དབུ་ཤོག>སྲིད་དོན།
  • རང་སྐྱོང་ལྗོངས་ཐད་གཏོགས་ཚན་པའི་བོད་སྐྱོར་ལས་བྱེད་པའི་ལས་ཤག་འཛུགས་སྐྲུན་རྣམ་གྲངས་ལས་འགོ་ཚུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-05-25

    རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཆོག་མཆན་ཐོབ་པ་བརྒྱུད། ཚེས་20ཉིན་རང་སྐྱོང་ལྗོངས་ཐད་གཏོགས་ཚན་པའི་བོད་སྐྱོར་ལས་བྱེད་པའི་ལས་ཤག་འཛུགས་སྐྲུན་རྣམ་གྲངས་ལས་འགོ་ཚུགས་པ་རེད།

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཏང་ཙུའི་ཧྲུའུ་ཅི། ལྗོངས་ཐད་གཏོགས་ཚན་པའི་བོད་སྐྱོར་ལས་བྱེད་པའི་ལས་ཤག་རྣམ་གྲངས་འཛུགས་སྐྲུན་དོ་དམ་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་ཀྲོང་ཡན་ལས་འགོ་འཛུགས་པའི་མཛད་སྒོར་ཞུགས་པ་དང་འབྲེལ་རྣམ་གྲངས་ལས་འགོ་ཚུགས་པའི་ཁྱབ་བསྒྲགས་ཀྱང་གནང་བ་རེད།

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། རྩ་འཛུགས་པུའི་པུའུ་ཀྲང་། ལྗོངས་ཐད་གཏོགས་ཚན་པའི་བོད་སྐྱོར་ལས་བྱེད་པའི་ལས་ཤག་རྣམ་གྲངས་འཛུགས་སྐྲུན་དོ་དམ་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་བཅས་ཡིན་པའི་ལའེ་ཅའོ་ཡིས་ཤིས་ཚིག་བསྒྲོན་པ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཕུར་བུ་དོན་གྲུབ་ཚོགས་འདུར་ཞུགས་པ་རེད། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ། ལྗོངས་ཐད་གཏོགས་ཚན་པའི་བོད་སྐྱོར་ལས་བྱེད་པའི་ལས་ཤག་རྣམ་གྲངས་འཛུགས་སྐྲུན་དོ་དམ་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་བཅས་ཡིན་པའི་ཤའོ་ཡིའུ་ཚའེ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

