེད་པ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་མུ་མཐུད་ཤུགས་སྣོན། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁྱོན་ཡོངས་འབྱུང་འཕྲོད་ཕྱོགས་སྒྱུར་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བ། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བཅས་བྱས་ནས། མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་དང་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་གྲུབ་འབྲས་གསར་པ་རྒྱུན་ཆད་མེད་པར་འཐོབ་པར་བྱེད་དགོས། རྒྱུན་སྲིང་ལྷོད་མེད་ཀྱིས་བཅའ་ཁྲིམས་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་ནས་ཁེ་ལས་དང་། རྩ་འཛུགས། སྤྱི་དམངས་བཅས་ཀྱི་ཁོར་ཡུག་འདུ་ཤེས་ཟབ་ཏུ་གཏོང་བ་དང་། ཁོར་ཡུག་གི་ཁེ་དབང་སྤྱོད་པ། ཁོར་ཡུག་སྲུང་སྐྱོང་གི་འོས་འགན་སྒྲུབ་པ་བཅས་ཀྱི་ཁྲིད་སྟོན་བྱས་ཏེ་སྤྱི་ཚོགས་ཡོངས་སུ་གྲོན་ཆུང་འོས་འཚམ་དང་། འབྱུང་འཕྲོད་ཐཱན་ཉུང་། ཤེས་དཔལ་བདེ་ཐང་བཅས་ཀྱི་དར་སྲོལ་གསར་པ་ཆགས་པར་བྱེད་དགོས། གནད་དོན་ཕྱོགས་སྟོན་དུ་མཐའ་འཁྱོངས་བཟུང་ནས་ཁོར་ཡུག་སྲུང་སྐྱོང་གི་བཅའ་ཁྲིམས་ལག་བསྟར་བྱེད་རིང་ཐོན་པའི་གནད་དོན་དུས་ཐོག་ཏུ་ཤེས་རྟོགས་དང་ཐག་གཅོད་བྱས་ཏེ་བཅའ་ཁྲིམས་ལམ་ལུགས་དངོས་འབྲེལ་བཙན་པོ་ཡོང་བར་བྱས་ནས་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་རྒྱུན་ཆད་མེད་པར་ལེགས་སུ་གཏོང་དགོས། སྐྱེ་ཁམས་ཁོར་ཡུག་སྐོར་གྱི་བཅའ་ཁྲིམས་དང་ལམ་ལུགས་ཀྱི་མ་ལག་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་གཏོང་བ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་དང་སྒྲིག་སྲོལ་གྱི་ཚད་གཞི་སོགས་ཚད་ལྡན་རང་བཞིན་གྱི་ཡིག་ཆ་སྒྲིག་རྩོམ་དང་། བཟོ་བཅོས། གཙང་བཤེར་བཅས་ཀྱི་ལས་དོན་ལ་ཤུགས་སྣོན་བརྒྱབ་སྟེ་བཅའ་ཁྲིམས་མ་ལག་གི་བརྒྱུད་རིམ་རང་བཞིན་དང་། སྤྱི་ཡོངས་ཀྱི་རང་བཞིན། མཐུན་སྦྱོར་གྱི་རང་བཞིན་བཅས་ཆེ་རུ་གཏོང་དགོས། ཕྱོགས་ཁག་གི་བཅའ་ཁྲིམས་འགན་འཁྲི་ཏན་ཏིག་བསྒྲུབས་ཏེ་སྲིད་གཞུང་དང་། ཁེ་ལས། སྤྱི་དམངས་བཅས་མཉམ་དུ་ཞུགས་པ་དང་རང་འགན་རང་འཁུར་གྱི་བཅའ་ཁྲིམས་དོན་འཁྱོལ་མ་ལག་གང་མགྱོགས་ཆགས་པ་དང་། གཞི་རིམ་གྱི་ཁྲིམས་བསྟར་ནུས་པ་ཆེ་རུ་གཏོང་བ། ཁྲིམས་བསྟར་བྱེད་སྟངས་ལེགས་སུ་གཏོང་བ། བཅའ་ཁྲིམས་ལག་ལེན་གོ་ཆོད་བསྟར་བར་སྐུལ་འདེད་ནུས་ལྡན་གཏོང་བ་བཅས་བྱས་ཏེ་སྔོ་ལྗང་འཕེལ་རྒྱས་དང་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་གཏིང་ཟབ་གཏོང་དགོས་པའི་ནན་བཤད་གནང་བ་རེད།

