དབུ་ཤོག>སྲིད་དོན།
  • ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན(རྒྱ་ཆེ)གྱི་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-06-16

    ◆ ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་ཁྲིམས་ལྟར་བོད་སྐྱོང་གི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་ནས་སྤྱི་ཚོགས་སྤྱི་ཡོངས་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་ཡོང་བར་སྲུང་སྐྱོང་ཧུར་ཐག་བྱེད་དགོས།

    ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་རྒྱུན་ལས་ཨུ་ལྷན(རྒྱ་ཆེ)གྱི་ཚོགས་འདུ་གཙོ་སྐྱོང་གནང་ནས། རྒྱལ་ཡོངས་ཀྱི་སྤྱི་བདེ་ཁོངས་གཏོགས་ཀྱི་དཔའ་བོ་དཔེ་བཟང་དང་བྱས་རྗེས་འཇོག་མཁན་མཉམ་སྡེབ་ལ་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་གྱི་དགོངས་དོན་དང་རྒྱལ་ཡོངས་ཀྱི་ཡིག་འབུལ་ཞུ་བཅར་ལས་དོན་ཚོགས་འདུ་ཐེངས་དགུ་པའི་དགོངས་དོན་བརྒྱུད་བསྒྲགས་དང་རང་ལྗོངས་ཀྱི་སྤྱི་བདེ་དང་ཡིག་འབུལ་ཞུ་བཅར་གྱི་ལས་དོན་ལ་ཞིབ་འཇུག་གནང་བ་མ་ཟད། ཉེ་དུས་ཀྱི་བརྟན་ལྷིང་སྲུང་སྐྱོང་ལས་དོན་སླར་ཡང་བཀོད་སྒྲིག་གནང་བ་རེད།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་ཁྲིམས་ལྟར་བོད་སྐྱོང་གི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་སྟེ་སྤྱི་ཚོགས་བརྟན་ལྷིང་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་ཆེད་རྨང་གཞི་བརྟན་པོ་ཞིག་འདིང་དགོས། བསམ་བློའི་ངོས་འཛིན་མཐོ་རུ་གཏོང་བ་དང་སེམས་ཁྲལ་གྱི་འདུ་ཤེས་ཟབ་ཏུ་གཏོང་བ། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་བརྟན་པོ་འཛུགས་པ། ཉེན་བརྡ་རྒྱུན་སྒྲོག་དང་དོགས་ཟོན་རྒྱུན་དུ་བྱེད་པ་བཅས་བྱས་ཏེ། བློ་བརྟན་འགྱུར་མེད་ངང་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུ་དེ་ལས་འགན་ཨང་དང་པོར་བརྩིས་ནས་ཕུགས་འཕེར་གྱི་ཇུས་གཞི་མང་ཙམ་འདིང་བ་དང་རྩ་བ་བརྟན་ཚུགས་ཀྱི་བྱ་ཐབས་མང་ཙམ་སྤྱད་དེ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཆད་ལུས་མེད་པར་དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་ཉམས་མྱོང་སྔར་བས་ཕྱོགས་སྡོམ་དང་། ཇུས་གཞི་འཐུས་སྒོ་ཚང་དུ་གཏོང་བ། ཆད་སྐྱོན་སེལ་བ། གྲུབ་འབྲས་སྲ་བརྟན་དུ་གཏོང་བ་བཅས་བྱས་ནས། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བའི་ལས་དོན་གྱི་སྤྱི་ཡོངས་ཀྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