དབུ་ཤོག>སྲིད་དོན།
  • བློ་བཟང་རྒྱལ་མཚན་གྱིས་གཞིས་རྩེར་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-06-14

    ཟླ་6ཚེས་6ནས་11ཉིན་བར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་གྱིས་གཞིས་རྩེ་གྲོང་ཁྱེར་དུ་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཚུལ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་དང་ས་གནས་མི་དམངས་འཐུས་ཚོགས་ཀྱི་ལས་དོན་སྤེལ་ཚུལ་བཅས་ལ་བརྟག་ཞིབ་གནང་བ་རེད།

    བློ་བཟང་རྒྱལ་མཚན་སྔ་རྗེས་སུ་གྲོ་མོ་རྫོང་དང་རྣམ་གླིང་རྫོང་གི་ཤང་དང་གྲོང་རྡལ་དང་། སློབ་གྲྭ མངགས་གཏོང་ཁང་། མི་རིགས་མཐུན་སྒྲིལ་ཁྱིམ་ཚང་། དེ་བཞིན་གཞི་རིམ“མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་ཁྱིམ་གཞིས”སོགས་སུ་ཕེབས་ནས་ས་གནས་ས་ཐོག་ཏུ་ལས་དོན་སྤེལ་ཚུལ་མཁྱེན་རྟོགས་གནང་བ་རེད། གྲོ་མོ་རྫོང་གྲོ་མོ་སྟོད་ཤང་གི“མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་ཁྱིམ་གཞིས”སུ་བློ་བཟང་རྒྱལ་མཚན་གྱིས་ཚང་མ་དང་མཉམ་དུ་གཞི་རིམ་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་5ཡིས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སྤྱད་ནས་སྤེལ་བའི་གཏམ་བཤད་གསན་ཞིང་། བློ་བཟང་རྒྱལ་མཚན་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་འཛུགས་གཏོད་བྱེད་པའི་ཐད་མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་བྱ་སྤྱོད་སྤེལ་བཞིན་ཡོད། གཞི་རིམ་མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་སྦྲེལ་ཟམ་གྱི་ནུས་པ་འདོན་སྤེལ་བྱས་ཏེ་དམངས་ཀྱི་བསམ་འཆར་ཉན་པ་དང་། དམངས་ཀྱི་བློ་གྲོས་གཅིག་ཏུ་བསྡུས་པ། དམངས་ཀྱི་དཀའ་ངལ་སེལ་བ། དམངས་སེམས་གཅིག་སྒྲིལ་བཅས་བྱས་ནས། རང་ངོས་ཀྱི་ཤུགས་རྐྱེན་ནུས་པ་སྤྱོད་པ་དང་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་དང་བེད་སྤྱོད་ལ་སྣེ་ཁྲིད་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པར་སྣེ་ཁྲིད་རྒྱུའི་ཐུགས་རེ་གནང་བ་རེད།

    བརྟག་ཞིབ་གནང་སྐབས་བློ་བཟང་རྒྱལ་མཚན་གྱིས་ནན་བཤད་གནང་དོན། ང་ཚོས“གཏན་འཁེལ་གཉིས”ལྷག་བསམ་རྣམ་དག་ངང་སྲུང་སྐྱོང་བྱེད་པ་དང“སྲུང་སྐྱོང་གཉིས”བློ་དཀར་སེམས་དཀར་ངང་ལག་བསྟར་བྱེད་པའི་མཐོ་ཚད་ནས“ཚང་དགོས་པ་གསུམ་དང་ཕན་འདོགས་པ་གཅིག”མཐའ་འཁྱོངས་ཀྱིས་བོད་ཀྱི་ལས་དོན་གྱི་དམིགས་ས་དང་། ཤུགས་རྒྱག་ས། དོན་ལ་བབས་ས། གཞི་ཚུགས་ས་བཅས་ལ་དམ་འཛིན་ལྷོད་མེད་བྱས་ཏེ། གཅིག་འདོམས་འཆར་འགོད་དང་སྒྲིག་འཛུགས་ཞིབ་ཚགས་ཀྱིས“ཕྱོགས་དགུར་སྤེལ་བའི”ལས་དོན་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ་རྒྱུན་རྣམ་ཅན་གྱི་ལས་ཀའི་ལམ་སྲོལ་ཆགས་པར་བྱས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་ཀྱི་རྣམ་པ་བཟང་པོ་ཞིག་གཏོད་དགོས། ལས་ཀ་བྱེད་སྟངས་གསར་གཏོད་དང་། བྱེད་སྒོའི་རྟེན་གཞི་བེད་སྤྱོད་ཡག་པོ། དྲིལ་བསྒྲགས་ཀྱི་གཡུལ་ས་སྟོབས་ཆེར་གཏོང་བ་བཅས་བྱས་ཏེ་མང་ཚོགས་ཀྱིས་ལྟ་འདོད་ལ་ཉན་སྤྲོ་བའི་བྱ་ཐབས་ལ་བརྟེན་ནས་མི་རིགས་མཐུན་སྒྲིལ་གྱི་གཏམ་རྒྱུད་ཡག་པོ་ཤོད་པ་དང་གསར་གཏོད་ཀྱི་ལས་དོན་དེ་རྒྱུན་གཏན་གྱི་ལས་དོན་ནང་མཉམ་འདྲེས་ཐུབ་པར་བྱེད་དགོས། ཀུན་སྤྱོད་ལ་བརྟེན་ནས་མི་སྣ་གསོ་སྐྱོང་བྱེད་པའི་རྩ་བའི་ལས་འགན་ལག་བསྟར་དོན་འཁྱོལ་བྱས་ཏེ་མི་རིགས་ཁག་གི་ཕྲུ་གུ་ཚོར་ཏང་གི་བཀའ་དྲིན་དྲན་པ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་བྱས་ནས་སེ་འབྲུའི་རྡོག་ལྟར་གོང་བུ་གཅིག་ཏུ་སྒྲིལ་བའི་སློབ་གསོ་རྒྱག་དགོས། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་གཏོང་བར་ཤུགས་སྣོན་བརྒྱབ་ནས་མི་རིགས་ཁག་གི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་བསྐྲུན་དགོས། གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་མང་ཚོགས་སྒྲིག་འཛུགས་དང་། མང་ཚོགས་ལ་དྲིལ་བསྒྲགས། མང་ཚོགས་ཀྱི་སེམས་པ་གཅིག་སྒྲིལ། མང་ཚོགས་ལ་ཞབས་འདེགས་ཞུ་བ་བཅས་ཀྱི་འཇོན་ཐང་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་མི་རིགས་ཁག་དང་། ལས་རིགས་ཁག ཕྱོགས་ཁག་བཅས་འཛུགས་གཏོད་ཀྱི་ལས་དོན་ནང་ཞུགས་པའི་སྤྱི་ཚོགས་ཀྱི་མཉམ་ཤུགས་ཆེན་པོ་ཞིག་ཆགས་པར་བྱས་ཏེ་འཛུགས་གཏོད་ཀྱི་ལས་དོན་གྱི་ཕན་འབྲས་དངོས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།