དབུ་ཤོག>སྲིད་དོན།
  • ཀྲོང་ཡན་གྱིས་རང་སྐྱོང་ལྗོངས་ཀྱི་རྒྱལ་ཁབ་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་ཧུར་ཐག་བྱེད་པའི་ཆེད་དོན་ཚོགས་ཆུང་གི་བཀོད་གཏོང་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-05-30

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཆོག་མཆན་ཐོབ་པ་བརྒྱུད། ཚེས་19ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི། རང་སྐྱོང་ལྗོངས་རྒྱལ་ཁབ་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་ཧུར་ཐག་བྱེད་པའི་ཆེད་དོན་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་ཀྲོང་ཡན་གྱིས་རང་སྐྱོང་ལྗོངས་ཀྱི་རྒྱལ་ཁབ་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་ཧུར་ཐག་བྱེད་པའི་ཆེད་དོན་ཚོགས་ཆུང་གི་བཀོད་གཏོང་ཚོགས་འདུ་གཙོ་སྐྱོང་གནང་ནས། ལས་ཀའི་འཕེལ་རིམ་གྱི་སྙན་སེང་གསན་པ་དང་། ལྷག་པའི་གནད་དོན་ལ་ཞིབ་འཇུག་དང་ཐག་གཅོད་གནང་བ། གོམ་སྟབས་རྗེས་མའི་ལས་དོན་བཀོད་སྒྲིག་བཅས་གནང་བ་རེད།

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཤའོ་ཡིའུ་ཚའེ་ཚོགས་འདུར་ཞུགས་ཡོད་པ་རེད།

    ཆེད་དོན་ཚོགས་ཆུང་གཞུང་ལས་ཁང་གི་ལས་དོན་སྤེལ་ཚུལ་གྱི་སྙན་སེང་དང་འབྲེལ་ཡོད་སྡེ་ཚན་གྱི་ལས་དོན་སྙན་སེང་གསན་རྗེས། ཀྲོང་ཡན་གྱིས་ཆེད་དོན་ཚོགས་ཆུང་གིས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་བླང་བྱ་ལག་བསྟར་ནན་ཏན་བྱས་པས། གསར་གཏོད་ལས་དོན་གྱི་འགོ་ཡག་པོ་བཙུགས་པ་དང་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད་ཅེས་གསུངས་པ་རེད།

    ཀྲོང་ཡན་གྱིས་ནན་བཤད་གནང་དོན། ཁོངས་ཞུགས་ལས་ཁུངས་ཁག་གིས་བོད་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ་བྱེད་པའི་རིགས་ཆེ་གྲས་6གི་དམིགས་ཚད་ཁག་32ལ་དམིགས་ནས“བྱ་སྤྱོད་ཆེན་པོ་བཅུ”རྒྱུན་མཐུད་ལག་བསྟར་གཏིང་ཟབ་བྱས་ཏེ་ལོ་འཁོར་གྱི་གཙོ་གནད་ལས་འགན་དང་བྱ་ཐབས་ཁག་53དང་གཙོ་གནད་རྣམ་གྲངས་14ལ་དམ་འཛིན་ནན་པོ་བྱེད་པ་དང་། ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོགས་ཆུང་གིས་ཚུར་ལན་སྤྲད་པའི་གནད་དོན་དག་ཐེར་ལ་སྐུལ་འདེད་ཏན་ཏིག་གཏོང་བ། བརྒྱུད་རིམ་ལྡན་པའི་གསོ་སྦྱོང་སྒྲིག་འཛུགས་ནན་ཏན་བྱེད་པ། ལས་ཀའི་འགན་འཁྲིའི་ཡི་གེ་དང་། དུས་ཚོད་རེའུ་མིག ལམ་རིས་བཅས་སྔར་བས་ཁ་གསལ་བཟོས་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་གཏོད་ལ་སྐུལ་འདེད་གང་མགྱོགས་གཏོང་དགོས། དྲིལ་བསྒྲགས་སློབ་གསོར་སྔར་བས་ཤུགས་སྣོན་བརྒྱབ་སྟེ་གླེང་ཕྱོགས་ཀྱི་ཁྲིད་སྟོན་ཡང་དག་མཐའ་འཁྱོངས་དང་། རང་ལྗོངས་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་ཐོབ་པའི་གྲུབ་འབྲས་མངོན་གསལ་དོད་པོ་གང་ལེགས་མངོན་པར་བྱས་ནས“རི་སྔོན་ཆུ་དྭངས་གསེར་རི་དངུལ་རི་ལས་ལྷག གངས་རི་འཁྱགས་ཀླུང་ཡིན་ཡང་གསེར་དངུལ་རི་ཡིན་པའི”འདུ་ཤེས་མི་སེམས་སུ་སྔར་བས་གཏིང་ཟབ་ཟུག་པར་བྱེད་དགོས། རིམ་པ་ཁག་གི་འགན་འཁྲི་སྔར་བས་ནན་དུ་གཏོང་བ་དང་། གནས་ཚུལ་སྤེལ་རེས་དང་། ཆ་འཕྲིན་མཉམ་སྤྱོད། ལས་དོན་བཀོད་གཏོང་། བརྟག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་སོགས་ཀྱི་ལས་ཀའི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ། ལས་དོན་ལ་སྐུལ་འདེད་གཏོང་བའི་དཀའ་ངལ་དུས་ཐོག་ཏུ་མཐུན་སྦྱོར་དང་ཐག་གཅོད་བྱེད་པ། ཉམས་མྱོང་དང་བྱེད་སྟངས་ཡག་པོ་ཕྱོགས་སྡོམ་བྱེད་པ་དང་ཁྱབ་གདལ་ནན་ཏན་གཏོང་བ་བཅས་བྱེད་དགོས། ལས་ཀའི་སྤྱོད་ཚུལ་སྔར་བས་ལེགས་སུ་བཏང་སྟེ་ལས་འགན་ལ་ལྟ་སྐུལ་དང་། ལས་ཆོད་ལ་ལྟ་སྐུལ། ཕན་འབྲས་ལ་ལྟ་སྐུལ་བཅས་བྱེད་པ་དང་། གལ་ཆེའི་དོན་གནད་དགོངས་སྐོར་སྙན་སེང་ཞུ་བའི་ལམ་ལུགས་ལག་བསྟར་ནན་པོ་བྱེད་པ། དམ་པ་དོན་གཉེར་གྱི་སྙིང་སྟོབས་ལ་བརྟེན་ནས་ལས་དོན་ཁག་དོན་འཁྱོལ་དང་ཕན་འབྲས་ཐོན་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།