

《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ཁྲིམས་སྐྱོང་ལག་ཁྱེར》གསར་པའི་དཔེ་དབྱིབས།


《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ཁྲིམས་སྐྱོང་ལྟ་སྐུལ་ལག་ཁྱེར》གསར་པའི་དཔེ་དབྱིབས།
སྲིད་འཛིན་ཁྲིམས་སྐྱོང་མི་སྣའི་ཐོབ་ཐང་དོ་དམ་ལ་ཤུགས་སྣོན་རྒྱག་པ་དང་གཞུང་དྲང་ཤེས་དཔལ་ཁྲིམས་སྐྱོང་ཚད་ལྡན་དང་ནན་པོ་ཡོང་བར་སྐུལ་འདེད་གཏོང་ཆེད་ཁྲིམས་འཛིན་པུའི་གཞུང་དོན་ཐིང་གི《རྒྱལ་ཡོངས་ཀྱི་གཅིག་གྱུར་སྲིད་འཛིན་ཁྲིམས་སྐྱོང་ལག་ཁྱེར་གྱི་ཚད་གཞིའི་དཔེ་དབྱིབས་ལག་བསྟར་གྱི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོ》དང་། 《བོད་རང་སྐྱོང་ལྗོངས་སྲིད་འཛིན་ཁྲིམས་སྐྱོང་ལྟ་སྐུལ་སྲོལ་ཡིག》 《བོད་རང་སྐྱོང་ལྗོངས་སྲིད་འཛིན་ཁྲིམས་སྐྱོང་མི་སྣའི་ཐོབ་ཐང་ཁས་ལེན་དང་སྲིད་འཛིན་ཁྲིམས་སྐྱོང་ལག་ཁྱེར་དོ་དམ་བྱེད་ཐབས》སོགས་ཀྱི་གཏན་འབེབས་གཞིར་བཟུང་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་མོས་མཐུན་ཐོབ་པ་བརྒྱུད། 2022ལོའི་ཟླ་5ཚེས་20ཉིན་ནས་བཟུང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ཁྲིམས་སྐྱོང་ལག་ཁྱེར》(གཤམ་དུ《ཁྲིམས་སྐྱོང་ལག་ཁྱེར》ཞེས་བསྡུ་རྒྱུ)གསར་པ་དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ཁྲིམས་སྐྱོང་ལྟ་སྐུལ་ལག་ཁྱེར》(གཤམ་དུ《ལྟ་སྐུལ་ལག་ཁྱེར》ཞེས་བསྡུ་རྒྱུ)སྤྱོད་འགོ་འཛུགས་རྒྱུ་རེད། དེ་སྔའི《བོད་རང་སྐྱོང་ལྗོངས་སྲིད་འཛིན་ཁྲིམས་སྐྱོང་ལག་ཁྱེར》དང《བོད་རང་སྐྱོང་ལྗོངས་སྲིད་འཛིན་ཁྲིམས་སྐྱོང་ལྟ་སྐུལ་ལག་ཁྱེར》དུས་གཅིག་ཏུ་མེད་པར་བཟོ་རྒྱུ་དང་ད་ཆ་འབྲེལ་ཡོད་དོན་ཚན་སྤྱི་བསྒྲགས་བྱ་རྒྱུ་གཤམ་གསལ་ཏེ།
གཅིག སྲིད་འཛིན་ཁྲིམས་སྐྱོང་ལག་ཁྱེར་ནི་སྲིད་འཛིན་ཁྲིམས་སྐྱོང་མི་སྣས་ཁྲིམས་ལྟར་འགན་འཁྲི་སྒྲུབ་པ་དང་སྲིད་འཛིན་ཁྲིམས་སྐྱོང་བྱེད་སྒོ་ལག་ལེན་བསྟར་བའི་ཐོབ་ཐང་དཔང་རྟགས་ཤིག་རེད། སྲིད་འཛིན་ཁྲིམས་སྐྱོང་མི་སྣས་ཁྲིམས་ལྟར་ལྟ་སྐུལ་ཞིབ་བཤེར་དང་བརྟག་དཔྱད་དཔང་ལེན་བྱེད་པ་དང་། སྲིད་འཛིན་