    ཝང་ཅུན་ཀྲེང་གིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་བོད་ཀྱི་ལས་དོན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་ཡུན་རིང་གནང་བར་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་གིས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་མཛུབ་སྟོན་གལ་ཆེན་ཐེངས་མང་གནང་ནས་སྐྱེ་ཁམས་དེ་བོད་ཀྱི“དོན་ཆེན་བཞིའི”ནང་དོན་གལ་ཆེན་དུ་བརྩིས་ཏེ། ང་ཚོས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ལས་དོན་ཡག་པོ་སྒྲུབ་པར་རྩ་བའི་གཞི་འཛིན་ས་མཁོ་འདོན་དང་སྒུལ་ཤུགས་ཆེན་པོ་བསྣན་ཡོད། རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་བཅངས་ནས། ཀྲུང་དབྱང་གི་པུའུ་ཨུད་དང་བོད་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་ཁག་གི་རྒྱབ་སྐྱོར་ཤུགས་ཆེན་འོག་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་ཀྱིས་བློ་བརྟན་འགྱུར་མེད་ངང་སྐྱེ་ཁམས་སྔོན་ལ་འཇོག་པ་དང་འབྱུང་འཕྲོད་འཕེལ་རྒྱས་ཀྱི་ལམ་དུ་སྐྱོད་པ་དང་། རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་གཏོད་པར་ཤུགས་སྣོན་བརྒྱབ་སྟེ་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་ཧུར་ཐག་སླེབས་པར་བྱས་ཡོད། བསམ་བློའི་འདུ་ཤེས་ནས་དམ་འཛིན་མཐའ་འཁྱོངས་བྱས་ཏེ་མཚོ་བོད་ས་མཐོའི་རིན་ཐང་ཆེ་ཤོས་སྐྱེ་ཁམས་དང་། འགན་འཁྲི་ཆེ་ཤོས་སྐྱེ་ཁམས། མི་མངོན་པའི་སྟོབས་ཤུགས་ཆེ་ཤོས་སྐྱེ་ཁམས་བཅས་ཡིན་པར་ངོས་འཛིན་གཏིང་ཟབ་བྱས་ནས། རང་རྟོགས་ངང་བོད་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ལས་དོན་ཏང་དང་རྒྱལ་ཁབ་ཀྱི་སྤྱི་ཡོངས་ཁྲོད་དུ་བཞག་ནས་འཆར་འགོད་དང་སྐུལ་འདེད་བཏང་སྟེ་ཀྲུང་ཧྭ་མི་རིགས་རྒྱུན་མཐུད་འཕེལ་རྒྱས་ཡོང་ཆེད་སྟོབས་ཤུགས་ལེགས་སྐྱེས་འབུལ་བ་དང་། གནད་དོན་གྱི་ཕྱོགས་སྟོན་ནས་དམ་འཛིན་མཐའ་འཁྱོངས་བྱས་ནས་དེང་སྐབས་ལ་གཞི་ཚུགས་པ་དང་ཕུགས་ལ་དམིགས་ཏེ་ཁྲིམས་བསྟར་ཞིབ་བཤེར་ཚོགས་ཆུང་དང་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོགས་ཆུང་བཞི་པས་ཚུར་ལན་སྤྲད་པའི་དག་ཐེར་གནད་དོན་དང་ཟུང་འབྲེལ་བྱེད་པ་དང་། ལྟ་བཤེར་དག་ཐེར་གྱི་བླང་བྱ་དང་མང་ཚོགས་ཀྱི་ཚུར་སྣང་ལན་ཆ་ཆེ་བའི་གནད་དོན་བློ་བརྟན་འགྱུར་མེད་ངང་དོན་ཐོག་ཏུ་འཁྱོལ་བ་དང་སྐབས་རིམ་པ་བཞིན་བསྒྲུབས་ཏེ། མི་རབས་ནས་མི་རབས་བར་ས་མཐོའི་སྲོག་ཆགས་དང་རྩི་ཤིང་དང་དེ་བཞིན་རི་ཆུ་ཀུན་ལ་སྲུང་སྐྱོང་ཡག་པོ་བྱེད་དགོས། ལས་བྱེད་པས་མིག་དཔེ་འདོན་པ་ནས་དམ་འཛིན་མཐའ་འཁྱོངས་བྱས་ཏེ། རི་སྔོན་ཆུ་དྭངས་གསེར་རི་དངུལ་རི་ལས་ལྷག