དབུ་ཤོག>སྲིད་དོན།
  • རང་སྐྱོང་ལྗོངས་ཀྱི་2021ལོ་འཁོར་གྱི་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་གཏོང་བ་དེ་གྲོང་གསེབ་དར་རྒྱས་དང་འབྲེལ་མཐུད་ནུས་ལྡན་དང་དཔྱད་ཞིབ་ཚོད་སྐོར་བྱས་ནས་ཤེས་རྟོགས་བྱུང་བའི་གནད་དོན་དག་ཐེར་ལས་དོན་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-05-27

    རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཆོག་མཆན་ཐོབ་པ་བརྒྱུད། ཚེས་20ཉིན། རང་སྐྱོང་ལྗོངས་ཀྱི་2021ལོ་འཁོར་གྱི་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་དང་འབྲེལ་མཐུད་ནུས་ལྡན་དང་། དཔྱད་ཞིབ། ཚོད་སྐོར་བཅས་བྱས་ནས་ཤེས་རྟོགས་བྱུང་བའི་གནད་དོན་དག་ཐེར་ལས་དོན་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། རྒྱལ་ཡོངས་ཀྱི་འབྲེལ་ཡོད་ཚོགས་འདུའི་དགོངས་དོན་དང་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་གཙོ་བོའི་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ། འབྲེལ་ཡོད་གནས་ཚུལ་བརྡ་ཁྱབ་བཏང་བ། གོམ་སྟབས་རྗེས་མའི་ལས་དོན་བཀོད་སྒྲིག་བཅས་བྱས་པ་རེད།

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའུ་ཡི་ཧྲུའུ་ཅི་ཀྲོང་ཡན་ཚོགས་འདུར་ཕེབས་པ་མ་ཟད་གསུང་བཤད་ཀྱང་གནང་བ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་རྒྱལ་མཚན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

    ཀྲོང་ཡན་གྱིས། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་རྣག་ཐོག་བཙག་འཁེལ་གྱིས་དབུལ་སྐྱོར་ཐོན་ལས་རིམ་སྤོར་བྱ་སྤྱོད་དང་། དབུལ་སྒྲོལ་མི་འབོར་གྱི་འབབ་འཕར་བྱ་སྤྱོད། གྲོང་གསེབ་འཛུགས་སྐྲུན་བྱ་སྤྱོད། གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་དང་རིམ་སྤོར་བྱ་སྤྱོད་བཅས་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཡུལ་བབ་དང་བསྟུན་ནས་བཀོད་སྒྲིག་བྱ་ཡུལ་གྱི་ལེ་ལག་ཚང་བའི་ཐོན་ལས་འཕེལ་རྒྱས་གཏོང་བ། དབུལ་པོ་བསྐྱར་ལོག་སྔོན་འགོག་གི་འགུལ་རྣམ་ཞིབ་དཔྱད་ཁྱབ་ཁོངས་ཚན་རིག་དང་མཐུན་པའི་ངང་རྒྱ་ཆེར་གཏོང་བ། གསར་དུ་བསྐོ་གཞག་བྱས་པའི་གྲོང་སྡོད་ལས་བྱེད་པའི་ལས་སྒོའི་གསོ་སྦྱོང་ཕྱོགས་ཡོངས་ནས་སྤེལ་བ་བཅས་བྱེད་དགོས། གྲལ་བཤེར་དང་མཐིལ་རྟོགས་གཏིང་ཟབ་བྱས་ནས་གནད་ཀྱིས་ཁྱོན་ཡོངས་ལ་ཁྱབ་པ་དང་ཟུར་བསྟན་ལེབ་མཐོང་གིས་རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱིས་དཔྱད་ཞིབ་ཚོད་སྐོར་དང་ལྟ་སྐུལ་ཞིབ་བཤེར་བྱས་པ་ལས་ཤེས་རྟོགས་བྱུང་བའི་གནད་དོན་དང་ཞིབ་བསྡུར་བྱས་ཏེ་དོན་དངོས་དང་མཐུན་པའི་དག་ཐེར་བྱ་ཐབས་དང་ལས་ཀའི་གསལ་ཐོ་བཟོ་བ་དང་། ཁྱབ་ཁོངས་ཧྲིལ་པོར་གྲལ་བཤེར་དང་། ཁྱོན་ཡོངས་ལ་གཅིག་གྱུར་འཆར་འགོད། བརྒྱུད་རིམ་ཧྲིལ་པོར་རྩིས་ཁྲ་མེད་པར་བཟོ་བ་བཅས་བྱས་ནས་གནད་དོན་ཚང་མ་དོན་ཐོག་ཏུ་འཁྱོལ་བ་དང་ཚང་མར་ཕན་འབྲས་ཐོན་པའི་འགན་ལེན་བྱེད་དགོས། ཁུར་ལེན་ལས་སྒྲུབ་བྱེད་ཕོད་པ་བྱས་ནས་དག་ཐེར་དོན་འཁྱོལ་ལ་དམ་འཛིན་བྱེད་པའི་ལས་ཀའི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ་ཕྱོགས་ཁག་གི་འགན་འཁྲི་ནན་དུ་གཏོང་བ་དང་། ལས་ཀའི་མཉམ་ཤུགས་ཆགས་པར་བྱེད་པ། དག་ཐེར་ལས་དོན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏིང་ཟབ་གཏོང་བ་བཅས་བྱེད་དགོས། བཀོད་གཏོང་དང་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཉམས་མྱོང་དང་བྱེད་སྟངས་ཕྱོགས་སྡོམ། དཔྱད་ཞིབ་དང་དཔྱད་དཔོག་ལེགས་འགྱུར། མཁྲེགས་སར་གཏུག་ཕོད་པ་བཅས་བྱས་ཏེ་གནད་དོན་དག་ཐེར་ལ་དམ་འཛིན་གྱིས་དག་ཐེར་གྱི་ལས་འགན་ཁག་དུས་བཀག་དང་སྤུས་ཚད་མཐོན་པོས་དག་ཐེར་གནད་འཁེལ་ཡོང་བའི་འགན་ལེན་ཏན་ཏིག་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    ཀྲོང་ཡན་གྱིས། རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་འགན་ལེན་དང་གཞི་ཁྱོན་ལྡན་པའི་དབུལ་པོ་བསྐྱར་ལོག་མི་ཡོང་བའི་མཐའ་ཚད་གཉིས་དམ་པོར་སྲུངས་དགོས། རྨོ་ཞིང་དང་རྩྭ་རའི་དམར་ཐིག་ནན་པོ་སྲུང་བ་དང་། རིམ་ལྔའི་ཧྲུའུ་ཅིས་གྲོང་གསེབ་དར་རྒྱས་གཏོང་བའི་འགན་འཁྲི་དོན་འཁྱོལ་ལ་ཤུགས་སྣོན་རྒྱག་པ། ལྟ་སྐུལ་ཞིབ་བཤེར་དང་དཔྱད་ཞིབ་ཀྱི“བཀོད་འདོམས་དབྱུག་པའི”ནུས་པ་འདོན་སྤེལ་ནུས་ལྡན་བྱེད་པ། ལོ་ཧྲིལ་པོའི“ཞིང་གསུམ”ལས་དོན་ཁག་དོན་འཁྱོལ་ཞིབ་ཚགས་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ཕན་འབྲས་དངོས་ལ་བརྟེན་ནས“འཛུགས་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞིར”སྐུལ་འདེད་གཏོང་བ་དང་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས་པའི་བླང་བྱ་བཏོན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།