་སྟེ་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་གི་རྣམ་པ་བཟང་པོ་མུ་མཐུད་སྲུང་སྐྱོང་བྱེད་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། ལས་ཀའི་གཙོ་གནད་མངོན་གསལ་དོད་པོ་ཡོང་བ་བྱས་ནས་བརྟན་ལྷིང་སྲུང་སྐྱོང་སྐོར་གྱི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་ཁག་དོན་འཁྱོལ་ཏན་ཏིག་དང་ཞིབ་ཚགས་བྱེད་དགོས། རྒྱལ་ཁབ་ཀྱི་ཆབ་སྲིད་བདེ་འཇགས་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ཏེ་ཁ་ཕྲལ་ལ་ངོ་རྒོལ་དང་གཏུམ་སྤྱོད་འཇིགས་སྐུལ་སྔོན་འགོག་སོགས་ཀྱི་ཆེད་དོན་འཐབ་རྩོད་གཏིང་ཟབ་སྤེལ་བ་དང་ཁ་ཕྲལ་སིམ་འཛུལ་དང་གཏོར་བཤིག་བྱེད་སྤྱོད་སྣ་ཚོགས་ལ་རྡུང་རྡེག་ཚ་ནན་བཏང་ནས། ནུས་ཤུགས་ཡོད་རྒུས་ཉེན་ཁ་སྣ་ཚོགས་འགོག་ཟོན་དང་སེལ་དགོས། ཁྲིམས་འགལ་ཉེས་གསོག་སྣ་ཚོགས་ལ་ཁྲིམས་ལྟར་རྡུང་རྡེག་གཏོང་བ་དང་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་ཁྲིམས་བཞིན་སྲུང་སྐྱོང་བྱས་ཏེ། རྡུང་རྡེག་གཏོང་ཡུལ་གཙོ་བོ་དེ་ནག་ངན་སྟོབས་ཤུགས་ཀྱི་ཉེས་གསོག་དང་། གློག་འཕྲིན་དྲ་རྒྱའི་ཁ་བསླུས། ཁྲིམས་འགལ་གྱི་མ་དངུལ་བསྡུ་རུབ། རྐུ་འཕྲོག་མགོ་སྐོར་གསུམ། འཆལ་རྒྱན་དུག་གསུམ། བཟའ་བཅའ་དང་སྨན་རྫས་ཀྱི་ལྷུ་ཚིགས་སོགས་མང་ཚོགས་ཀྱིས་གླེང་མང་བ་དང་སྤྱི་ཚོགས་ཐོག་ཤུགས་རྐྱེན་ངན་པ་ཐོན་པའི་ཁྲིམས་འགལ་ཉེས་གསོག་བྱ་སྤྱོད་ལ་དམིགས་ཏེ། སྤྱི་ཚོགས་བདེ་འཇགས་ཀྱི་ཁོར་ཡུག་སྔར་བས་ཡག་ཏུ་གཏོང་བ་དང་མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ལ་ནུས་ཤུགས་ཡོད་རྒུས་འགན་ལེན་བྱས་ཏེ་མི་དམངས་མང་ཚོགས་ཀྱི་བདེ་འཇགས་ཚོར་སེམས་དང་བློ་ཡིད་ཚིམ་ཚད་མཐོ་རུ་ཏན་ཏིག་གཏོང་དགོས། གཞི་རིམ་ལ་དམ་འཛིན་ཤུགས་ཆེན་དང་རྨང་གཞིར་དམ་འཛིན་ཤུགས་ཆེན་བྱེད་པའི་སྟོན་ཕྱོགས་གསལ་པོ་བརྟན་པོར་བཙུགས་ཏེ་སྤྱི་ཚོགས་བཅོས་སྐྱོང་གི་གཙོ་གནད་གཞི་རིམ་ལ་བསྒྱུར་བར་སྐུལ་འདེད་གཏོང་བ་དང་། རྒྱུན་གཏན་ནས་གཞི་རིམ་དུ་ལས་ཀ་ཏན་ཏིག ལམ་ལུགས་དང་། བྱེད་ཐབས། བླང་བྱ་བཅས་གཞི་རིམ་དུ་དངོས་སུ་དོན་འཁྱོལ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་མཐའ་གཅིག་ཏུ་སྔོན་འགོག་བཅས་བྱས་ནས། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་གི་གཞི་རིམ་གྱི་རྨང་གཞི་བརྟན་དུ་གཏོང་དགོས། འགལ་ཟླ་དང་རྩོད་གཞི་གྲལ་བཤེར་དང་སེལ་བའི