དབུ་ཤོག>སྲིད་དོན།
  • ཁྲེན་ཡུང་ཆིས་ལྷ་ས་གྲོང་ཁྱེར་དང་། རྫོང་དང་། ཆུས། ཁེ་ལས་བཅས་ཁག་གཅིག་ཏུ་དཔལ་འབྱོར་འཁོར་རྒྱུག་ལ་བརྟག་ཞིབ་གནང་བ་དང་འབྲེལ་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-05-24

    ཚེས་19དང་20ཉིན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཁྲེན་ཡུང་ཆིས་ལྷ་ས་གྲོང་ཁྱེར་དང་། དེ་བཞིན་རྫོང་དང་། ཆུས། ཁེ་ལས་བཅས་ཁག་གཅིག་ཏུ་དཔལ་འབྱོར་འཁོར་སྐྱོད་ཀྱི་གནས་ཚུལ་ལ་བརྟག་ཞིབ་གནང་བ་དང་འབྲེལ་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་སྟེ། འབྲེལ་ཡོད་གནས་ཚུལ་གྱི་སྙན་སེང་གསན་པ་དང་མིག་སྔའི་དཔལ་འབྱོར་ལས་དོན་ཞིབ་འཇུག་དང་བཀོད་སྒྲིག་གནང་བ་རེད།

    ཁྲེན་ཡུང་ཆིས་སྔ་རྗེས་སུ་ཆུ་ཤུར་རྫོང་མཉེས་ཐང་བཟོ་ལས་གླིང་ས་གཙང་སྐྱེ་དངོས་སྐྱེ་ལྡན་རྫས་ལུད་ལས་སྣོན་བཟོ་གྲྭ་དང་། ཆུ་ཤུར་རྫོང་བཟོ་ལས་གླིང་ཏ་ཀྲའོ་ནས་ཀྱི་བཟའ་བཅའ་ཚད་ཡོད་ཀུང་སི། སྟོད་ལུང་བདེ་ཆེན་ཆུས་ཀྲུང་པང་མ་འཇོག་ཚད་ཡོད་ཀུང་སི། ས་གཙང་བདེ་ཐང་ཐོན་ལས་འདེབས་འཛུགས་རྟེན་གཞི། ཁྲེང་ཀོན་ཆུས་གྲོང་ཤར་དབན་ཏ་ཐང་ཆེན་སོགས་སུ་ཕེབས་ཏེ། ཐོན་ལས་གསུམ་པའི་ཁེ་ལས་གཉེར་སྐྱོང་དང་དེ་བཞིན་ཁྲལ་རིན་གཉིས་གཅོག་སོགས་ཁེ་ལས་ཀྱི་དཀའ་སེལ་སྲིད་ཇུས་དོན་འཁྱོལ་བྱས་ཚུལ་ལ་བརྟག་ཞིབ་གནང་བ་དང་། མཉེས་ཐང་བཟོ་ལས་གླིང་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། སྟོད་ལུང་ཆུ་བོའི་ངོགས་གཉིས་ཕྱོགས་བསྡུས་བཅོས་སྐྱོང་། ཁྲེང་ཀོན་ཆུས་དར་རྒྱས་གསོལ་མགྲོན་ཁང་སོགས་ཨར་སྐྲུན་བྱ་ཡུལ་དུ་རྣམ་གྲངས་ཀྱི་འཕེལ་རིམ་ལ་བརྟག་ཞིབ་གནང་བ་རེད། ཁྲེན་ཡུང་ཆིས་ད་དུང་ས་གནས་ས་ཐོག་ཏུ་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ལ་བརྟག་ཞིབ་དང་མཛུབ་ཁྲིད་ཀྱང་གནང་བ་རེད།