གངས་རི་འཁྱགས་ཀླུང་ཡིན་ཡང་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་སྣེ་ཁྲིད་ཀྱིས་ལག་ལེན་བསྟར་བ་དང་ཁྲིམས་སྐྱོང་གི་བསམ་གཞིག་སྣེ་ཁྲིད་བྱས་ནས་བཙུགས་ཏེ་ལམ་ལུགས་ནན་ཤོས་དང་། ཁྲིམས་སྐྱོང་དམ་ཤོས། བྱ་ཐབས་བརྟན་ཤོས་བཅས་ལ་བརྟེན་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་པ་དང་། སྒྲིག་སྲོལ་དང་ལམ་སྲོལ་ནས་དམ་འཛིན་མཐའ་འཁྱོངས་བྱས་ཏེ་གནས་ཚུལ་གསར་པར་ཞིབ་འཇུག་དང་། གནད་དོན་གསར་པ་ཐག་གཅོད། ལམ་སྲོལ་གསར་པ་འཚོལ་ཞིབ་བཅས་ཧུར་ཐག་བྱས་ནས། སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་བྱེད་ནུས་དང་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་སྟེ་སྐྱེ་ཁམས་ཀྱི་ཕན་འབྲས་དང་། དཔལ་འབྱོར་གྱི་ཕན་འབྲས། སྤྱི་ཚོགས་ཀྱི་ཕན་འབྲས། ཆབ་སྲིད་ཀྱི་ཕན་འབྲས་བཅས་གཅིག་གྱུར་དམ་ཚགས་ཡོང་བར་བྱེད་པ། སྤྱོད་ཚུལ་ལེགས་སུ་གཏོང་བ་ནས་དམ་འཛིན་མཐའ་འཁྱོངས་བྱས་ཏེ་དམ་པ་དོན་གཉེར་གྱི་སྙིང་སྟོབས་ལ་བརྟེན་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བླང་བྱ་དོན་འཁྱོལ་ཐུབ་པའི་འགན་ལེན་བྱས་ཏེ། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བརྟན་པོ་སྐྲུན་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་གྱི་ཡིན་ཞེས་གསུངས་པ་རེད།

    བོད་དུ་བཞུགས་རིང་། ཁྲིམས་བསྟར་ཞིབ་བཤེར་ཚོགས་ཆུང་ལྷ་ས་དང་། ལྷོ་ཁ། ཉིང་ཁྲི་སོགས་གྲོང་ཁྱེར་དུ་བསྐྱོད་ནས་ལྷ་སའི་ལྷོ་བྱང་རི་བོའི་སྔོ་འགྱུར་འདུ་འགོད་དང་། གྲོང་ཁྱེར་གྱི་འདམ་རའི་སྐྱེ་ཁམས་སྲུང་སྐྱོང་། སྡེ་ཁུལ་གྱི་སྡོད་མལ་ཕྱོགས་བསྡུས་ཁོར་ཡུག་བཅོས་སྒྲིག རླུང་འགོག་བྱེ་འགོག་གི་སྐྱེ་ཁམས་སླར་གསོ། གྲོང་གསེབ་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་ཐོན་ལས་འཕེལ་རྒྱས་སོགས་ཀྱི་གནས་ཚུལ་ལ་ཞིབ་བཤེར་གནང་བ་རེད།

    རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཁོར་ཡུག་དང་ཐོན་ཁུངས་སྲུང་སྐྱོང་ཨུ་ལྷན་གྱི་ཀྲུའུ་རེན་ཨུ་ཡོན་གཞོན་པ་པུའུ་ཞའོ་ལིན་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྤྱི་ཚོགས་འཛུགས་སྐྲུན་ཨུ་ལྷན་གྱི་ཀྲུའུ་རེན་ཨུ་ཡོན་གཞོན་པ་ཀུང་ཕུའུ་ཀོང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཁོར་ཡུག་དང་ཐོན་ཁུངས་སྲུང་སྐྱོང་ཨུ་ལྷན་གྱི་ཨུ་ཡོན་ཅའོ་ཡུང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཁོར་ཡུག་དང་ཐོན་ཁུངས་སྲུང་སྐྱོང་ཨུ་ལྷན་གྱི་ཨུ་ཡོན་ཝང་ཅུན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་བཅས་ཞིབ་བཤེར་ལ་ཞུགས་པ་རེད། སྐྱེ་ཁམས་ཁོར་ཡུག་པུའི་པུའུ་ཀྲང་གཞོན་པ་ཀྲའེ་ཆིང་ཞིབ་བཤེར་ལ་ལྷན་དུ་ཕེབས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།