དབུ་ཤོག>སྲིད་དོན།
  • ལའེ་ཅའོ་ཡིས་སློབ་གསོ་དང་སྨན་བཅོས་ཤེས་ལྡན་མི་སྣའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ལས་དོན་ལ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  尕藏智华   |     སྤེལ་དུས།  2022-06-15

    ཉེ་ཆར། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རྩ་འཛུགས་པུའི་པུའུ་ཀྲང་ལའེ་ཅའོ་ལྷ་ས་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་དང་ལྗོངས་མི་དམངས་སྨན་ཁང་དུ་ཕེབས་ཏེ། སློབ་གསོ་དང་སྨན་བཅོས་ཤེས་ལྡན་མི་སྣའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ལས་དོན་ལ་བརྟག་ཞིབ་གནང་བ་རེད།

    ལྷ་ས་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་དུ་ལའེ་ཅའོ་ཡིས་སློབ་གསོའི་ཤེས་ལྡན་མི་སྣའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ཚོགས་པའི་མཉམ་ཤུགས་འདོན་སྤེལ་གང་ལེགས་བྱས་ཏེ། རོགས་སྐྱོར་ཐོབ་པའི་སློབ་གྲྭས་འོས་འགན་སློབ་གསོ་དོ་སྙོམས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། སློབ་གསོ་དྲང་གཞག་ལ་སྐུལ་འདེད་གཏོང་བ། སློབ་ཁྲིད་ཀྱི་སྤུས་ཚད་མཐོ་རུ་གཏོང་བ་བཅས་ལ་ཤུགས་སྣོན་རྒྱག་པར་རོགས་རམ་བྱེད་དགོས་ཞེས་བསྟན་གནང་བ་རེད།

    རང་སྐྱོང་ལྗོངས་མི་དམངས་སྨན་ཁང་དུ་ལའེ་ཅའོ་ཡིས་ས་མཐོའི་གསོ་རིག་ཞིབ་འཇུག་ཁང་དང་། སྒོ་བསྟེན་ཕྱོགས་བསྡུས་ཞབས་ཞུའི་ལྟེ་གནས། དཱ་ཧྥེན་ཆི་འཕྲུལ་མིའི་གཤགས་བཅོས་ཁང་། རྒྱང་བསྟེན་ནད་དཔྱད་ལྟེ་གནས་བཅས་ཀྱི་གནས་ཚུལ་ཤེས་རྟོགས་གནང་ཞིང་། ཁོང་གིས་ས་མཐོའི་གསོ་རིག་ཞིབ་འཇུག་ལྟེ་གནས་འཛུགས་སྐྲུན་ལ་དམིགས་ཏེ། མིའི་གཟུགས་གཞིའི་ནུས་པར་ཐེབས་པའི་ས་བབ་ཀྱི་ཤུགས་རྐྱེན་རྩིས་ལུགས་ལ་བརྟེན་ནས་དབྱེ་ཞིབ་ལ་ཤུགས་སྣོན་རྒྱག་པ་དང་། ས་བབ་མཐོ་བའི་ས་ཁུལ་ལ་སྤྱོད་གོ་ཆོད་པའི་སྨན་བཅོས་བདེ་སྲུང་སྒྲིག་ཆས་གསར་པ་དང་ལག་རྩལ་གསར་པ་ཞིབ་སྤེལ་བྱེད་པ་དང་འབྲེལ་ཁྱབ་གདལ་ཡང་བཏང་ནས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་བདེ་ཐང་འགན་ལེན་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།