དབུ་ཤོག>སྲིད་དོན།
  • བོད་རང་སྐྱོང་ལྗོངས་དབུ་བརྙེས་པའི་དྲན་གསོའི་ཉིན་མོ་དང་། བོད་ཀྱི་ལོ་གསར། དཔྱིད་གསར་དུས་ཆེན་བཅས་ཀྱི་སྐབས་སུ་རྒྱལ་དར་འགེལ་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཆོད་དོན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-06-15

    (1990ལོའི་ཟླ་11ཚེས་19ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་ལྔ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་གཉིས་པའི་ཐོག་གྲོས་འཆམ་བྱུང་བ། 2021ལོའི་ཟླ་9ཚེས་29ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་སོ་གཉིས་པའི་ཐོག་གི《<《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཨ་མ་དང་ཕྲུ་གུ་དམར་འབྱར་གྱི་འཕྲོད་སྦྱོར་བཅའ་ཁྲིམས》ལག་བསྟར་བྱ་རྒྱུའི་བོད་རང་སྐྱོང་ལྗོངས་ཀྱི་བྱ་ཐབས>སོགས་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་བརྒྱད་ལ་བཟོ་བཅོས་རྒྱག་རྒྱུའི་སྐོར་གྱི་ཆོད་དོན》གཞིར་བཟུང་དག་བཅོས་བྱས)

    རྒྱལ་དར་གྱི་བརྗིད་ཉམས་ལ་སྲུང་སྐྱོང་དང་། སྤྱི་དམངས་ཀྱི་རྒྱལ་ཁབ་འདུ་ཤེས་ཟབ་ཏུ་གཏོང་བ། རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ་བཅས་ཀྱི་ཆེད་དུ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་དར་བཅའ་ཁྲིམས》ཀྱི་དོན་ཚན་བདུན་པའི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། རང་ལྗོངས་ཀྱི་དངོས་ཡོད་གནས་ཚུལ་དང་ཟུང་འབྲེལ་གྱིས་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་ལྔ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་གཉིས་པའི་ཐོག་ཆོད་དོན་བཞག་དོན་གཤམ་གསལ།

    གཅིག རང་སྐྱོང་ལྗོངས་ནང་ཁོངས་ཀྱི་སྤྱི་དམངས་སུ་ཞིག་དང་རྩ་འཛུགས་ཚང་མས་ངེས་པར་དུ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་དར་བཅའ་ཁྲིམས》ལག་བསྟར་ནན་པོ་བྱེད་དགོས་ཤིང་། རྒྱལ་དར་བཟོ་བ་དང་། འགེལ་བ། བེད་སྤྱོད་བྱེད་པ་སོགས་སྐོར་གྱི་འབྲེལ་ཡོད་གཏན་འབེབས་ལ་བརྩི་སྲུང་ཞུ་དགོས་པ་དང་། རྒྱལ་དར་ལ་གུས་བཀུར་གཅེས་སྤྲས་བྱེད་དགོས།