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་མི་རིགས་ཁག་གི་མང་ཚོགས་ཀྱིས་དོ་སྣང་ཆེ་ཤོས་བྱེད་པ་དང་། མང་ཚོགས་དང་ཐད་ཀར་འབྲེལ་བ་ཆེ་ཤོས་ཡོད་པ། མང་ཚོགས་ལ་འཕྲལ་མཁོ་ཆེ་ཤོས་ཡིན་པ་བཅས་ཀྱི་ཁེ་ཕན་གྱི་གནད་དོན་ལ་དམིགས་ཏེ། ཐབས་བརྒྱ་ཇུས་སྟོང་ངང་མང་ཚོགས་ཀྱི་ལུགས་མཐུན་དང་ཁྲིམས་མཐུན་གྱི་རེ་འདུན་ཐག་གཅོད་དང་མང་ཚོགས་ཉེ་འགྲམ་གྱི་དོན་ཆུང་ཏང་ཨུད་དང་སྲིད་གཞུང་གི་དོན་ཆེན་ལ་བརྩིས་ནས་དམ་འཛིན་གྱིས་སྔ་ཙམ་དང་ཆུང་ས་ནས་ཐག་གཅོད་བྱས་ཏེ། འགལ་ཟླ་དང་རྩོད་གཞི་གཞི་རིམ་དང་ཐོན་མ་ཐག་སེལ་གང་ཐུབ་བྱེད་དགོས། སྟོབས་ཤུགས་གཅིག་ཏུ་སྒྲིལ་ཤུགས་ཆེ་རུ་བཏང་ནས་ལས་ཀའི་མཉམ་ཤུགས་ཆགས་པ་དང་། སྤྱི་ཡོངས་ཀྱི་འདུ་ཤེས་དང“བསམ་ཇུས་གཅིག”གི་དགོངས་པ་བརྟན་པོར་བཙུགས་ནས་ལས་བགོས་མཉམ་ལས་བྱེད་པ་མ་ཟད། ཆེད་ལས་གཅིག་དང་ནུས་པ་མང་པོ་ལྡན་པར་བྱས་ཏེ་བརྟན་ལྷིང་སྲུང་སྐྱོང་གི་གྲུབ་འབྲས་དངོས་ལ་བརྟེན་ནས་ལས་ཀའི་བྱེད་ཐབས་དང་ཆུ་ཚད་ལ་ཞིབ་བཤེར་བྱེད་དགོས། དུས་རབས་གསར་པའི“ཧྥུང་ཆའོ་ཡི་ཉམས་མྱོང”ལག་བསྟར་ནན་ཏན་བྱས་ཏེ། ཉེས་གསོག་ལ་རྡུང་རྡེག་དང་། བརྟན་ལྷིང་སྲུང་སྐྱོང་། ཉེན་ཁ་སེལ་བ། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་དམངས་འཚོ་འགན་ལེན་ལ་སྤྱི་འདོམས་དང་། ཁྲིམས་སྐྱོང་གི་བསམ་གཞིག་དང་ཁྲིམས་སྐྱོང་བྱེད་ཐབས་སྤྱད་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་འཕྲད་པའི་རིམ་པ་ཟབ་པའི་གནད་དོན་ཐག་གཅོད་བྱས་ནས། ཁྲིམས་སྐྱོང་གི་རྩ་བ་བརྟན་འཛུགས་དང་། སྔོན་དཔག་བརྟན་པོ། ཕུགས་ལ་ཕན་པ་བཅས་ཀྱི་འགན་ལེན་ནུས་པ་སྔར་བས་འདོན་སྤེལ་ཡག་པོ་ཡོང་བར་བྱེད་དགོས། དྲ་རྒྱའི་གླེང་ཕྱོགས་ལ་ཁ་གཏད་འཇལ་བ་དང་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་དྲ་ཐོག་གི་ཡིག་འབུལ་ཞུ་བཅར་ལས་དོན་ལ་ཤུགས་སྣོན་བརྒྱབ་སྟེ། “དྲ་ཐོག་གི་མང་ཚོགས་ལམ་ཕྱོགས”ལག་ལེན་ཡག་པོ་བསྟར་ནས་གླེང་ཕྱོགས་ཀྱི་ཁོར་ཡུག་བཟང་པོ་སྐྲུན་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། གནས་ཚུལ་གསར་པར་ཞིབ་འཇུག་ཧུར་ཐག་དང་གནད་དོན་གསར་པ་ཐག་གཅོད་བྱས་ནས། དུས་བབ་གསར་པའི་འོག་ཚན་རིག་དང་མཐུན་ལ་ལས་ཀའི་ལམ་སྲོལ་ནུས་ལྡན་འཚོལ་ཞིབ་ཧུར་ཐག་བྱེད་དགོས། དུས་བབ་འཕེལ་རྒྱས་དང་འགྱུར་ལྡོག་དང་རང་འགུལ་ངང་འཚམ་ཞིང་། ཉམས་མྱོང་དང་བྱེད་སྟངས་དང་ཚུལ་མཐུན་གྱི་བསམ་གཞིག་ཟུང་འབྲེལ་དམ་ཟབ་བྱས་ཏེ། ལས་ཀའི་འདུ་ཤེས་གསར་གཏོད་དང་། ལས་ཀ་བྱེད་སྟངས་ལེགས་གཏོང་། ལས་ཀ་བྱེད་ཐབས་ལེགས་བཅོས་བཅས་བྱས་ནས། བརྟན་ལྷིང་སྲུང་སྐྱོང་ལས་དོན་གྱི་རང་འགུལ་དབང་ཆར་སྟངས་འཛིན་ནན་པོ་བྱེད་དགོས། ཚན་རྩལ་ལ་བརྟེན་ནས་ཉེན་རྟོག་པ་གསོ་སྐྱོང་དང་འཐབ་འཛིང་གི་སྟོབས་ཤུགས་ཆེ་རུ་་མཐའ་འཁྱོངས་བཏང་ནས་རྒྱལ་ཁབ་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་པའི་ནུས་པ་ཆེ་རུ་གཏོང་བ་དང་མང་ཚོགས་ཀྱི་ལས་དོན་ཡག་པོ་སྒྲུབ་པ་དང་མི་དམངས་ལ་ཞབས་འདེགས་ཞུ་བའི་འཇོན་ཐང་ཆེ་རུ་གཏོང་དགོས། ལམ་སྲོལ་དང་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས་སྲིད་ཁྲིམས་ལས་དོན་ཁྲིམས་སྐྱོང་ཅན་དང་། ཚད་ལྡན་ཅན། ཚན་རིག་ཅན་བཅས་ཀྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས། བྱེད་ཐབས་གསར་གཏོད་དང་གཞི་རྟེན་ཕུན་སུམ་ཚོགས་སུ་བཏང་སྟེ། མང་ཚོགས་ཀྱིས་ལྟ་འདོད་ལ་ཉན་སྤྲོ་བའི་བྱེད་ཐབས་དང་གོ་བདེ་ཤེས་སླའི་སྐད་ཆས་བཅའ་ཁྲིམས་ཁྱབ་གདལ་དང་དྲིལ་བསྒྲགས་བྱས་ཏེ་སྤྱི་ཚོགས་ཡོངས་སུ་རང་རྟོགས་ངང་ཁྲིམས་སྲུང་བ་དང་། ཁྲིམས་བཞིན་བྱ་བ་སྒྲུབ་པ། གནད་དོན་འཕྲད་སྐབས་ཁྲིམས་ལ་བརྟེན་པ། གནད་དོན་ཐག་གཅོད་བྱེད་སྐབས་ཁྲིམས་སྤྱོད་པ་བཅས་ཀྱི་དར་སྲོལ་བཟང་པོ་ཞིག་ཆགས་པར་བྱེད་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། སྤྱོད་ཚུལ་ལེགས་སུ་གཏོང་བ་དང་། དོན་འཁྱོལ་ལ་དམ་འཛིན་ནན་པོ། འགན་འཁྲིའི་འདུ་ཤེས་ཟབ་ཏུ་གཏོང་བ། རིམ་པ་བཞིན་འགན་འཁྲི་ནན་དུ་གཏོང་བ། རིམ་པ་གཅིག་གིས་རིམ་པ་གཅིག་ལ་སྣེ་ཁྲིད་དེ་བྱ་བ་སྒྲུབ་པ་བཅས་བྱས་ཏེ། བྱས་པའི་རྗེས་དང་དྲུད་པའི་ཤུལ་གྱི་སྤྱོད་ཚུལ་ལ་བརྟེན་ནས་བརྟན་ལྷིང་ལས་དོན་རྒྱུན་སྲིང་ལྷོད་མེད་ངང་ཡག་པོ་སྒྲུབ་དགོས། ཉེན་རྟོག་པ་ནན་སྐྱོང་དང་ཉེན་རྟོག་པར་གཟིགས་སྐྱོང་མཐའ་འཁྱོངས་བྱས་ནས་སྲིད་ཁྲིམས་དཔུང་ཁག་གི་ཁྲིམས་འཛིན་ཚད་ལྡན་ཅན་འཛུགས་སྐྱོང་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། བློ་དཀར་སེམས་དཀར་དང་། སྤྱོད་གཙང་། འགན་འཁྲི་འཁུར་ཕོད་པ་བཅས་ཀྱི་བྱང་ཚད་མཐོ་བའི་སྲིད་ཁྲིམས་དཔུང་ཁག་ཅིག་འཛུགས་སྐྱོང་ཧུར་ཐག་བྱེད་པ། བརྟན་ལྷིང་སྲུང་སྐྱོང་བྱེད་རིང་སྲིད་ཁྲིམས་དཔུང་ཁག་གི་གཙོ་ཤུགས་དམག་གི་ནུས་པ་ཏན་ཏིག་འདོན་པ་བཅས་བྱས་ནས། དུས་རབས་གསར་པ་དང་རྒྱང་ལམ་གསར་པར་ཏང་དང་མི་དམངས་ཀྱིས་དཀྲིས་པའི་འགན་འཁྲི་འཁུར་བ་དང་ལས་འགན་སྔར་བས་ལེགས་པར་སྒྲུབ་དགོས།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།