དབུ་ཤོག>སྲིད་དོན།
  • བློ་བཟང་རྒྱལ་མཚན་གྱིས་རང་སྐྱོང་ལྗོངས་ཀྱི་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་ཧུར་ཐག་བྱེད་པའི་ཆེད་དོན་ཚོགས་ཆུང་གི་སྐུལ་སྤེལ་ཚོགས་འདུ་ཐེངས་གསུམ་པ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-05-25

    ཚེས་20ཉིན་གྱི་ཕྱི་དྲོ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་གྱིས་རང་སྐྱོང་ལྗོངས་ཀྱི་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་ཧུར་ཐག་བྱེད་པའི་ཆེད་དོན་ཚོགས་ཆུང་གི་སྐུལ་སྤེལ་ཚོགས་འདུ་ཐེངས་གསུམ་པ་གཙོ་སྐྱོང་གནང་ནས་ཉེ་དུས་ཀྱི་ཆེད་དོན་ཚོགས་ཆུང་གི་ལས་དོན་ཁག་ལ་ཕྱོགས་སྡོམ་དང་དབྱེ་ཞིབ་བྱས་ཏེ་གོམ་སྟབས་རྗེས་མའི་གཙོ་གནད་ལས་དོན་སླར་ཡང་ཁ་གསལ་དང་། སླར་ཡང་སྐུལ་སློང་། སླར་ཡང་བཀོད་སྒྲིག་བཅས་གནང་བ་རེད།

    རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་དབང་ཧའེ་ཀྲོའུ་དང་། ཀརྨ་ཚེ་བརྟན། བསྟན་ཁོ། རྡོ་རྗེ་ཚེ་སྒྲུབ། མོང་ཞའོ་ལིན། བཀྲ་ཤིས་ཟླ་བ། རྒྱ་མཚོ་ལྷ་མོ་བཅས་ཚོགས་འདུར་ཞུགས་ཡོད་པ་རེད།

    བློ་བཟང་རྒྱལ་མཚན་གྱིས་སློབ་སྦྱོང་ལ་ཤུགས་སྣོན་རྒྱག་པ་དང་། ངོས་འཛིན་ཟབ་ཏུ་གཏོང་བ། བསམ་ཕྱོགས་གསལ་བཟོ་བཅས་བྱས་ཏེ་དཔེ་བཟང་ཁུལ་འཛུགས་གཏོད་ལས་དོན་དང་བརྟན་ལྷིང་སྲུང་སྐྱོང་ལས་འགན་ཨང་དང་པོ་ཡིན་པའི་དབར་གྱི་འབྲེལ་བ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བའི“མིག་མཐོང་ལག་འཛིན”གྱི་ལས་དོན་དང“མངོན་མེད”ལས་དོན་དབར་གྱི་འབྲེལ་བ། “དཔེ་བཟང་ཁུལ་འཛུགས་གཏོད”དང“དཔེ་སྟོན་ཁུལ་གྱི་མིང་འདོགས་པའི”དབར་གྱི་འབྲེལ་བ་བཅས་གསལ་པོ་ཤེས་པར་བྱས་ནས་དཔེ་བཟང་ཁུལ་འཛུགས་གཏོད་ལས་དོན་གྱི་འཐབ་ཇུས་རང་བཞིན་དང་། རྨང་གཞིའི་རང་བཞིན། སྤྱི་ཡོངས་རང་བཞིན་བཅས་ཀྱི་གནས་བབ་ལ་གོ་བ་གཏིང་ཟབ་ལེན་དགོས། གཙོ་གནད་ལ་དམ་འཛིན་བྱེད་པ་དང་གནས་ཀྱིས་ཁྱོན་ཡོངས་ལ་སྣེ་ཁྲིད་དེ་བོད་ཀྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བའི་གླེང་སྟེགས་སྐབས་དང་པོ་གྲ་སྒྲིག་ཚགས་ཚུད་བྱེད་པ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་དྲིལ་བསྒྲགས་ཀྱི་སྦྱར་ཡིག་དང་ཡིག་རིས་མཚོན་རྟགས་འཆར་འགོད་ཡག་པོ་བྱེད་པ། མང་ཚོགས་རང་བཞིན་གྱི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་ཡག་པོ་སྤེལ་བ། རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཟེངས་བསྟོད་ཚོགས་ཆེན་དང་ས་གནས་ས་ཐོག་གི་སྤེལ་རེས་ཚོགས་འདུ་གྲ་སྒྲིག་ཡག་པོ། རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་འཛུགས་གཏོད་སྲོལ་ཡིག་གི་ཁྲིམས་བསྟར་ཞིབ་བཤེར་དང་ལག་བསྟར་བྱས་ནས་ལོ་གཉིས་འཁོར་བའི་བཞུགས་མོལ་ཚོགས་འདུ་འཚོགས་པ་བཅས་བྱས་ཏེ། དཔེ་བཟང་ཁུལ་འཛུགས་གཏོད་ལས་དོན་ལ་གསོན་ཉམས་དོད་ལ་ཕན་འབྲས་ཀྱང་ཐོན་པར་བྱེད་དགོས། འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པའི་ཐད་ཤུགས་སྣོན་བརྒྱབ་སྟེ། ལྗོངས་ཡོངས་ཀྱི“བསམ་ཇུས་གཅིག”གི་བསམ་བློ་བརྟན་པོ་བཙུགས་ནས་སྤྱི་ཚོགས་ཡོངས་དཔེ་བཟང་ཁུལ་འཛུགས་གཏོད་ལ་མཉམ་དུ་ཞུགས་པའི་རྣམ་པ་བཟང་པོ་ཆགས་པར་བྱེད་པ་དང་། དུས་བཀག་ལྟར་སྒྲུབ་སྐུལ་ལས་དོན་གྱི་ལམ་སྲོལ་འཛུགས་པ། རྣམ་གྲངས་གསལ་བཟོ་དང་། གསལ་ཐོ་བཟོ་བ། རྩིས་ཁྲ་བཟོ་བ། རྗེས་སྙེག་ཕན་འདྲི་བཅས་བྱས་ཏེ་དོན་དག་ཚང་མར་འདི་བྱས་འདི་མིན་གྱི་ལན་གསལ་པོ་ཡོད་པར་བྱེད་པ། སྤུས་ཚད་མཐོ་པོས་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་ལས་དོན་ལ་སྐུལ་འདེད་གཏོང་བའི་མཉམ་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་བ་བཅས་བྱས་ཏེ། དཔེ་བཟང་ཁུལ་འཛུགས་གཏོད་ལས་དོན་གྱི་ཕན་འབྲས་དངོས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས་པའི་ནན་བཤད་གནང་བ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།