    ཁྲེན་ཡུང་ཆིས་ནན་བཤད་གནང་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་། བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་དཔལ་འབྱོར་གནས་བབ་ཀྱི་དབྱེ་ཞིབ་བརྡར་གཅོད་དང་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཏན་ཏིག་བྱེད་པ། རིམས་ནད་འགོག་ཐུབ་པ་དང་། དཔལ་འབྱོར་བརྟན་པོ་ཡོང་བ། འཕེལ་རྒྱས་བདེ་འཇགས་ཡོང་བ་བཅས་ཀྱི་བླང་བྱ་གལ་ཆེན་ལ་གཞིགས་ཏེ། “དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”སྟོབས་ཤུགས་གཅིག་ཏུ་བསྒྲིལ་བ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ། དཔལ་འབྱོར་བརྟན་ལ་སྐྱོན་བྲལ་ངང་འཁོར་རྒྱུག་ཐུབ་པར་རྒྱུན་མཐུད་སྐུལ་འདེད་གཏོང་བ་བཅས་བྱས་ནས། ལོ་ཧྲིལ་པོའི་དམིགས་ཚད་ལས་འགན་ཕུན་སུམ་ཚོགས་པོས་ལེགས་སྒྲུབ་བྱེད་དགོས། དམིགས་ཚད་ཕྱོགས་སྟོན་དུ་འཛིན་རྒྱུ་དང་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ་མིག་སྔའི་དཔལ་འབྱོར་ལས་དོན་ལ་དམ་འཛིན་ཏན་ཏིག་བྱེད་དགོས། འཕར་རྒྱུ་བརྟན་པོ་ཡོང་བར་བྱས་ནས་རྣམ་གྲངས་གཙོ་བོར་འཛིན་པའི་འདུ་ཤེས་འཛུགས་པ་དང་། འགན་གཙང་འགན་ལེན་ལམ་སྲོལ་གྱི་ནུས་པ་གང་ལེགས་འདོན་པ། གོ་སྐབས་ལ་དམ་འཛིན་བྱེད་པ། རྣམ་གྲངས་ཀྱི་དུས་འགོར་དམ་འཛིན་ནན་པོ་དང་རྣམ་གྲངས་ཀྱི་འཕེལ་རིམ་མགྱོགས་སུ་གཏོང་བ་བཅས་བྱས་ཏེ་ནུས་ལྡན་མ་འཇོག་གི་སྐུལ་ཁྲིད་ནུས་པ་ཏན་ཏིག་འདོན་དགོས་པ་དང་། འཛད་སྤྱོད་ལ་སྐུལ་མ་ཤུགས་ཆེན་བཏང་ནས་འཕེལ་རྒྱས་སླར་གསོ་དང་ཕྱི་ཕྱོགས་ཚོང་དོན་བརྟན་པོ་དང་ཕྱི་ཕྱོགས་མ་འཇོག་བརྟན་པོ་ཡོང་བར་བྱེད་པའི་ལས་དོན་ལ་དམ་འཛིན་ཡག་པོ་བྱེད་དགོས། ལས་ཞུགས་བརྟན་པོ་ཡོང་བར་བྱས་ནས་མཐོ་སློབ་སློབ་ཐོན་སློབ་མ་དང་ཞིང་འབྲོག་པ་སོགས་གཙོ་གནད་མི་ཚོགས་ལ་དམ་པོར་དམིགས་ཏེ་ཐབས་ལམ་མང་པོའི་ལས་ཞུགས་ལ་སྐུལ་འདེད་གཏོང་བ་དང་། ལས་ཞུགས་གཞན་སྒྱུར་དང་གུན་གསབ་ལས་སྤྲོད་ཀྱི་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་ནས་ལས་ཞུགས་ཀྱི་དུས་བབ་མུ་མཐུད་བརྟན་དུ་གཏོང་དགོས། ཟོག་གོང་བརྟན་པོ་ཡོང་བར་བྱས་ཏེ་འབྲུ་རིགས་དང་། ནུས་ཁུངས། དེ་བཞིན་ཚོང་ཟོག་གལ་ཆེན་གྲབས་གསོག་དང་མཁོ་སྤྲོད་འགན་ལེན་དང་རིན་གོང་བརྟན་པོ་ཡོང་བར་བྱས་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་འགན་ལེན་ཡག་པོ་བྱེད་དགོས། དམངས་འཚོའི་དོན་དངོས་ཡག་པོ་བསྒྲུབས་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཟབ་ཏུ་གཏོང་དགོས། གཞི་རྩའི་དམངས་འཚོ་འགན་ལེན་བྱས་ཏེ་དམངས་འཚོའི་འདུ་འགོད་ཆེན་པོ་བཅུ་ལག་བསྟར་ཡག་པོ་བྱེད་དགོས་པ་དང་། གཞི་རིམ་གྱི་འཁོར་སྐྱོད་འགན་ལེན་བྱས་ནས་ནོར་སྲིད་ཀྱི་གཏོང་སྒོའི་གྲུབ་ཆ་ལེགས་སུ་གཏོང་བ་དང་ནོར་སྲིད་ཀྱི་གཏོང་སྒོའི་འཕེལ་རིམ་མགྱོགས་སུ་གཏོང་དགོས་པ། ཁྲོམ་རའི་བྱེད་པོ་འགན་ལེན་བྱས་ཏེ་ཁྲལ་རིན་གཉིས་གཅོག་སོགས་ཁེ་ལས་ཀྱི་དཀའ་སེལ་སྲིད་ཇུས་ཁག་དོན་འཁྱོལ་ཡག་པོ་བྱེད་དགོས། ཞབས་ཞུ་འགན་ལེན་ལ་ཤུགས་སྣོན་བརྒྱབ་སྟེ་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ལ་ཚན་རིག་དང་མཐུན་ལ་དམ་འཛིན་གནད་འཁེལ་བྱེད་པ་དང་། ལས་མི་དང་། ས་ཆ། ནུས་རྒྱུ་བཅས་སྤྱོད་པའི་རྒྱུ་རྐྱེན་གཙོ་བོའི་འགན་ལེན་ཡག་པོ་བྱེད་པ། གློད་སྡོམ་ཞབས་གསུམ་གྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། ཚོང་གཉེར་གྱི་ཁོར་ཡུག་རྒྱུན་མཐུད་ལེགས་སུ་གཏོང་བ་བཅས་བྱས་ནས་དཔལ་འབྱོར་འཕེལ་རྒྱས་ལ་ཁོར་ཡུག་བཟང་པོ་གཏོད་དགོས། ཡིད་ཆེས་དང་ཆོད་སེམས་བརྟན་དུ་གཏོང་བ་དང་རང་འགུལ་ངང་འགག་སྒྲོལ་དཀའ་སེལ་བྱས་ཏེ། འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཤུགས་ཆེན་ལ་བརྟེན་ནས་ལས་དོན་དོན་འཁྱོལ་ལ་དམ་འཛིན་བྱས་ཏེ། དཔལ་འབྱོར་འཁོར་རྒྱུག་ལུགས་མཐུན་གྱི་བར་མཚམས་སུ་གནས་པར་བྱེད་པ་དང་ཕུལ་བྱུང་གི་གྲུབ་འབྲས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།