དབུ་ཤོག>སྲིད་དོན།
  • ལའེ་ཅའོ་ཡིས་རང་སྐྱོང་ལྗོངས་ཏང་ཨུད་རྩ་འཛུགས་པུའི་པུའུ་དོན་ཚོགས་འདུ་གཙོ་སྐྱོང་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-05-19

    ཟླ་5ཚེས་17ཉིན་ལྗོངས་ཏང་ཨུད་རྩ་འཛུགས་པུས་པུའུ་དོན་ཚོགས་འདུ་འཚོགས་ནས། ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྗོངས་ཡོངས་ཀྱི་ལས་བྱེད་པ་གྲོང་ཚོར་བཅའ་སྡོད་ལས་དོན་ཚོཌ་འདུའི་ཐོག་གནང་བའི་གསུང་བཤད་ཀྱི་དགོངས་དོན་བརྒྱུད་བསྒྲཌ་དང་སློབ་སྦྱོང་བྱས་པ་རེད། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རྩ་འཛུགས་པུའི་པུའུ་ཀྲང་ལའེ་ཅའོ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

    ལའེ་ཅའོ་ཡིས་གསུངས་དོན། རྩ་འཛུགས་སྡེ་ཚན་གྱིས་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ལྗོངས་ཡོངས་ཀྱི་ལས་བྱེད་པ་གྲོང་ཚོར་བཅའ་སྡོད་ལས་དོན་ཚོགས་འདུའི་བཀོད་སྒྲིག་གཞིར་བཟུང“དོན་ཆེན་བཞི”ལ་དམིགས་པ་དང་། “འཛུགས་གཏོད་བཞིར”ཤུགས་སྣོན་རྒྱག་པ། གྲུབ་འབྲས་བརྟན་དུ་གཏོང་བ། གཙོ་གནད་མངོན་གསལ་དོད་པོ། ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། མང་ཚོགས་ཀྱི་སྣེ་ཁྲིད་དེ་ཕྱུག་པོ་ཆགས་པར་བྱེད་པ། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་། མཐའ་མཚམས་ཀྱི་མངའ་ཁོངས་ས་ཆ་སྲུང་སྐྱོང་། “ཁ་ཕྲལ་ལ་ངོ་རྒོལ་གྱི་ལས་འགན་ཁག་ལྔ”དོན་ཐོག་ཏུ་འཁྱོལ་བ་བཅས་འགན་ལེན་བྱེད་དགོས། གྲོང་ཚོར་བཅའ་སྡོད་ལས་དོན་གནད་སྨིན་ཞིབ་ཚགས་ཅན་གྱི་ཆུ་ཚད་མཐོ་རུ་བཏང་ནས་དེ་ཉིད་ཏང་གི་མཛད་ཕྱོགས་སྲིད་ཇུས་ཀྱི་དྲིལ་བསྒྲགས་པ་དང་། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་གི་འཐབ་འཛིང་བ། མེས་རྒྱལ་གཅིག་གྱུར་སྲུང་སྐྱོང་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་པའི་ལག་ལེན་པ། མང་ཚོགས་ཀྱི་སྣེ་ཁྲིད་འབབ་འཕར་ཕྱུག་འགྱུར་ཡོང་བར་བྱེད་པའི“སྣེ་ཁྲིད་པ” མང་ཚོགས་ཀྱི་ཡིད་ཆེས་ཐོབ་པའི་སྙིང་ཉེ་བ་བཅས་སུ་གྱུར་པར་བྱས་ཏེ་ནམ་ཡང་གནས་ཐུབ་པའི་ལས་དོན་རུ་ཁག་གསོ་སྐྱོང་ཧུར་ཐག་བྱེད་དགོས། གྲོང་ཚོར་བཅའ་སྡོད་ལས་དོན་ལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས་རྒྱ་ཆེའི་གྲོང་སྡོད་ལས་བྱེད་པས་སེམས་གནས་ནས་མཉམ་འདྲེས་དང་། ལུས་ཚུགས་ནས་ལས་དོན་སྒྲུབ་པ། ནུས་ཤུགས་བཏོན་ནས་འགག་སྒྲོལ་བཅས་བྱེད་པར་སྐུལ་འདེད་བཏང་ནས་མི་དང་། ལུས། སེམས། བརྩེ་བ་བཅས་གནས་པར་བྱས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་ཆེད་མུ་མཐུད་འབད་འཐབ་ཀྱིས་བྱ་སྤྱོད་དངོས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།