ཉེ་དུས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། སྒྲིག་ཨུད་ཀྱི་ཧྲུའུ་ཅི། ལྟ་ཞིབ་ཨུ་ལྷན་གྱི་ཀྲུའུ་རེན་ཝང་ཝུའེ་ཏུང་གིས་རང་སྐྱོང་ལྗོངས་སྒྲིག་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་གཙོ་སྐྱོང་གནང་ནས《ཡིག་འབུལ་ཞུ་བཅར་ལས་དོན་སྲོལ་ཡིག》དང《དུས་རབས་གསར་པའི་དྲ་ཐོག་ཡིག་འབུལ་ཞུ་བཅར་ལས་དོན་ལ་ཤུགས་སྣོན་རྒྱག་དགོས་པའི་སྐོར་གྱི་བསམ་འཆར》དང་དེ་བཞིན་ཀྲུང་དབྱང་གི་ཡིག་འབུལ་ཞུ་བཅར་ལས་དོན་མཉམ་འབྲེལ་ཚོགས་འདུའི་ཐོག《ཡིག་འབུལ་ཞུ་བཅར་ལས་དོན་སྲོལ་ཡིག》གི་བཞུགས་མོལ་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་ཏེ་ལག་བསྟར་བསམ་འཆར་ལ་ཞིབ་འཇུག་བྱས་པ་རེད།
ཚོགས་འདུའི་ཐོག་ལྗོངས་ཡོངས་ཀྱི་རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་སྲོལ་ཡིག་གི་གཏན་འབེབས་ཁག་གི་ནང་དོན་གཙོ་བོ་དང་ཁྱབ་བྱེད་དང་དོན་སྤྱི་ཕྱོགས་ཡོངས་ནས་གནད་འཁེལ་དང་ཁོང་དུ་ཆུད་པར་བྱས་ཏེ་སྲོལ་ཡིག་ལག་བསྟར་ནན་པོ་བྱེད་དགོས། ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཡིག་འབུལ་ཞུ་བཅར་ཅུས་ལ་བརྟག་ཞིབ་གནང་སྐབས་གནང་བའི་གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ཏེ། ལས་ཀའི་དོན་དངོས་དང་ཟུང་འབྲེལ་གྱིས་སྲོལ་ཡིག་གི་གཏན་འབེབས་རེ་རེ་བཞིན་དང་ཞིབ་བསྡུར་བྱས་ནས་ཡིག་འབུལ་ཞུ་བཅར་ལས་དོན་གྱི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ་སྲོལ་ཡིག་ལག་བསྟར་དོན་འཁྱོལ་ལ་སྐུལ་འདེད་གཏོང་དགོས། བདེ་འཇགས་ཀྱི་འགན་འཁྲིའི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། ཉེན་ཟོན་སྔོན་བརྡ་དང་ཞིབ་འཇུག་བརྡར་གཅོད་ལ་ཤུགས་སྣོན། འཕྲལ་སྡོམ་ཐག་གཅོད་ཀྱི་འཇོན་ཐང་ཆེ་རུ་གཏོང་བ། རང་འགུལ་ངང་དབྱེ་ཞིབ་ཧུར་ཐག ཐེར་འདོན་ཞུ་གཏུག་གནད་དོན་གྱི་ཁུངས་སྣེར་འགྱུར་ཚད་མཐོ་རུ་གཏོང་བ་བཅས་བྱས་ནས་སྒྲིག་བཤེར་ལྟ་ཞིབ་ལས་དོན་ནུས་ལྡན་ངང་སྤེལ་བར་སྐུལ་འདེད་གཏོང་དགོས། མི་དམངས་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་བྱས་ཏེ་ཐོག་མའི་ཡིག་འབུལ་ཞུ་བཅར་ལས་དོན་ཡག་པོ་གཉེར་ནས་མང་ཚོགས་ཀྱི་བློ་ཡིད་ཚིམ་ཚད་མཐོ་རུ་གཏོང་བ་དང་། འབྱུང་རྩ་ནས“རིམ་པ་ལས་བརྒལ་ནས་ཞུ་བཅར་བྱེད་པ”དང“ཡང་བསྐྱར་ཞུ་བཅར”གྱི་གནད་དོན་ཐག་གཅོད་བྱེད་གང་ཐུབ་བྱེད་དགོས་པ་དང་མང་ཚོགས་ཀྱི“འཕྲལ་མཁོ་དང་དཀའ་ངལ་སེམས་ཁྲལ་རེ་སྒུག”བཅས་ཀྱི་གནད་དོན་ཐག་གཅོད་ལ་སྐུལ་འདེད་བཏང་ནས་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་ཏན་ཏིག་བྱེད་དགོས། ཡིག་འབུལ་ཞུ་བཅར་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ན་གཞོན་ལས་བྱེད་པ་དང་གསར་ཞུགས་ལས་བྱེད་པ་ཡིག་འབུལ་ཞུ་བཅར་ལས་གནས་སུ་སྦྱོང་བརྡར་བྱེད་པར་གཏོང་བ། ཡིག་འབུལ་ཞུ་བཅར་ལས་དོན་ཆེད་ལས་ཅན་དང་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བ། ཡིག་འབུལ་ཞུ་བཅར་དང་ཐེར་འདོན་ལས་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས་ཞེས་ནན་བཤད་བྱས་པ་རེད།