དབུ་ཤོག>སྲིད་དོན།
  • ལིའུ་ཅང་གིས་རང་སྐྱོང་ལྗོངས་དུས་བདེ་གཞུང་དོན་ཁང་གི་2022ལོའི་ཀྲུའུ་རེན་ཚོགས་འདུ་ཐེངས་གཉིས་པ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-05-23

    ཟླ་5ཚེས་19ཉིན། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི། རང་སྐྱོང་ལྗོངས་དུས་བདེ་གཞུང་དོན་ཁང་གི་ཀྲུའུ་རེན་ལིའུ་ཅང་གིས་རང་སྐྱོང་ལྗོངས་དུས་བདེ་གཞུང་དོན་ཁང་གི་2022ལོའི་ཀྲུའུ་རེན་ཚོགས་འདུ་ཐེངས་གཉིས་པ་གཙོ་སྐྱོང་གནང་ནས། 2021ལོའི་དུས་བདེ་འཛུགས་སྐྱོང་གི་དཔྱད་དཔོག་ལས་དོན་བཀོད་སྒྲིག་གནང་བ་རེད།

    ལིའུ་ཅང་གིས། སྐར་མ་རྒྱག་པའི་ཚད་གཞི་དང་སྐར་མ་བརྩི་བའི་ཚད་གཞིར་སྟངས་འཛིན་དང་དུས་བདེ་འཛུགས་སྐྱོང་གི་གྲུབ་འབྲས་དང་དཔང་རྟགས་དཔྱད་ཡིག་ལ་ཕྱོགས་སྡོམ་དང་གསེད་བཀྲོལ་ཡག་པོ་བྱེད་པ། འགྱུར་གྲངས་དང་འགྱུར་ཕྱོད་ལ་བརྟེན་ནས་ལས་ཀའི་ཕན་འབྲས་མཚོན་པར་བྱེད་པ། རྣམ་གྲངས་ཆེན་པོར་བརྟེན་ནས་སྐར་མ་གཏན་ནས་མི་ཤོར་བ་བཅས་བྱས་ཏེ་བོད་ལྗོངས་ཀྱི་དུས་བདེ་འཛུགས་སྐྱོང་གི་དཔྱད་ཞིབ་རྒྱལ་ཡོངས་ཀྱི་མདུན་གྲལ་ལྔའི་གྲས་སུ་སླེབས་པའི་བརྩོན་ལེན་བྱེད་དགོས། སྙན་སེང་འབྲེལ་མཐུད་ཡག་པོ་བྱས་ནས་དངོས་ཐོག་བདེན་འཚོལ་གྱིས་བོད་ཀྱི་དམིགས་བསལ་གནས་ཚུལ་མཚོན་པ་དང་། བསམ་ཤེས་དང་རྒྱབ་སྐྱོར་བརྩོན་ལེན། འགྱུར་ལྡོག་གསར་པ་དང་གྲུབ་འབྲས་གསར་པ་དུས་ཐོག་ཏུ་གོང་ཞུ་བཅས་བྱས་ཏེ་སྐར་སྣོན་དང་རིམ་པ་མཐོ་རུ་འགྲོ་བའི་བརྩོན་ལེན་བྱེད་དགོས། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་ལས་ཀའི་ཆེད་སྒྲུབ་ཚོགས་ཆུང་བཟོས་ཏེ“འགོ་ཁྲིད་ཨང་དང་པོ”ངོ་མས་སྐུལ་འདེད་བཏང་ནས་ལེན་ཐུབ་པའི་སྐར་མ་གཅིག་ཀྱང་མི་ཤོར་བ་དང་། བརྩོན་ལེན་ཐུབ་པའི་སྐར་མ་གཅིག་ཀྱང་མི་འདོར་བ། འགན་འཁྲི་དོན་འཁྱོལ་མ་ཐུབ་པ་སོགས་ཀྱིས་རྐྱེན་པས་ལྗོངས་ཡོངས་ཀྱི་དཔྱད་ཞིབ་གྲུབ་འབྲས་ལ་ཤུགས་རྐྱེན་ཐེབས་རིགས་ཀྱི་འགན་འཁྲི་བདའ་འདེད་དང་རྩད་གཅོད་ནན་པོ་བྱེད་དགོས་པའི་ནན་བཤད་གནང་བ་རེད།

    ལིའུ་ཅང་གིས། ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་དུས་བདེའི་བོད་ལྗོངས་འཛུགས་སྐྱོང་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་ཐེངས་དང་པོའི་ཐོག་གནང་བའི་གསུང་བཤད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ནས“འཛུགས་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞིར”ཞབས་འདེགས་དང་འགན་ལེན་ལ་དམིགས་ཏེ། ཆུ་ཚད་དེ་བས་མཐོ་བའི་དུས་བདེའི་བོད་ལྗོངས་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་གཏོང་བ་དང་ཕུལ་བྱུང་གི་གྲུབ་འབྲས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས་པའི་བླང་བྱ་བཏོན་གནང་བ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།