དབུ་ཤོག>སྲིད་དོན།
  • ལིའུ་ཅང《ཀྲུང་གོ་གུང་ཁྲན་ཏང་གི་སྲིད་ཁྲིམས་ལས་དོན་སྲོལ་ཡིག》ལག་བསྟར་དོན་འཁྱོལ་གྱི་སྐུལ་སྤེལ་ཚོགས་འདུར་ཞུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-06-13

    ཚེས་10ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ལིའུ་ཅང《ཀྲུང་གོ་གུང་ཁྲན་ཏང་གི་སྲིད་ཁྲིམས་ལས་དོན་སྲོལ་ཡིག》(གཤམ་དུ《སྲོལ་ཡིག》ཅེས་བསྡུ་རྒྱུ)ལག་བསྟར་དོན་འཁྱོལ་གྱི་སྐུལ་སྤེལ་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་དང་། རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་ཏང་ཙུའི་ཧྲུའུ་ཅི་ཅན་ཁྲ་ཀྲང་ཤཱ་ཁེ་ཆིན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད། ལིའུ་ཅང་གིས《སྲོལ་ཡིག》ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་བློ་བརྟན་འགྱུར་མེད་ངང་ཏང་གིས་སྲིད་ཁྲིམས་ལས་དོན་ལ་འགོ་ཁྲིད་གཙང་བཙན་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

    ལིའུ་ཅང་གིས《སྲོལ་ཡིག》ནི་ཏང་གིས་སྲིད་ཁྲིམས་ལས་དོན་ལ་འགོ་ཁྲིད་བྱེད་པའི་རྩ་བའི་ཚད་གཞི་དང་རྩ་བའི་གཞི་འཛིན་ས་ཞིག་རེད། 《སྲོལ་ཡིག》ལག་བསྟར་བྱེད་པའི་རང་རྟོགས་རང་བཞིན་དང་བློ་བརྟན་འགྱུར་མེད་ཀྱི་རང་བཞིན་ཆེ་རུ་བཏང་ནས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ། ཏང་གི་འགོ་ཁྲིད་སྲིད་ཁྲིམས་ལས་དོན་གྱི་ཕྱོགས་ཁག་དང་བརྒྱུད་རིམ་ཧྲིལ་པོར་ལག་བསྟར་མཐའ་གཅིག་ཏུ་བྱེད་དགོས། ཀྲུང་དབྱང་སྲིད་ཁྲིམས་ཨུ་ལྷན་གྱི་ལྟ་སྐུལ་ཞིབ་བཤེར་ལ་བསུ་བ་ཞུ་བའི་ལས་དོན་གྲ་སྒྲིག་ཡག་པོ་བྱེད་པ་དང་། རང་ལྗོངས་ཀྱི་གྲུབ་འབྲས་དང་བཀྲག་མདངས་འཚེར་ས་ཕྱོགས་སྡོམ་དང་གདམ་གསེས་ཡག་པོ་བྱེད་པ། དཔང་རྟགས་དཔྱད་ཡིག་གསེད་བཀྲོལ་ཡག་པོ་བྱེད་པ། ཞན་ཆར་ཞིབ་བཤེར་དང་ཞན་ཆ་སེལ་བར་དམ་འཛིན་བཅས་བྱེད་དགོས། ལྟ་སྐུལ་ཞིབ་བཤེར་ལས་དོན་ལ་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་དང་གཞོགས་འདེགས་བྱེད་པ་དང་། གནས་ཚུལ་ཇི་མ་ཇི་བཞིན་ཞུ་བ། མི་བདེན་རྫུན་སྒྲིག་མཐའ་གཅིག་ཏུ་གཏན་འགོག་བཅས་བྱས་ནས་གྲུབ་འབྲས་ཡག་པོ་ཐོབ་པའི་འགན་ལེན་བྱེད་དགོས་ཞེས་གསུངས་པ་རེད།

    ལིའུ་ཅང་གིས། ད་ཐེངས་ཀྱི་ལྟ་སྐུལ་ཞིབ་བཤེར་གོ་སྐབས་སུ་བྱས་ནས《སྲོལ་ཡིག》ལག་བསྟར་དོན་འཁྱོལ་ལ་སྐུལ་འདེད་གཏིང་ཟབ་གཏོང་དགོས། ཤེས་རྟོགས་ཐུབ་པར་ཤུགས་སྣོན་བརྒྱབ་ནས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དང《སྲོལ་ཡིག》སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ཏེ་སྲིད་ཁྲིམས་ལས་དོན་དེ་ཡང་དག་པའི་ཁ་ཕྱོགས་བརྒྱུད་འཕེལ་རྒྱས་འགྲོ་བའི་འགན་ལེན་བྱེད་དགོས། འགན་འཁྲིར་ཤུགས་སྣོན་བརྒྱབ་ནས་ཏང་ཨུད་ཀྱི་འགོ་ཁྲིད་འགན་འཁྲི་དང་། ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱི་བྱེད་པོའི་འགན་འཁྲི། སྲིད་ཁྲིམས་ཚན་པའི་ཏང་ཙུའུ(ཏང་ཨུད)ཡི་ཞིབ་ཕྲའི་འགན་འཁྲི་བཅས་ལ་ཤུགས་སྣོན་བརྒྱབ་སྟེ་ལས་དོན་གྱི་རྩ་བ་ཏང་གི་ལག་ཏུ་དམ་པོར་འཛིན་དགོས། ལེ་ལག་ཚང་བའི་ལམ་ལུགས་ལ་ཤུགས་སྣོན་བརྒྱབ་ནས་ཐབས་ཇུས་ལག་བསྟར་དང་དགོངས་སྐོར་སྙན་ཞུ་སོགས་ཀྱི་ལམ་ལུགས་སྔར་བས་ཞིབ་ཚགས་སུ་བཏང་སྟེ་བོད་ཀྱི་ཁྱད་ཆོས་ཟབ་མོ་ལྡན་པའི་ལམ་ལུགས་ཀྱི་གྲུབ་འབྲས་ཁག་གཅིག་ཧུར་ཐག་ཆགས་པར་བྱེད་དགོས། ལག་ལེན་ལ་ཤུགས་སྣོན་བརྒྱབ་སྟེ《སྲོལ་ཡིག》གཞིར་བཟུང་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། ཕྱོགས་ཡོངས་ནས་ཏང་ལ་དོ་དམ་ནན་པོ་དང་ཉེན་རྟོག་བཅོས་སྐྱོང་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བཅས་བྱས་ཏེ་ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས་ཞེས་ནན་བཤད་གནང་བ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།