    རྣམ་གྲངས་ཀྱི་ལས་ཡུལ་དངོས་སུ་ཀྲོང་ཡན་དང་བཅས་པས་རྣམ་གྲངས་ཀྱི་འགྲེམས་པང་ལ་ནན་ཏན་ངང་གཟིགས་པ་དང་རྣམ་གྲངས་ཀྱི་གཞི་རྩའི་གནས་ཚུལ་མཁྱེན་རྟོགས་གནང་ཞིང་། ཁོང་གིས་བོད་སྐྱོར་ལས་བྱེད་ཤེས་ལྡན་མི་སྣས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་དཀའ་སྤྱད་རྔུལ་ཆུ་བཏོན་པ་དང་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་ཡོད། ལྗོངས་ཐད་གཏོགས་ཚན་པའི་བོད་སྐྱོར་ལས་བྱེད་པའི་ལས་ཤག་འཛུགས་སྐྲུན་ནི་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་བོད་སྐྱོར་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་པའི་བྱ་སྤྱོད་དངོས་ཤིག་རེད་ལ། བོད་སྐྱོར་ལས་བྱེད་ཤེས་ལྡན་མི་སྣར་ཐུགས་ཁུར་དང་གཅེས་སྐྱོང་བྱེད་པའི་མཚོན་ཚུལ་ཞིབ་ཕྲ་ཞིག་ཀྱང་རེད། དེས་བོད་སྐྱོར་ལས་བྱེད་ཤེས་ལྡན་མི་སྣའི་ཞབས་ཞུའི་འགན་ལེན་ནུས་པ་ཆེ་རུ་གཏོང་བར་དོན་སྙིང་གལ་ཆེན་ལྡན་ཡོད། ཧྲུའུ་ཅི་ཝང་ཅུན་ཀྲེང་དང་ཀྲུའུ་ཞི་ཡན་ཅིན་ཧའེ་ཡིས་བོད་སྐྱོར་ལས་བྱེད་པའི་ལས་ཤག་འཛུགས་སྐྲུན་རྣམ་གྲངས་ལ་ཚད་མཐོའི་མཐོང་ཆེན་དང་མཆན་བཀོད་མཛུབ་སྟོན་ཐེངས་མང་གནང་བ་རེད། འཛུགས་སྐྲུན་ཚན་པ་དང་དེར་ཞུགས་མཁན་ཕྱོགས་ཁག་གིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་སྤྱི་ཡོངས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། ཁྲིམས་དང་སྒྲིག་སྲོལ་ལྟར་ལས་དོན་སྒྲུབ་པ། ཨར་ལས་ཚད་ལྡན་ཡོང་བར་བྱེད་པ། ལས་ཡུན་ལྡོག་སྒྲིག འཆར་གཞི་ལྟར་ཨར་ལས་བྱེད་པ། ནུས་ཤུགས་ཡོད་རྒུས་མྱུར་ཚད་འགན་ལེན་དང་། སྤུས་ཚད་ཡག་པོ་ཡོང་བའི་འགན་ལེན། མཐའ་ཚད་ནན་པོ་བསྲུངས་ནས་བདེ་འཇགས་འགན་ལེན། སྒྲིག་ལམ་ལ་བརྩི་སྲུང་གིས་སྤྱོད་གཙང་འགན་ལེན་བཅས་བྱས་ནས། རྣམ་གྲངས་འབྱུང་འཕྲོད་འདུ་འགོད་དང་། སྤུས་དག་འདུ་འགོད། སྤུས་ལེགས་འདུ་འགོད། སྤྱོད་གཙང་འདུ་འགོད་བཅས་སུ་སྐྲུན་ཐུབ་པའི་འགན་ལེན་བྱེད་པའི་རེ་བ་ཡོད་ཅེས་གསུངས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ལྗོངས་ཐད་གཏོགས་ཚན་པའི་བོད་སྐྱོར་ལས་བྱེད་པའི་ལས་ཤག་འཛུགས་སྐྲུན་རྣམ་གྲངས་ནི་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་གཏན་འཁེལ་བྱས་པའི་གཙོ་གནད་ལས་གྲྭ་ཞིག་རེད། དེར་ཁྱོན་མ་དངུལ་སྒོར་དུང་ཕྱུར་2.18བཏང་བ་དང་། འཛུགས་སྐྲུན་རྒྱ་ཁྱོན་བསྡོམས་འབོར་སྨི་ངོས་གྲུ་ཁྲི་3.73ཟིན་པ། ལས་ཤག་300བསྐྲུན་ནས་དུད་ཚང་ཁག་བགོས་ཀྱིས་དྲོ་ཇུས་དང་། གསོ་རླུང་མཁོ་འདོན། བཞའ་སྣོན་བཅས་ཀྱི་ལེ་ལག་བཀོད་སྒྲིག་བྱེད་པ་དང་། ཟ་ཁང་དང་། སྨན་ཁང་། དེབ་ཁང་། ཚོགས་ཁང་། སྐྲ་ཁང་སོགས་ཞབས་ཞུའི་ཁང་པ་དང་ཆུ་རྐྱལ་རྒྱག་ས་སོགས་ལུས་རྩལ་སྒྲིག་ཆས་ཆ་ཚང་བཀོད་སྒྲིག་བྱས་ནས། བོད་སྐྱོར་ལས་བྱེད་པའི་གཞི་རྩའི་འཚོ་བའི་དགོས་མཁོ་སྐོང་ཐུབ། ཟླ་9ཚེས་30ཉིན་རྣམ་གྲངས་དེའི་ལས་གྲྭ་གཙོ་བོ་ལེགས་གྲུབ་ཟིན་རེ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།