དབུ་ཤོག>སྲིད་དོན།
  • ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     རྩོམ་པ་པོ།  德吉普尺   |     སྤེལ་དུས།  2022-05-30

     དོན་དངོས་དང་བསྟུན་ནས་བརྟན་ཐོག་ཡར་འཕེལ་ཡོང་བ་མཐའ་འཁྱོངས་བྱས་ཏེ་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཧུར་ཐག་བཏང་ནས། བོད་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྲ་ཞིང་བརྟན་པའི་འདེགས་སྐྱོར་བྱེད་དགོས།

    ཚེས་27ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ཏང་ཨུད་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གིས་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་དང་གྲངས་འཛིན་བོད་ལྗོངས་འཛུགས་སྐྲུན་ལ་དམིགས་ནས་ཆེད་དོན་སློབ་སྦྱོང་བྱས་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

    རང་སྐྱོང་ལྗོངས་ཏང་ཨུད་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་ཁོངས་མིས་ཀྲུང་གོ་བཟོ་སྐྲུན་སློབ་གླིང་གི་ཡོན་ཧྲི་ཝུའུ་ཧོ་ཆོན་གྱི་ཟུར་ཁྲིད་སྙན་ཞུ་ནན་ཏན་ངང་ཉན་ཏེ་སློབ་སྦྱོང་གི་བརྗོད་དོན་གཙོ་བོར་དམིགས་ནས་རང་སྦྱོང་དང་གཏམ་བཤད་དཔྱད་གཞི་བྲིས་ཤིང་། དབང་ཧའེ་ཀྲོའུ་དང་། ཕུར་བུ་དོན་གྲུབ། ཤའོ་ཡིའུ་ཚའེ་བཅས་ཀྱིས་སྤེལ་རེས་གཏམ་བཤད་གནང་བ་རེད།

    ཝང་ཅུན་ཀྲེང་གིས་གསུངས་དོན། ཕུགས་ལ་དམིགས་པ་དང་འོས་འཚམ་གྱིས་ཚད་བརྒལ་བྱས་ནས། སྲོལ་རྒྱུན་གྱི་རྨང་གཞིའི་སྒྲིག་བཀོད་གྲངས་འཛིན་ཅན་དུ་སྒྱུར་བཀོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་རིག་ནུས་ཅན་དུ་མགྱོགས་མྱུར་རིམ་སྤོར་བྱེད་པ། དྲ་རྒྱ་གསར་པ་དང་། རིག་ནུས་རྩིས་རྒྱག ཆ་འཕྲིན་བདེ་འཇགས། མཉམ་འདྲེས་བེད་སྤྱོད། ཐོན་ལས་གསར་གཏོད་སོགས་རྨང་གཞིའི་སྒྲིག་བཀོད་གསར་པ་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་གཏོང་བ་བཅས་བྱས་ནས། རང་ལྗོངས་ཀྱི་རྨང་གཞིའི་སྒྲིག་བཀོད་གསར་པ་འཛུགས་སྐྲུན་གྱི་གཞི་ཁྱོན་དང་། འཕེལ་རྒྱས་ཀྱི་ཆུ་ཚད། གསར་གཏོད་ནུས་པའི་རིམ་པ་བཅས་ལ་འཕེལ་རྒྱས་གསར་པ་ཡོང་བར་སྐུལ་འདེད་གཏོང་དགོས། སྤྱི་ཡོངས་ཀྱི་འདུ་ཤེས་ཟབ་ཏུ་བཏང་སྟེ་ལྗོངས་ཡོངས“བསམ་ཇུས་གཅིག”གི་བསམ་བློ་མཐའ་འཁྱོངས་དང་། ཚན་རིག་དང་མཐུན་པའི་འཆར་འགོད་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན། རྣམ་གྲངས་ཀྱི་བཀོད་པར་སྤྱི་འདོམས་བཀོད་སྒྲིག ལག་རྩལ་གྱི་ཚད་གཞི་གཅིག་གྱུར་དང་ཚད་ལྡན་དུ་གཏོང་བ། ཆ་འཕྲིན་གྱི་ཐོན་ཁུངས་བསྡུ་སྒྲིལ་གཏིང་ཟབ་ལ་སྐུལ་འདེད་གང་མགྱོགས་གཏོང་བ། གྲངས་གཞི་མཉམ་སྤྱོད་དང་ལས་སྟེགས་འབྲེལ་མཐུད་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། ཐོན་ལས་དང་པོའི་གྲུབ་ཆ་ལེགས་སྒྲིག་དང་། ཐོན་ལས་གཉིས་པ་སྟོབས་ཆེར་གཏོང་བ། ཐོན་ལས་གསུམ་པ་རིམ་སྤོར་བཅས་ལ་དམིགས་ཏེ་གྲངས་འཛིན་དཔལ་འབྱོར་གྱི་ལས་རྣམ་གསར་པ་དང་། ཐབས་ལམ་གསར་པ། ཐོན་ལས་གསར་པ་བཅས་སྐྱེད་སྲིང་ཧུར་ཐག་བྱས་ནས་རིག་གནས་ཡུལ་སྐོར་ལས་རིགས་དང་། ནུས་རྒྱུ་གཙང་མའི་ལས་རིགས། ལྗང་མདོག་བཟོ་ལས། དེང་རབས་ཞིང་འབྲོག་ལས་སོགས་ཁྱད་ལྡན་ཐོན་ལས་གྲངས་འཛིན་ཅན་དུ་ཕྱོགས་སྒྱུར་རིམ་སྤོར་ཡོང་བར་ཁྲིད་སྟོན་དང་སྐུལ་འདེད་བཏང་སྟེ། བོད་ཀྱི་ཐོན་ཁུངས་ཀྱི་ལེགས་ཆ་དཔལ་འབྱོར་གྱི་ལེགས་ཆ་དང་འཕེལ་རྒྱས་ཀྱི་ལེགས་ཆར་འགྱུར་བ་བྱེད་དགོས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་ཀྱིས་དཔལ་འབྱོར་དང་། སྤྱི་ཚོགས། དམངས་འཚོ་སོགས་འགག་རྩའི་ཁྱབ་ཁོངས་སུ་གྲངས་གཞི་ཆེན་པོ་ཕྱོགས་བསྡུས་བེད་སྤྱོད་གཏིང་ཟབ་བཏང་སྟེ། གྲངས་འཛིན་གྱིས་དཔལ་འབྱོར་འཕེལ་རྒྱས་དང་། སྤྱི་ཚོགས་ཡར་ཐོན། མང་ཚོགས་ཀྱི་འཚོ་བར་ཞབས་འདེགས་དེ་བས་ལེགས་པ་ཞུ་བ་བཅས་བྱས་ནས་ཆ་འཕྲིན་ཅན་གྱི་འཕེལ་རྒྱས་ཀྱིས་མི་རིགས་ཁག་གི་མང་ཚོགས་ལ་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་དེ་བས་མང་བ་ཡོང་བར་བྱེད་དགོས། ནུས་ལྡན་གྱི་ཁྲོམ་ར་དང་ལས་རྗེས་ཐོན་པའི་སྲིད་གཞུང་ཟུང་འབྲེལ་མཐའ་འཁྱོངས་བྱས་ཏེ་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་ཀྱི་ཁོར་ཡུག་ནུས་ཤུགས་ཡོད་རྒུས་འཐུས་སྒོ་ཚང་དུ་གཏོང་བ་དང་། ལག་རྩལ་གནད་སྨིན་ནང་འདྲེན་དང་ཁྱབ་གདལ་བེད་སྤྱོད་ལ་ཤུགས་སྣོན་རྒྱག་པ། ཚོང་འགུགས་མ་འདྲེན་བྱེད་ཤུགས་ཆེ་རུ་གཏོང་བ། ས་གནས་དེ་གའི་ཁེ་ལས་ཀྱི་གསར་གཏོད་འཕེལ་རྒྱས་ལ་རྒྱབ་སྐྱོར་བཅས་བྱས་ནས་གྲངས་འཛིན་དཔལ་འབྱོར་དང་དངོས་ཚན་དཔལ་འབྱོར་མཉམ་འདྲེས་གཏིང་ཟབ་ལ་སྐུལ་འདེད་གཏོང་དགོས། ཚན་རྩལ་ལ་བརྟེན་ནས་ཐོན་སྐྱེད་ནུས་ཤུགས་དང་འཐབ་ནུས་ཆེ་རུ་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ། སྤྱི་ཚོགས་བཅོས་སྐྱོང་གི་ནུས་པ་དང་བཅོས་སྐྱོང་གི་མ་ལག་དེང་རབས་ཅན་ལ་སྐུལ་འདེད་གཏོང་དགོས། འཕེལ་རྒྱས་དང་བདེ་འཇགས་སྤྱི་འདོམས་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་དྲ་རྒྱའི་བདེ་འཇགས་ཀྱི་སྲུང་བཅད་བརྟན་དུ་གཏོང་དགོས།

    ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་དང་གྲངས་འཛིན་བོད་ལྗོངས་འཛུགས་སྐྲུན་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ། ཚན་རིག་དང་མཐུན་པའི་འཆར་འགོད་དང་། སྤྱི་འདོམས་བཀོད་སྒྲིག མཐུན་སྦྱོར་མཉམ་འགུལ་བཅས་བྱས་ནས་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་དང་གྲངས་འཛིན་བོད་ལྗོངས་འཛུགས་སྐྲུན་གྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས། འགོ་ཁྲིད་ལས་བྱེད་པས་ཤེས་བྱ་གསར་པ་སློབ་སྦྱོང་དང་བྱེད་ཐབས་གསར་པ་ཁོང་དུ་ཧུར་ཐག་ཆུད་པ་བྱས་ཏེ། གྲངས་འཛིན་ཅན་ལ་བརྟེན་ནས་འཕེལ་རྒྱས་གཏོང་བའི་འཇོན་ཐང་ཆེ་རུ་བཏང་ནས་འཕེལ་རྒྱས་ཀྱི་རྣམ་པ་གསར་པར་ཞབས་འདེགས་དེ་བས་ལེགས་པ་ཞུ་བ་དང་དེར་མཉམ་འདྲེས་ཐུབ་པར་བྱེད་དགོས། སྤྱོད་ཚུལ་ལེགས་སུ་གཏོང་བ་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ནས་བྱས་པའི་རྗེས་དང་འདྲུད་པའི་ཤུལ་ཐོན་པ་བྱས་ཏེ་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་དང་གྲངས་འཛིན་བོད་ལྗོངས་འཛུགས་སྐྲུན་བྱེད་རྒྱུའི་སྐོར་གྱི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་བྱས་ནས་ཕན་འབྲས་ཐོན་པའི་འགན་ལེན་བྱེད་དགོས།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།