དབུ་ཤོག>སྲིད་དོན།
  • རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱིས་ལྗོངས་ཐད་གཏོགས་གཞུང་ཁོངས་རིག་རྩལ་ཁང་དང་ཚོགས་པ་དང་གཞུང་ཁོངས་རིག་གནས་ཁེ་ལས་ལ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-06-17

    ཉིན་ཤས་གོང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲིལ་བསྒྲགས་པུའི་པུའུ་ཀྲང་དབང་ཧའེ་ཀྲོའུ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་རྡོ་རྗེ་ཚེ་སྒྲུབ་རྣམ་གཉིས་ཀྱིས་རུ་སྣེ་ཁྲིད་དེ་ལྗོངས་གཏམ་བརྗོད་ཟློས་གར་ཚོགས་པ་དང་། ལྷ་མོ་ཚོགས་པ། གླུ་གར་ཚོགས་པ་བཅས་ཀྱི་ལས་དོན་སྤེལ་ཚུལ་དང་། བོད་ལྗོངས་རྒྱལ་སྤྱིའི་ཡུལ་སྐོར་རིག་གནས་མ་འཇོག་ཚོགས་པ་ཚད་ཡོད་ཀུང་སིའི་གཉེར་སྐྱོང་གནས་ཚུལ་ལ་བརྟག་ཞིབ་གནང་བ་རེད།

    བརྟག་ཞིབ་མཇུག་འགྲིལ་རྗེས་རང་ལྗོངས་ཀྱི་གཞུང་ཁོངས་རིག་རྩལ་ཁང་དང་ཚོགས་པ་སྒྱུར་བཅོས་དང་རིག་གནས་ཁེ་ལས་འཕེལ་རྒྱས་ཀྱི་ལས་དོན་ཡག་པོ་སྒྲུབ་པར་དམིགས་ནས་བཞུགས་མོལ་ཚོགས་འདུ་འཚོགས་པ་རེད།

    ཚོགས་འདུའི་ཐོག གཞུང་ཁོངས་རིག་རྩལ་ཁང་དང་ཚོགས་པའི་སྒྱུར་བཅོས་ཐད་ཀྲུང་དབྱང་གི་འབྲེལ་ཡོད་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བྱས་ནས། ཡིག་ཆའི་དགོངས་དོན་ལ་གོ་བ་གཏིང་ཟབ་ལེན་པ་དང་། སྲིད་ཇུས་བླང་བྱ་ཁོང་དུ་ཆུད་པར་བྱས་ཏེ། སྒྱུར་བཅོས་ཀྱི་ཁ་ཕྱོགས་གཡས་འཁྱོག་གཡོན་འཁྱོག་མེད་པ་དང་ཕན་འབྲས་ལེགས་པོ་ཐོན་པའི་འགན་ལེན་བྱེད་དགོས། “རྩ་དོན་གཉིས”མཐའ་འཁྱོངས་དང་། སྒྲིག་སྲོལ་ལམ་སྲོལ་དང་མི་རྒྱུ་དངོས་སོགས་ལ་དམིགས་པ། གཞུང་ཁོངས་ཅན་སྒྱུར་བཅོས་ཀྱི་རྩ་དོན་ལ་འགྱུར་བ་མེད་པ་དང་རང་ངོས་འཛུགས་སྐྱོང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དམིགས་ཚད་ལ་འགྱུར་བ་མེད་པ། ནང་སྐྱེས་སྒུལ་ཤུགས་དང་གསོན་ཤུགས་འཕེལ་བ་བཅས་བྱས་ཏེ་ཕུལ་དུ་བྱུང་ཞིང་སྤུས་ཚད་མཐོ་བའི་རིག་རྩལ་བརྩམས་ཆོས་འདོན་དགོས། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། སྒྱུར་བཅོས་ཀྱི་ཆེད་དོན་ལས་དོན་འགོ་ཁྲིད་ཚོགས་ཆུང་འཛུགས་པ། ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། སྤྱི་འདོམས་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་སྒྱུར་བཅོས་ལས་དོན་ལ་སྐུལ་འདེད་བརྟན་པོ་གཏོང་ཐུབ་པའི་འགན་ལེན་བྱེད་དགོས། གཞུང་ཁོངས་རིག་གནས་ཁེ་ལས་རྒྱ་སྟོབས་ཆེ་རུ་གཏོང་བ་དང་། སྤྱི་ཚོགས་ཀྱི་ཕན་འབྲས་དང་དཔལ་འབྱོར་གྱི་ཕན་འབྲས་ཟུང་འབྲེལ་བྱེད་པ། རྐང་འཛིན་གཞུང་ཁོངས་རིག་གནས་ཁེ་ལས་ཁྲོམ་ར་ཅན་གྱི་འཕེལ་རྒྱས་ཀྱི་ཐབས་ལམ་གསར་པ་བཏོད་དེ། རིག་གནས་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།