    གཉིས། རང་སྐྱོང་ལྗོངས་དབུ་བཪྙེས་པའི་དྲན་གསོའི་ཉིན་མོ་དང་། བོད་ཀྱི་ལོ་གསར། དཔྱིད་གསར་དུས་ཆེན། དེ་བཞིན་རྒྱུན་སྲོལ་གྱི་མི་རིགས་དུས་ཆེན་གཙོ་བོ་བཅས་ཀྱི་སྐབས་སུ་རང་སྐྱོང་ལྗོངས་ནང་ཁོངས་ཀྱི་རིམ་ཁག་རྒྱལ་ཁབ་ལས་ཁུངས་དང་། མི་དམངས་ཚོགས་པ་ཁག རིམ་རིགས་ཁག་གི་སློབ་གྲྭ། དེ་བཞིན་ཐང་ཆེན་ཆེ་གྲས་དང་སྤྱི་གླིང་སོགས་སྤྱི་པའི་བྱེད་སྒོ་སྤེལ་གནས་ཀྱིས་ངེས་པར་དུ་རྒྱལ་དར་འགེལ་དགོས། ཁེ་ལས་དང་བྱ་གཞག་རྩ་འཛུགས་དང་། གྲོང་ཚོའི་ཡུལ་མི་ཨུ་ཡོན་ལྷན་ཁང་། གྲོང་མི་ཨུ་ཡོན་ལྷན་ཁང་། དགོན་སྡེའི་དམངས་གཙོ་དོ་དམ་ཨུ་ཡོན་ལྷན་ཁང(དམངས་གཙོ་དོ་དམ་ཚོགས་ཆུང) གྲོང་ཁྱེར་གྲོང་རྡལ་གྱི་གྲོང་མིའི་སྒོ་ར(ཐོག་ཁང) ཆ་རྐྱེན་ཡོད་པའི་སྡེ་ཁུལ་ཆུང་གྲས་བཅས་ཀྱིས་ངེས་པར་དུ་རྒྱལ་དར་འགེལ་དགོས།

    གསུམ། རང་སྐྱོང་ལྗོངས་ནང་ཁོངས་ཀྱི་གྲངས་ཉུང་མི་རིགས་ཁག་དང་། ས་གནས་གྲོང་ཁྱེར་ཁག་གི་གལ་ཆེའི་རྒྱུན་སྲོལ་གྱི་དུས་ཆེན་ལ་རྟེན་འབྲེལ་གྱི་བྱེད་སྒོ་གཉེར་སྐབས་བྱེད་སྒོ་སྤེལ་གནས་གཙོ་བོར་རྒྱལ་དར་བཀལ་ན་འགྲིག

    བཞི། རྒྱལ་ཁབ་ལས་ཁུངས་སམ་ཡང་ན་མི་དམངས་ཚོགས་པ་འགའ་ཡིས་སྒོ་ར(ཐོག་ཁང)གཅིག་ནང་གཞུང་དོན་སྒྲུབ་སྐབས་གཅིག་གྱུར་ཐོག་རྒྱལ་དར་གཅིག་བཀལ་ན་འགྲིག

    ལྔ། རང་སྐྱོང་ལྗོངས་རིམ་ཁག་མི་དམངས་སྲིད་གཞུང་གིས་སྲིད་འཛིན་ས་ཁོངས་དེ་གའི་ནང་གི་རྒྱལ་དར་དོ་དམ་བྱེད་ཕྱོགས་ཀྱི་འབྲེལ་ཡོད་ལས་དོན་ལ་གཅིག་གྱུར་འཆར་འགོད་དང་མཐུན་སྦྱོར་བྱེད་དགོས། རང་སྐྱོང་ལྗོངས་རིམ་ཁག་མི་དམངས་སྲིད་གཞུང་ཁྲོམ་ར་ལྟ་སྐུལ་དོ་དམ་སྡེ་ཚན་གྱིས་རྒྱལ་དར་བཟོ་བ་དང་བྲིན་འཚོང་བྱེད་པར་ལྟ་སྐུལ་དོ་དམ་བྱེད་དགོས། རང་སྐྱོང་ལྗོངས་རིམ་ཁག་མི་དམངས་སྲིད་གཞུང་གིས་སྲིད་འཛིན་ས་ཁོངས་དེ་གའི་ནང་གི་རྒྱལ་དར་འགེལ་བ་དང་། བེད་སྤྱོད་བྱེད་པ། ཚུར་བསྡུ་བ་བཅས་ཀྱི་ཐད་ངེས་པར་དུ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་དར་བཅའ་ཁྲིམས》ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ལྟ་སྐུལ་དང་དོ་དམ་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས།

    (རང་སྐྱོང་ལྗོངས་རྩོམ་སྒྱུར་ཅུས་ནས་མཁོ་འདོན་བྱས་པ་གཞིར་བཟུང)

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།