དབུ་ཤོག>སྲིད་དོན།
  • ཁྲེན་ཡུང་ཆིས་རང་སྐྱོང་ལྗོངས་བསྡོམས་རྩིས་ཅུས་དང་རྒྱལ་ཁབ་བསྡོམས་རྩིས་ཅུས་བོད་ལྗོངས་བརྟག་དཔྱད་སྤྱི་ཁྱབ་རུ་ཁག་གི་ལས་དོན་ལ་བརྟག་ཞིབ་མཛུབ་ཁྲིད་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-06-15

    ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཁྲེན་ཡུང་ཆི་རང་སྐྱོང་ལྗོངས་བསྡོམས་རྩིས་ཅུས་དང་རྒྱལ་ཁབ་བསྡོམས་རྩིས་ཅུས་བོད་ལྗོངས་བརྟག་དཔྱད་སྤྱི་ཁྱབ་རུ་ཁག་ཏུ་ཕེབས་ནས་དཔལ་འབྱོར་འཁོར་སྐྱོད་དང་བསྡོམས་རྩིས་ལས་དོན་ལ་བརྟག་ཞིབ་མཛུབ་ཁྲིད་གནང་བ་རེད།

    ཁྲེན་ཡུང་ཆིས་རང་སྐྱོང་ལྗོངས་བསྡོམས་རྩིས་བརྟག་དཔྱད་བཤམས་སྟོན་ཁང་དང་ཏང་ཡོན་གྱི་བྱེད་སྒོ་ལྟེ་གནས་ལ་གཟིགས་སྐོར་གནང་བ་དང་། བསྡོམས་རྩིས་ཅུས་རྒྱལ་དམངས་དཔལ་འབྱོར་ཞིབ་རྩིས་ཁྲུའུ་དང་། གཏན་འཇགས་རྒྱུ་ནོར་མ་འཇོག་ཁྲུའུ། རྒྱལ་ཁབ་བསྡོམས་རྩིས་ཅུས་བོད་ལྗོངས་བརྟག་དཔྱད་སྤྱི་ཁྱབ་རུ་ཁག་གི་གྲོང་མིའི་གཏོང་ཡོང་ལེགས་སྒྲིག་ཁྲུའུ་སོགས་འབྲེལ་ཡོད་ཁྲུའུ་དང་ཁང་དུ་ཕེབས་ནས་དཔལ་འབྱོར་འཁོར་སྐྱོད་དང་བསྡོམས་རྩིས་ལས་དོན་སྤེལ་ཚུལ་གྱི་ངོ་སྤྲོད་གསན་པ་དང་འབྲེལ་ས་གནས་ས་ཐོག་ཏུ་བསྡོམས་རྩིས་ཁོངས་གཏོགས་ཀྱི་དཔྱད་གཞིའི་ཡིག་རིགས་མཛོད་ཀྱི་རྣམ་གྲངས་འཛུགས་སྐྲུན་བྱས་ཚུལ་ལ་གཟིགས་ཞིབ་ཀྱང་གནང་བ་རེད།