ཆད་གཅོད་དང་དེ་བཞིན་སྲིད་འཛིན་བཙན་ཤེད་བྱེད་ཐབས་དང་སྲིད་འཛིན་བཙན་ཤེད་ལག་བསྟར་བྱེད་པ། སྲིད་འཛིན་ཁྲིམས་སྐྱོང་ཡིག་ཆ་སྤྲོད་པ་སོགས་སྲིད་འཛིན་ཁྲིམས་སྐྱོང་བྱེད་སྒོ་སྤེལ་སྐབས་རང་འགུལ་ངང《ཁྲིམས་སྐྱོང་ལག་ཁྱེར》བཏོན་ཏེ་ཁྲིམས་སྐྱོང་ཐོབ་ཐང་གསལ་བཤད་དང་ལྟ་སྐུལ་དང་ལེན་བྱེད་དགོས་ཀྱི་ཡོད། 《ཁྲིམས་སྐྱོང་ལག་ཁྱེར》མ་བཏོན་ཚེ་དོ་བདག་གམ་ཡང་ན་འབྲེལ་ཡོད་མི་སྣར་ཁ་ཡ་མི་བྱེད་པའི་དབང་ཆ་ཡོད། ཁྲིམས་ལྟར《ཁྲིམས་སྐྱོང་ལག་ཁྱེར》མེད་པའི་མི་སྣས་སྲིད་འཛིན་ཁྲིམས་སྐྱོང་ལས་དོན་སྤེལ་མི་ཆོག་པ་དང་།
གཉིས། ཁྲིམས་ལྟར《ལྟ་སྐུལ་ལག་ཁྱེར》རག་པའི་མི་སྣས་ཁོངས་གཏོགས་ཁྱབ་ཁོངས་ལ་གཞིགས་ཏེ་ཁྲིམས་ལྟར་སྲིད་འཛིན་ཁྲིམས་སྐྱོང་ལྟ་སྐུལ་བྱེད་ཆོག ས་གནས་ས་ཐོག་གི་སྲིད་འཛིན་ཁྲིམས་སྐྱོང་ལྟ་སྐུལ་བྱེད་སྒོ་སྤེལ་སྐབས་སྲིད་འཛིན་ཁྲིམས་སྐྱོང་ལྟ་སྐུལ་མི་སྣས་རང་འགུལ་ངང《ལྟ་སྐུལ་ལག་ཁྱེར》སྟོན་དགོས། 《ལྟ་སྐུལ་ལག་ཁྱེར》མ་བསྟན་ཚེ་ལྟ་སྐུལ་བྱ་ཡུལ་ལས་ཁུངས་དང་དེ་བཞིན་འབྲེལ་ཡོད་མི་སྣར་ཁ་ཡ་མི་བྱེད་པའི་དབང་ཆ་ཡོད།
གསུམ། 《ཁྲིམས་སྐྱོང་ལག་ཁྱེར》དང《ལྟ་སྐུལ་ལག་ཁྱེར》ནི་རང་སྐྱོང་ལྗོངས་ཁྲིམས་འཛིན་ཐིང་གིས་གཅིག་གྱུར་ཐོག་བཟོས་པ་ཞིག་ཡིན་པ་ལས་སྲིད་འཛིན་ཁྲིམས་སྐྱོང་ལས་ཁུངས་ཀྱིས་ཁྲིམས་འགལ་ངང་བཟོ་རྒྱུ་ནན་འགོག་བྱེད་དགོས། གལ་ཏེ་ཁྲིམས་འགལ་ལམ་ཡང་ན་ལུགས་དང་མ་མཐུན་པ་དང་དེ་བཞིན་སྲིད་འཛིན་ཁྲིམས་སྐྱོང་ལག་ཁྱེར་བེད་སྤྱོད་བྱེད་རིང་ཚུལ་མིན་གྱི་བྱེད་སྤྱོད་སྤེལ་ཕྱིན་ཚན་པ་དང་མི་སྒེར་སུ་ཡིན་རུང་རང་སྐྱོང་ལྗོངས་ཁྲིམས་འཛིན་ཐིང་གི་ཞུ་གཏུག་ཁ་པར(0891-6285671)བརྒྱབ་ནས་འདྲི་རྩད་དམ་ཡང་ན་གནས་ཚུལ་ཞུ་ཆོག་གི་ཡོད།
དམིགས་སུ་སྤྱི་བསྒྲགས་སྤེལ།
ཞར་བྱུང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ཁྲིམས་སྐྱོང་ལག་ཁྱེར》དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྲིད་འཛིན་ཁྲིམས་སྐྱོང་ལྟ་སྐུལ་ལག་ཁྱེར》གྱི་དཔེ་དབྱིབས་གསར་པ།
རང་སྐྱོང་ལྗོངས་ཁྲིམས་འཛིན་ཐིང་གིས།
2022ལོའི་ཟླ་5ཚེས་17ཉིན།