དབུ་ཤོག>སྲིད་དོན།
  • དབང་ཧའེ་ཀྲོའུ་ཡིས་ལྷ་ས་གྲོང་ཁྱེར་གྱི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་འཛུགས་སྐྲུན་གྱི་ལས་དོན་ལ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-06-10

    ཚེས་7ཉིན་གྱི་ཕྱི་དྲོར། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲིལ་བསྒྲགས་པུའི་པུའུ་ཀྲང་དབང་ཧའེ་ཀྲོའུ་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་དང་། ཉང་བྲན་ཁྲོམ་གཞུང་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ཁང་། སྔགས་པ་གླིང་སྡེ་ཁུལ་གྱི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་དང་བླངས་ཞབས་ཞུའི་ས་ཚིགས། སྤྱི་སོ་གྲོང་ཚོའི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ས་ཚིགས་སོགས་སུ་ཕེབས་ཏེ། དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་འཛུགས་སྐྲུན་ལས་དོན་ལ་ས་གནས་ས་ཐོག་ཏུ་བརྟག་ཞིབ་གནང་བ་རེད།

    ས་ཆ་དེ་དག་ལ་སླེབས་རིམ་བཞིན། དབང་ཧའེ་ཀྲོའུ་ཡིས་ལས་དོན་མི་སྣ་དང་བྱམས་བརྩེའི་ངང་གླེང་མོལ་གནང་ནས། གསལ་འགྲེལ་གསན་པ་དང་། འགྲེམས་པང་ལ་གཟིགས་པ། དཔྱད་ཡིག་ལ་གཟིགས་པ། ས་གནས་ས་ཐོག་ཏུ་བཀའ་འདྲི་གནང་བ་སོགས་ཀྱི་བྱ་ཐབས་བརྒྱུད། དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས(ཁང་དང་ས་ཚིགས)ཀྱི་གཡུལ་ས་འཛུགས་སྐྲུན་དང་། བྱེད་ནུས་འདོན་སྤེལ། བྱེད་སྒོ་སྤེལ་ཚུལ། མང་ཚོགས་ཞུགས་པ། དང་བླངས་ཞབས་ཞུའི་ལས་དོན་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད།

    དབང་ཧའེ་ཀྲོའུ་ཡིས། རིམ་ཁག་ཏང་ཨུད་ཧྲུའུ་ཅིས་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལྟེ་གནས་ཀྱི་ཀྲུའུ་རེན་གྱི་འགན་འཁྲི་ཡག་པོ་སྒྲུབ་པ་དང་། སྤྱི་འདོམས་མཐུན་སྦྱོར་ལ་ཤུགས་སྣོན། སྡེ་ཚན་ཁག་མཉམ་སྒུལ་གྱི་མཉམ་ལས་ལམ་སྲོལ་འཛུགས་པ། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་མིག་དཔེ་འདོན་པ་དང་འབྲེལ་མང་ཚོགས་ཀྱི་སྣེ་ཁྲིད་དེ་དང་བླངས་པ་ཡག་པོ་བྱེད་པར་སྐུལ་སློང་། སྤྱི་ཚོགས་ཀྱི་དར་སྲོལ་བཟང་པོ་སྐྱེད་སྲིང་བཅས་ལ་བརྟེན་ནས་སྤྱི་ཚོགས་ཤེས་དཔལ་ཡར་ཐོན་ལ་སྐུལ་འདེད་གཏོང་དགོས། དྲ་སྦྲེལ་གྱི་ལག་རྩལ་གསར་པ་དང་བཀོལ་སྤྱོད་གསར་པ་སྤྱོད་མཁས་པོ་དང་། མང་ཚོགས་ཀྱི་སྦར་མཐིལ་མངག་ཐོའི་བྱ་རིམ་ཆུང་གྲས་འཆར་འགོད་བྱས་ནས་འདོན་པ། ནང་དོན་ཡག་པོ“སློབ་སྦྱོང་རྒྱལ་ཁབ་སྟོབས་ཆེ”གྱི་ལས་སྟེགས་ལ་འདོན་པ་བཅས་བྱས་ནས། སློབ་སྦྱོང་ཁྱབ་གདལ་དང་བརྒྱུད་བསྒྲགས་ཡག་པོ་བྱེད་པར་སྟབས་བདེ་སྐྲུན་དགོས། ཤེས་དཔལ་ལག་ལེན་དང་གཞི་རིམ་བཅོས་སྐྱོང་མཉམ་འདྲེས་གཏིང་ཟབ་བྱེད་པ་དང་། མང་ཚོགས་སྐུལ་སློང་དང་མང་ཚོགས་ལ་ཞབས་འདེགས་ཞུ་བའི“མཐའ་མའི་འགག་གནད”ཤར་གཏོང་ཐུབ་པར་བྱས་ཏེ། གཞི་རིམ་བཅོས་སྐྱོང་གསར་གཏོད་ལ་སྐྱེ་སྟོབས་དང་གསོན་ཤུགས་སྣོན་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།