དབུ་ཤོག>སྲིད་དོན།
  • ཡན་ཅིན་ཧའེ་ཡིས་ལྗོངས་རང་བྱུང་ཐོན་ཁུངས་ཐིང་དང་ལྗོངས་སྐྱེ་ཁམས་ཁོར་ཡུག་ཐིང་དུ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-05-25

    ཚེས་23ཉིན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་སྔ་རྗེས་སུ་ལྗོངས་རང་བྱུང་ཐོན་ཁུངས་ཐིང་དང་ལྗོངས་སྐྱེ་ཁམས་ཁོར་ཡུག་ཐིང་དུ་བརྟག་ཞིབ་གནང་བར་ཕེབས་པ་རེད།

    ཤའོ་ཡིའུ་ཚའེ་དང་འཇམ་དཔལ་ཁག་སོ་སོར་ཞུགས་པ་རེད།

    ལྗོངས་རང་བྱུང་ཐོན་ཁུངས་ཐིང་དུ། ཡན་ཅིན་ཧའེ་ཡིས་བོད་ཀྱི་རང་བྱུང་ཐོན་ཁུངས་ཧ་ཅང་གལ་ཆེ་བ་དང་། ཧ་ཅང་ཕུན་སུམ་ཚོགས་པ། ཧ་ཅང་ཉམས་ཞན་བཅས་ཡིན་པས་ཐོན་ཁུངས་སྲུང་སྐྱོང་དང་འཕེལ་རྒྱས་འགན་ལེན་དང་། མཐའ་ཚད་ནན་སྲུང་དང་བེད་སྤྱོད་ནུས་ལྡན། བརྒྱུད་རིམ་ལྡན་པའི་ཇུས་འགོད་དང་གཙོ་གནད་འགག་སྒྲོལ། ནུས་པ་ལྡན་པའི་ཁྲོམ་ར་དང་འཇོན་ཐང་ལྡན་པའི་སྲིད་གཞུང་བཅས་དབར་གྱི་འབྲེལ་བ་སྤྱི་འདོམས་ཡག་པོ་བྱེད་དགོས། ཐོག་མཐའ་བར་གསུམ་དུ་ལྟེ་བར་དམིགས་པ་དང་ཁྱོན་ཡོངས་ལ་ལྟ་རྟོག་བྱས་ནས་ཚད་གཞི་མཐོ་བ་དང་། ཆུ་ཚད་མཐོ་བ། སྤུས་ཚད་མཐོ་བ་བཅས་ཀྱི་སྒོ་ནས་རང་བྱུང་ཐོན་ཁུངས་ཀྱི་ལས་དོན་ཁག་ཡག་པོ་སྒྲུབ་དགོས། རང་བྱུང་ཐོན་ཁུངས་ཀྱི“སྤྱིའི་གདིང་གཞི”མཐིལ་རྟོགས་དང་ཐཱན་གསོག་ཚད་དང་ཐཱན་བསྡུ་ནུས་ཀྱི་གཞི་གྲངས་གཙོ་གནད་ཐོག་མཐིལ་རྟོགས་བྱས་ནས་རང་བྱུང་ཐོན་ཁུངས་གཅིག་གྱུར་ཐོག་བདག་དབང་གཏན་འཁེལ་གྱི་ཐོ་འགོད་ལས་དོན་ལ་སྐུལ་འདེད་བཏང་སྟེ་དམངས་ཡོངས་ལ་དབང་བའི་རང་བྱུང་ཐོན་ཁུངས་ཀྱི་རྒྱུ་ནོར་གཙང་བཤེར་དང་ཞིབ་རྩིས་རྒྱག་དགོས། ཚན་རིག་དང་མཐུན་པའི“བཅད་མཚམས”གཏན་འཁེལ་བྱས་ཏེ་རྨོ་ཞིང་སྲུང་སྐྱོང་ལམ་ལུགས་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལམ་ལུགས་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་བ། གྲོང་ཁྱེར་དང་གྲོང་རྡལ་འཛུགས་སྐྲུན་ལ་སྤྱོད་པའི་ས་ཆའི་སྤྱི་འབོར་ལ་དོ་དམ་ཚོད་འཛིན་ནན་པོ་བཅས་བྱས་ཏེ་དུས་བཀག་ལྟར་སྤུས་འབོར་གཉིས་ཀ་འགན་ལེན་གྱིས“ཁུལ་གསུམ་དང་མཚམས་གསུམ”དབྱེ་འབྱེད་ལས་དོན་ཡག་པོ་སྒྲུབ་དགོས་པའི་ནན་བཤད་གནང་བ་རེད།

