དབུ་ཤོག>སྲིད་དོན།
  • ཀྲོང་ཡན་གྱིས་རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-06-17

    ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་ཀྲོང་ཡན་གྱིས་རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ་གཙོ་སྐྱོང་གནང་སྟེ། ཀྲུང་དབྱང་གི་མི་རིགས་ལས་དོན་ཚོགས་འདུ་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་མི་རིགས་ལས་དོན་ཚོགས་འདུའི་དགོངས་དོན་རྒྱུན་མཐུད་ངང་སློབ་སྦྱོང་གཏིང་ཟབ་བྱས་ནས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་བྱ་རྒྱུར་དམིགས་ཏེ་སྲིད་གྲོས་ཀྱི་ལེགས་ཆ་འདོན་སྤེལ་གྱིས་སྤེལ་རེས་དང་བགྲོ་གླེང་བྱས་པ་རེད།

    ཀརྨ་ཚེ་བརྟན་དང་། ཝང་ཡ་ལིན། སངས་རྒྱས་གྲགས་པ། སྒྲོལ་དཀར། རྒྱ་མཚོ་ལྷ་མོ། ཏུའུ་ཅན་ཀུང་བཅས་ཕེབས་པ་དང་བཀྲ་ཤིས་ཟླ་བ་ཟུར་ཞུགས་གནང་བ་རེད།

    ཟུར་ཁྲིད་སྙན་ཞུ་དང་སྤེལ་རེས་གཏམ་བཤད་ནན་ཏན་གསན་རྗེས། ཀྲོང་ཡན་གྱིས་ལྗོངས་ཡོངས་ཀྱི་རིམ་ཁག་སྲིད་གྲོས་རྩ་འཛུགས་དང་། རྒྱ་ཆེའི་སྲིད་གྲོས་ཨུ་ཡོན། ལས་ཁུངས་ཀྱི་ལས་བྱེད་པ་བཅས་ཀྱིས་བསམ་བློ་ཆབ་སྲིད་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་བརྒྱབ་ནས། སྲིད་གྲོས་ཀྱི་རིམ་ཁག་ཏང་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་གི་ནུས་པ་དང་ཏང་ཡོན་ཨུ་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། “རིགས་པའི་གཞུང་ལུགས་སློབ་སྦྱོང”དང“གཏམ་རྒྱུད་བརྗོད་པ”“གྲོགས་པོ་སྒྲིག་པ”སོགས་ཀྱི་བྱེད་སྒོ་གཞི་རྟེན་དུ་བྱས་ནས། རིགས་ཁོངས་ཁག་གི་མང་ཚོགས་ཀྱིས་སྐྱིད་སྡུག་མཉམ་མྱོང་དང་། གཟི་ཁྲེལ་མཉམ་གནས། འཆི་གསོན་མཉམ་གནས། ལས་དབང་གཅིག་མཐུན་བཅས་ཀྱི་འདུ་ཤེས་བརྟན་པོ་འཛུགས་པར་ཁྲིད་སྟོན་བྱེད་དགོས། མི་རིགས་ཁག་གི་མང་ཚོགས་ཀྱི་ཐུན་མོང་ངོས་འཛིན་གཅིག་སྒྲིལ་བྱས་ཏེ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་བསྒྲགས་སློབ་གསོ་ཡག་པོ་སྤེལ་བར་སྣེ་ཁྲིད་དང་། རིགས་ཁོངས་ཁག་གི་མང་ཚོགས་ཀྱི“མོས་སེམས་ལྔ”ཟམ་མི་ཆད་པར་ཟབ་ཏུ་གཏོང་བར་ཁྲིད་སྟོན། དེ་བས་བློ་རྩ་བརྟན་ཞིང་རང་རྟོགས་ཀྱི་སྒོ་ནས་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་བྱེད་དགོས། མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ནས་བློ་བརྟན་འགྱུར་མེད་ངང་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུ་དེ་ལས་འགན་ཨང་དང་པོར་བརྩིས་ཏེ། བློ་བརྟན་འགྱུར་མེད་ངང་ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་དང་ཏཱ་ལའི་རུ་ཚོགས་ཀྱི་སིམ་འཛུལ་གཏོར་བཤིག་གི་བྱེད་སྤྱོད་བཀག་འགོག་མཐའ་གཅིག་ཏུ་བྱས་ཏེ། བརྟན་ལྷིང་སྲུང་སྐྱོང་གི་ཟངས་གྱང་ལྕགས་རྩིག་རྒྱུན་ཆད་མེད་པར་བརྟན་དུ་གཏོང་དགོས། ལག་གདང་སྦྲེལ་ནས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་དེ་རང་རྟོགས་ངང་མི་རིགས་མཐུན་སྒྲིལ་དར་སྤེལ་ཧུར་ཐག་གཏོང་མཁན་དང་། བློ་བརྟན་འགྱུར་མེད་ངང་སྲུང་སྐྱོང་བྱེད་མཁན། ལྷག་བསམ་ཟོལ་མེད་ཀྱི་ལག་ལེན་བསྟར་མཁན་བཅས་བྱས་ནས་ཨུ་ཡོན་གྱི་འབྲེལ་བ་རྒྱ་ཁྱབ་ཀྱི་ལེགས་ཆ་འདོན་སྤེལ་བྱས་ཏེ་ལྗོངས་ཕྱི་ནང་གི་དཔལ་འབྱོར་དང་། རིག་གནས། མི་སྣ་བཅས་ཕན་ཚུན་སྤེལ་རེས་བྱེད་ཟབ་ཏུ་དང་བརྩེ་སེམས་ཟབ་ཏུ་འགྲོ་བར་སྐུལ་འདེད་བཏང་ནས། མི་རིགས་ཁག་གི་མཐུན་སྒྲིལ་ཆེ་མོ་རྒྱུན་ཆད་མེད་པར་བརྟན་དུ་གཏོང་དགོས། དམིགས་བསལ་གྱི་ལེགས་ཆ་འདོན་སྤེལ་ཧུར་ཐག་བྱས་ནས་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་གྱི་ཁ་ཕྱོགས་ལ་གཡོ་འགུལ་མི་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་ཆོས་ལུགས་ལས་རིགས་ཀྱི་ཨུ་ཡོན་ཚོས“འདུ་ཤེས་གསུམ”གྱི་སློབ་གསོ་སྤེལ་རིང་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། སློབ་གསོའི་བྱེད་སྒོའི་ཕན་འབྲས་དངོས་ལ་བརྟེན་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་ལས་དོན་གྱི་ཕན་འབྲས་སྲ་བརྟན་དུ་གཏོང་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།