    ཁྲེན་ཡུང་ཆིས། བསྡོམས་རྩིས་ལས་དོན་ནི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཕྱོགས་བསྡུས་རང་བཞིན་དང་རྨང་གཞིའི་རང་བཞིན་གྱི་ལས་དོན་གལ་ཆེན་ཞིག་ཡིན་པ་དང་། བསྡོམས་རྩིས་གྲངས་གཞི་ནི་གཞི་ཆེའི་སྟངས་འཛིན་དང་ཚན་རིག་དང་མཐུན་པའི་དོ་དམ་གྱི་གཞི་འཛིན་ས་གལ་ཆེན་ཞིག་ཡིན་ཞེས་གསུངས་པ་དང་། ཁོང་གིས་ལྗོངས་ཡོངས་ཀྱི་རིམ་ཁག་བསྡོམས་རྩིས་སྡེ་ཚན་གྱིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། རིམས་ནད་སྔོན་འགོག་དང་། དཔལ་འབྱོར་བརྟན་པོ། འཕེལ་རྒྱས་བདེ་འཇགས་བཅས་ཡོང་བར་བྱེད་དགོས་པའི་བླང་བྱ་གལ་ཆེན་གཞིར་བཟུང་། བརྟན་ལྷིང་གཙོར་བཟུང་དང་བརྟན་ཐོག་ཡར་འཕེལ་མཐའ་འཁྱོངས་ཀྱིས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཁེལ་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱེད་པ་དང་། ལྗོངས་ཏང་ཨུད་དང་སྲིད་གཞུང་དང་། ཧྲུའུ་ཅི་ཝང་ཅུན་ཀྲེང་དང་ཀྲུའུ་ཞི་ཡན་ཅིན་ཧའེ་བཅས་ཀྱི་ལས་ཀའི་བླང་བྱ་ལག་བསྟར་དོན་འཁྱོལ་བྱས་ནས། “དོན་ཆེན་བཞི”ལ་དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་བརྒྱབ་ཏེ་བསྡོམས་རྩིས་དེང་རབས་ཅན་གྱི་སྒྱུར་བཅོས་ལ་སྐུལ་འདེད་གཏོང་རྒྱུ་གཙོ་རྐང་དུ་བཟུང་ནས་བསྡོམས་རྩིས་ཀྱི་སྒྲིག་སྲོལ་ལམ་སྲོལ་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་བ་དང་། བསྡོམས་རྩིས་ཀྱི་ལམ་ལུགས་དང་བྱ་ཐབས་སྒྱུར་བཅོས་བྱེད་པ། བསྡོམས་རྩིས་ཀྱི་ཁྲིམས་སྐྱོང་ལྟ་སྐུལ་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས། བསྡོམས་རྩིས་ཀྱི་ཞབས་ཞུ་འགན་ལེན་གྱི་ཆུ་ཚད་ནུས་ཤུགས་ཡོད་རྒུས་མཐོ་རུ་གཏོང་དགོས། བསྡོམས་རྩིས་ལྟ་ཞིབ་ཚུར་ལན་གནད་དོན་གྱི་དག་ཐེར་ཡོ་བསྲང་ཇུས་གཞིར་དམ་འཛིན་ལྷོད་མེད་བྱས་ནས་བཟོས་ཏེ། དག་ཐེར་གྱི་དམིགས་ཚད་དང་། བྱེད་ཐབས། འགན་འཁྲི། དུས་བཀག་བཅས་རེ་རེ་བཞིན་ཁ་གསལ་བཟོས་ནས་ལས་འགན་ཁག་དུས་ཐོག་ཏུ་དག་ཐེར་གནད་སྨིན་ཐུབ་པའི་འགན་ལེན་བྱེད་དགོས། དཔལ་འབྱོར་འཁོར་སྐྱོད་ཀྱི་དུས་བབ་ལ་དོ་སྣང་ཆེན་པོ་བྱས་ཏེ། དཔལ་འབྱོར་གྱི་དམིགས་ཚད་མཐའ་དཔྱོད་དབྱེ་ཞིབ་ཡག་པོ་བྱེད་པ་དང་། གནས་ཚུལ་གསར་པ་དང་གནད་དོན་གསར་པ་དུས་ཐོག་དང་དངོས་ཡོད་ཀྱིས་གོང་ཞུ་བྱེད་པ། སྔ་བལྟས་རང་བཞིན་དང་། སྤྱི་ཡོངས་རང་བཞིན། བཀོལ་སྤྱོད་ཆོག་པའི་རང་བཞིན་བཅས་ལྡན་པའི་སྤུས་ཚད་མཐོ་བའི་སྲིད་ཇུས་ཀྱི་གྲོས་འགོ་བཏོན་ནས་ཏང་ཨུད་དང་སྲིད་གཞུང་ལ་ཐབས་ཇུས་འགོད་པར་དཔྱད་གཞི་མཁོ་འདོན་བྱེད་དགོས། དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་བཏང་སྟེ། སྤྱི་ཚོགས་ཀྱི་སྔོན་དཔག་ལ་ཁྲིད་སྟོན་དང་། དཔལ་འབྱོར་བརྟན་པོ་ཡོང་བར་རམ་འདེགས། དཔལ་འབྱོར་འཁོར་སྐྱོད་ལུགས་མཐུན་གྱི་བར་མཚམས་སུ་རྒྱུན་འཁྱོངས་ཐུབ་པར་རམ་འདེགས་བཅས་བྱས་ཏེ། བྱ་སྤྱོད་དངོས་ཀྱི་ཐོག་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།