དབུ་ཤོག>སྲིད་དོན།
  • ལའེ་ཅའོ་ཡིས་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་སུ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-05-23

     ཟླ་5ཚེས་20ཉིན། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རྩ་འཛུགས་པུའི་པུའུ་ཀྲང་ལའེ་ཅའོ་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་སུ་གཞུང་ལས་པའི་རྒྱུན་གཏན་གྱི་དཔྱད་ཞིབ་ལས་དོན་ལ་བརྟག་ཞིབ་གནང་བར་ཕེབས་པ་དང་། ཡབ་མདའ་དང་གནས་ཆུང་ཁྲོམ་གཞུང་དུ་ཕེབས་ནས་ས་གནས་ས་ཐོག་ཏུ་ཏང་འཛུགས་སྐྱོང་གིས་གཞི་རིམ་བཅོས་སྐྱོང་ལས་དོན་གྱི་སྣེ་ཁྲིད་གནས་ཚུལ་མཁྱེན་རྟོགས་གནང་བ་རེད།

    ལའེ་ཅའོ་ཡིས་སྟོད་ལུང་བདེ་ཆེན་ཆུས་ནི་ཀྲུང་དབྱང་རྩ་འཛུགས་པུས་གཏན་འཁེལ་བྱས་པའི་གཞུང་ལས་པའི་རྒྱུན་གཏན་དཔྱད་ཞིབ་འབྲེལ་གཏུག་ས་ཚིགས་ཤིག་ཡིན་པས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་། ལས་དོན་དོན་འཁྱོལ་ལ་ཤུགས་སྣོན། རྒྱུན་གཏན་གྱི་དཔྱད་ཞིབ་ལས་དོན་ཏན་ཏིག་སྤེལ་བ་བཅས་བྱས་ནས་ལྗོངས་ཡོངས་ལ་དཔེ་སྟོན་དང་དཔྱད་གཞི་མཁོ་འདོན་བྱེད་དགོས། ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུས་ནས་ཏང་ཀྲུང་དབྱང་གིས་གང་ཞིག་ལ་དོ་ཁུར་བྱེད་པ་དང་ལྗོངས་ཏང་ཨུད་ཀྱིས་གང་ཞིག་ནན་བཤད་བྱས་པ་དེ་རྒྱུགས་མཐའ་འཁྱོངས་སྤྲད་ནས་དུས་ཚིགས་རེ་རེའི་གཙོ་གནད་ལས་འགན་ལ་དམིགས་ཏེ་རབ་འབྲིང་ཐ་གསུམ་དབྱེ་ནས་དཔྱད་ཞིབ་ལས་དོན་གྱི་གནད་སྨིན་ཐུབ་ཚད་མཐོ་རུ་ཏན་ཏིག་གཏོང་དགོས།

    ལའེ་ཅའོ་ཡིས། “ཁྲོམ་གཞུང་ལས་དོན་ཨུ་ལྷན་ཆེན་པོ་དང་། སྡེ་ཁུལ་གྱི་ཏང་ཨུད་ཆེན་པོ། དྲ་རྒྱའི་ཏང་ཀྲི་པུའུ། ཐོག་ཁང་གི་ཏང་ཚོགས་ཆུང”བཅས་ཀྱི་རྩ་འཛུགས་ཀྱི་སྒྲོམ་གཞི་འཐུས་སྒོ་ཚང་དུ་གཏོང་བ་དང་། འགལ་ཟླ་དང་རྩོད་གཞིའི་མངོན་མེད་རྐྱེན་ངན་ཤེས་རྟོགས་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་གསོ་གསོ་སྦྱོང་ལ་ཤུགས་སྣོན། ཏང་འཛུགས་སྐྱོང་གིས་གྲོང་ཁྱེར་གྱི་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་བྱེད་པའི་འཇོན་ཐང་དང་ཆུ་ཚད་མཐོ་རུ་གཏོང་བ་བཅས་བྱས་ནས། བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་སྲ་ཞིང་བརྟན་པའི་རྩ་འཛུགས་ཀྱི་འགན་ལེན་མཁོ་འདོན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།