དབུ་ཤོག>སྲིད་དོན།
  • རེན་ཝེ་ཡིས་རང་སྐྱོང་ལྗོངས་དངུལ་རྩའི་ཉེན་སེལ་ཨུ་ལྷན་གཞུང་ལས་ཁང་གི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-06-10

    ཚེས་6ཉིན་གྱི་ཕྱི་དྲོར། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་རེན་ཝེ་ཡིས་རང་སྐྱོང་ལྗོངས་དངུལ་རྩའི་ཉེན་སེལ་ཨུ་ཡོན་ལྷན་ཁང་གཞུང་ལས་ཁང་གི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་ནས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྔ་རྗེས་སུ་ལྗོངས་ཡོངས་ཀྱི་དངུལ་རྩའི་ཉེན་ཁ་འགོག་སེལ་གྱི་ལས་དོན་ཞིབ་འཇུག་བཀོད་སྒྲིག་གནང་བ་རེད།

    རེན་ཝེ་ཡིས། རང་ལྗོངས་ཀྱི་དངུལ་རྩའི་ཁྱབ་ཁོངས་ཀྱི་དུས་བབ་སྤྱིའི་ཆ་ནས་བརྟན་པོ་ཡོད་ཀྱང་། ད་རུང་མངོན་གསལ་དོད་པའི་ཉེན་ཁའི་གནས་ཡོད་པས། རིམ་པ་ཁག་དང་སྡེ་ཚན་ཁག་གིས་དངུལ་རྩའི་ཉེན་ཁ་ཚབས་ཆེན་ལ་འགོག་ཟོན་དང་སེལ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། “ཉེན་ཁའི་གནས་དང་ཉེན་ཁའི་འབྱུང་ཁུངས་གཙོ་བོར་དམ་པོར་དམིགས་པ་དང་སྔོན་འགོག་དང་ཚོད་འཛིན་ནུས་ལྡན་བྱས་ནས”འགན་འཁྲིའི་བསམ་པ་དང་དགོས་གཏུག་གི་བསམ་པ་སྔར་བས་ཆེ་རུ་བཏང་སྟེ། དངུལ་རྩའི་ཉེན་ཁ་འགོག་སེལ་གྱི་བྱ་སྤྱོད་དངོས་དང་ཕན་འབྲས་དངོས་ལ་བརྟེན་ནས“གཏན་འཁེལ་གཉིས”དང“སྲུང་སྐྱོང་གཉིས”ལ་མཐའ་གཅིག་ཏུ་སྲུང་སྐྱོང་བྱེད་དགོས། གནད་དོན་ཕྱོགས་སྟོན་དུ་མཐའ་འཁྱོངས་བཟུང་ནས་དངུལ་རྩའི་ཁྱབ་ཁོངས་ཀྱི་གནས་ཚུལ་གསར་པ་དང་གནད་དོན་གསར་པར་དབྱེ་ཞིབ་དང་བརྡར་ཤ་གཅོད་པ་དང་། དངུལ་རྩའི་ཁྱབ་ཁོངས་ཀྱི་ཉེན་ཁ་སེལ་ཐབས་དང་ཐག་གཅོད་བྱེད་པའི་ལས་དོན་ལ་སྐུལ་འདེད་བརྟན་པོ་བཏང་ནས། དངུལ་རྩའི་ལས་རིགས་ཀྱི་ཕྱོགས་བསྡུས་སྟོབས་ཤུགས་དང་། འགྲན་རྩོད་ནུས་པ། ཉེན་ཁ་འགོག་ནུས་བཅས་ཆེ་རུ་ཏན་ཏིག་གཏོང་དགོས། ལམ་ལུགས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་ས་གནས་ཀྱི་དངུལ་རྩའི་ལྟ་སྐུལ་དོ་དམ་གྱི་སྲོལ་ཡིག་བཟོ་བའི་ལས་དོན་ལ་དུས་ཐོག་ཏུ་སྐུལ་འདེད་བཏང་སྟེ། དངུལ་རྩའི་ཉེན་ཁ་འགོག་སེལ་གྱི་ཕུགས་ཕན་ལམ་སྲོལ་ཆགས་པར་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།