དབུ་ཤོག>སྲིད་དོན།
  • ཀྲོང་ཡན་གྱིས་བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་དུ་བརྟག་ཞིབ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-05-20

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་གཞིར་བཟུང་། ཉེ་ཆར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་ཀྲོང་ཡན་བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་དུ་ཕེབས་ནས་འགྲེམས་སྟོན་བྱེད་ས་དང་རྟེན་རྫས་བཤམས་མཛོད་ཁང་དུ་ཉར་ཚགས་བྱས་པའི་རིག་དངོས་སྲུང་སྐྱོབ་བེད་སྤྱོད་སོགས་ཀྱི་གནས་ཚུལ་ལ་བརྟག་ཞིབ་གནང་བ་དང་འབྲེལ་བཞུགས་མོལ་ཚོགས་འདུ་འཚོགས་ནས་འབྲེལ་ཡོད་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་གནང་བ་རེད།

    རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲིལ་བསྒྲགས་པུའི་པུའུ་ཀྲང་དབང་ཧའེ་ཀྲོའུ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་རྡོ་རྗེ་ཚེ་སྒྲུབ་བརྟག་ཞིབ་གནང་སྐབས་ལྷན་དུ་ཕེབས་པ་རེད།

    བོད་ལྗོངས་རྟེན་རྫས་བཤམས་མཛོད་ཁང་ནི་རང་ལྗོངས་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་རྟེན་རྫས་བཤམས་མཛོད་ཁང་དང་རིག་དངོས་ཉར་ཚགས་སྒྲིག་གཞི་ཆེ་ཤོས་འབའ་ཞིག་དེ་ཡིན། འགྲེམས་ཁང་ནང་ཀྲོང་ཡན་དང་བཅས་པས་བོད་ཀྱི་དམངས་སྲོལ་རིག་གནས་འགྲེམས་སྟོན་ལ་གཟིགས་པ་དང་། རྟེན་རྫས་བཤམས་མཛོད་ཁང་དུ་ཉར་ཚགས་བྱས་པའི་རིག་དངོས་སྲུང་སྐྱོབ་བྱས་ཚུལ་ལ་རྟོག་ཞིབ་གནང་བ་རེད།

    བརྟག་ཞིབ་གནང་རིང་། ཀྲོང་ཡན་གྱིས་རིམ་པ་ཁག་དང་སྡེ་ཚན་ཁག་གིས“གཏན་འཁེལ་གཉིས”ལ་མཐའ་གཅིག་ཏུ་སྲུང་སྐྱོང་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པ་བྱས་ནས། ཏང་གི་བོད་ཀྱི་ལས་དོན་གྱི་སྤྱི་ཡོངས་ཀྱི་མཐོ་ཚད་ཐོག་ནས་རྟེན་རྫས་བཤམས་མཛོད་ཁང་གི་བྱ་གཞག་འཕེལ་རྒྱས་ཀྱི་དོན་སྙིང་གལ་ཆེན་ལ་ངོས་འཛིན་དང་། ཏང་གིས་རྟེན་རྫས་བཤམས་མཛོད་ཁང་གི་བྱ་གཞག་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་རྒྱུ་མཐའ་འཁྱོངས། འདུ་ཤེས་འཛིན་སྟངས་ལས་དོན་གྱི་གཙོ་ཁྲིད་དབང་ཆར་སྟངས་འཛིན་ནན་པོ་བཅས་བྱས་ཏེ། རྟེན་རྫས་བཤམས་མཛོད་ཁང་གིས་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་། གསར་བརྗེའི་རིག་གནས། སྤྱི་ཚོགས་རིང་ལུགས་ཀྱི་སྔོན་ཐོན་རིག་གནས་བཅས་དར་སྤེལ་ཤུགས་ཆེན་གཏོང་བའི་གཡུལ་སའི་ནུས་པ་གང་ལེགས་འདོན་དགོས། རྟེན་རྫས་བཤམས་མཛོད་ཁང་གི་སློབ་གསོའི་ནུས་པ་ཡག་པོ་སྤྱད་དེ་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དང་། གསར་བརྗེའི་སྲོལ་རྒྱུན་སློབ་གསོ། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་བཅས་གཏིང་ཟབ་སྤེལ་ནས། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ལ་གསར་བརྗེའི་སྙིང་སྟོབས་རྒྱུན་འཛིན་དང་གསར་བརྗེའི་ཁྲག་རྒྱུན་རྒྱུན་འཛིན་གྱིས་བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་ཡག་པོ་སྲུང་བ་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་ཡག་པོ་སྐྲུན་པར་ཁྲིད་སྟོན་བྱེད་དགོས། རྟེན་རྫས་བཤམས་མཛོད་ཁང་གི་ཞིབ་འཇུག་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་དང་། རིག་དངོས་བེད་སྤྱོད་ལ་དམ་འཛིན་ཡག་པོ། ཉར་ཚགས་དངོས་རྫས་གྲངས་གཞི་ཅན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བ། ཉར་ཚགས་དངོས་རྫས་ཀྱི་གྲངས་གཞིའི་མཛོད་འཐུས་སྒོ་ཚང་དུ་གཏོང་བ། འགྲེལ་བཤད་དཔུང་ཁག་ལེགས་སུ་གཏོང་བ། རིག་དངོས་ལ་དགའ་སྣང་དང་། ཚོར་སྣང་། ཤེས་འདོད་ཆེ་རུ་བཏང་ནས། བོད་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ལ་དུས་རབས་ཀྱི་བཀྲག་མདངས་འཚེར་བར་བྱས་ཏེ་ཕུལ་བྱུང་གྲུབ་འབྲས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས་ཞེས་ནན་བཤད་གནང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次仁曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།