    ལྗོངས་སྐྱེ་ཁམས་ཁོར་ཡུག་ཐིང་དུ་བརྟག་ཞིབ་གནང་སྐབས། ཡན་ཅིན་ཧའེ་ཡིས་རང་ལྗོངས་ཀྱི་སྐྱེ་ཁམས་ཁོར་ཡུག་ལས་དོན་གྱི་ཚད་མཐོའི་ཆབ་སྲིད་རང་བཞིན་དང་། ཤུགས་རྐྱེན་གྱི་རྒྱ་ཁྱབ་རང་བཞིན། ལྷན་སྐྱེས་ཀྱི་ཉམས་ཞན་རང་བཞིན། ཉམས་གསོའི་དཀའ་ཚེགས་རང་བཞིན། དམིགས་བསལ་གྱི་མི་ཆོས་རིག་གནས་རང་བཞིན་བཅས་ཁོང་དུ་གཏིང་ཟབ་ཆུད་པར་བྱས་ནས་ཆེ་རྩིས་དང་། ཕུགས་རྩིས། སྤྱི་རྩིས། བསྡོམས་རྩིས་བཅས་རྒྱག་རྒྱུ་མཐའ་འཁྱོངས་བྱེད་དགོས། དམིགས་ཚད་ཁ་གསལ་དང་ལས་དོན་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱས་ཏེ་གཏན་འཁེལ་ཟིན་པའི་དམིགས་ཚད་དང་ལས་འགན་རྣམ་གྲངས་ཅན་དང་། གསལ་ཐོ་ཅན། འགན་འཁྲི་ཅན་བཅས་སུ་འགྱུར་བ་བྱས་ནས“བྱས་རྗེས་ཆུང་ངུ”མང་ཙམ་བཞག་ནས་བོད་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི“བསྐལ་བརྒྱའི་རླབས་ཆེའི་བྱ་གཞག”གཏོད་དགོས། མཐའ་ཚད་བསྲུངས་ཏེ་གནད་དོན་དག་ཐེར་ལ་དམ་འཛིན་ནན་པོ་བྱེད་པ་དང་། ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོང་ལྟ་བཤེར་ཚོགས་ཆུང་གིས་ཚུར་ལན་སྤྲད་པའི་གནད་དོན་ལ་དམིགས་པ། “མིག་མདུན་དུ་དག་ཐེར”དང“ཕུགས་ལ་འཕེར་བ”ཟུང་འབྲེལ་མཐའ་འཁྱོངས་བྱེད་པ། དམིགས་བསལ་རང་བཞིན་གྱི་གནད་དོན་ཁྲོད་ཐུན་མོང་རང་བཞིན་གྱི་ཞན་ཆ་འཚོལ་བ། ཞན་ཆ་སེལ་བ་དང་དུས་མཚུངས་སྒྲིག་སྲོལ་དང་ལམ་ལུགས་འཛུགས་པའི་ལས་དོན་ཡག་པོ་སྒྲུབ་པ་བཅས་བྱེད་དགོས། “ཐཱན་གཉིས”ལ་དམིགས་ཏེ་སྐྱེ་ཁམས་ཀྱི་མཐོ་ས་གཏོད་རྒྱུ་བརྩོན་ལེན་དང་ཚན་རིག་དང་མཐུན་པའི་དཔྱད་དཔོག་བྱས་ནས་ས་མཐོའི་ཁྱད་ཆོས་ལྡན་པའི་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་དེ་རང་ལྗོངས་སུ་ཐཱན་བསྡུའི“ལེགས་སྐྱེས་ཆེན་པོ”དང་འཕེལ་རྒྱས་ཀྱི“སྤུས་ཚད་མཐོ་པོ”མངོན་འགྱུར་དང་གཅིག་གྱུར་ནུས་ལྡན་ཡོང་བར་སྐུལ་འདེད་གཏོང་དགོས། རྣམ་པ་གསར་བཏོད་ཀྱིས་སྐྱེ་ཁམས་ཤེས་དཔལ་དར་སྤེལ་གཏོང་བ་དང་། བོད་ཀྱི་སྲོལ་རྒྱུན་རིག་གནས་ཁྲོད་ཀྱི་རང་བྱུང་ལ་སྲུང་སྐྱོང་དང་ཚེ་སྲོག་ལ་བརྩི་འཇོག་བྱེད་པའི་དགེ་མཚན་ལྡན་པའི་གཞི་རྒྱུ་སྔོག་འདོན་དང་དར་སྤེལ་གཏོང་བ། མི་རིགས་ཁག་གི་མང་ཚོགས་ཀྱི་བབ་ཆགས་པའི་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་དེ་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་གཏོད་པའི་བྱ་སྤྱོད་ཀྱི་རང་རྟོགས་སུ་ཏན་ཏིག་འགྱུར་བ་བཅས་བྱེད་དགོས། འཇོན་ཐང་ཆེ་རུ་བཏང་སྟེ་ཉམས་སད་ཐེག་ཐུབ་པའི་དཔུང་ཁག་འཛུགས་སྐྱོང་བྱེད་པ་དང་། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ཆབ་སྲིད་ཀྱི་འགན་འཁྲི་ནན་དུ་གཏོང་བ། ཁེ་ལས་ལ་ཞབས་འདེགས་ཞུ་བ་དང་རུལ་རྒོལ་གཙང་སྤེལ་དབར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་པ། སྤྱོད་གཙང་དང་ཚད་ལྡན་ངང་དབང་ཆ་སྤྱོད་པ། བརྩེ་སེམས་བཅངས་ནས་ཞབས་འདེགས་ཞུ་བ་བཅས་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།