དབུ་ཤོག>སྲིད་དོན།
  • བོད་རང་སྐྱོང་ལྗོངས་ཀྱི་ཆུས་བཙུགས་པའི་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མིའི་སྐལ་གྲངས་བསྐྱར་དུ་གཏན་འཁེལ་བྱ་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གཏན་འབེབས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  德吉普尺   |     སྤེལ་དུས།  2022-06-01

    གསར་དུ་བཟོ་བཅོས་བརྒྱབ་པའི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ས་གནས་རིམ་ཁག་མི་དམངས་འཐུས་མི་ཚོགས་ཆེན་དང་ས་གནས་རིམ་ཁག་མི་དམངས་སྲིད་གཞུང་གི་རྩ་འཛུགས་བཅའ་ཁྲིམས》ཀྱི་དོན་ཚན་ཞེ་བདུན་པའི་གཏན་འབེབས་ལྟར་རང་སྐྱོང་ལྗོངས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཞི་བཅུ་པའི་ཐོག་ཆུས་བཙུགས་པའི་གྲོང་ཁྱེར་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཁོངས་མིའི་སྐལ་གྲངས་བསྐྱར་དུ་གཏན་འཁེལ་བྱས་པ་གཤམ་གསལ་སྟེ།

    ལྷ་ས་གྲོང་ཁྱེར་ལ་སྐལ་གྲངས་51དང་། གཞིས་རྩེ་གྲོང་ཁྱེར་ལ་སྐལ་གྲངས་51 ལྷོ་ཁ་གྲོང་ཁྱེར་ལ་སྐལ་གྲངས་47 ཉིང་ཁྲི་གྲོང་ཁྱེར་ལ་སྐལ་གྲངས་43 ཆབ་མདོ་གྲོང་ཁྱེར་ལ་སྐལ་གྲངས་51 ནག་ཆུ་གྲོང་ཁྱེར་ལ་སྐལ་གྲངས་49བཅས་རེད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།